ཀོ་རིན་ཐི་ ཆོའེ་ཚོག་ལ་ པ་འུ་ལུའི་ ཆག་འབྲི་ ཏང་པོ་།
པ་འུ་ལུའི་ ཆོག་ནི་ འཇུ་།
1
འི་ ཡི་རྒེ་རྦོ་ ང་ པ་འུ་ལུ་ ཀོན་འཇོག་རྒེ་ ཐུག་འདོད་ ནང་ཞིན་, མ་ཤི་ཀ་ ཡི་ཤུའི་ ཧུ་ཚབ་ལ་ འདམ་མེ་ ཛེད་ཀ་ནེ་ ཆོག་ནི་ འིན་། ཨ་ཧོའེ་ སྤུན་ སོའེ་ཐེ་ནེ་སི་ལ་ འཇུ་ ཞུ་རུག་། 2 ངེ་ འི་ ཡི་རྒེ་རྦོ་, ཀོ་རིན་ཐི་ རྒྱལ་སེ་ ཀོན་འཇོག་རྒེ་ ཆོའེ་ཚོག་རྒུན་ལ་ ཀ་ལེ་ཡོད་། ཀོན་འཇོག་རྒེ་ ཁྱི་ཞ་ ཁོང་ངེ་ མི་ ཏམ་པ་རྒུན་ འགྱུར་ཤེ་ལ་ འབོ་ ཛེད་, ཡང་ མ་ཤི་ཀ་ རྒྱུད་ཏེ་ ཁྱི་ཞ་རྒུན་ སང་མ་ ཅོའོ་ ཛེད་, ཀ་ཟུག་ ཁོང་ངེ་ འཇིག་རྟེན་ ཀང་ལུང་ས་ན་ ཙོབོ་ ཡི་ཤུ་ མ་ཤི་ཀེ་ཀ་ ཏེཏ་པ་ ཅོ་ཀན་ ཚང་མ་ ཉམ་པོ་ ཅོའོ་ ཛེད་ཏེ་ ནོག་། ཁོང་ནི་, ཨ་ཧོ་རྒུན་ འདང་ ཁོང་རྒུ་ནི་ ཙོབོ་ ཞུ་རྡེ་ནོག་། 3 ཀོན་འཇོག་ ཨ་ཧོ་རྒུ་ནི་ ཡབ་ ཏང་ ཙོབོ་ ཡི་ཤུ་ མ་ཤི་ཀེ་ ཐུག་ཞེ་ རྡང་ ཞིའི་རྡེ་ ཁྱི་ཞ་རྒུན་ལ་ སལ་ཤིག་།པ་འུ་ལུའི་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུ་ ཛེད་།
4 ཁྱི་ཞ་རྒུ་ནི་ཕི་ ངེ་ ཏུའི་རྒྱུན་ ང་རང་ངེ་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུའིན་, ཅེ་ཞུ་ནི་ ཁོང་ངེ་ མ་ཤི་ཀེ་ན་ ཁྱི་ཞ་རྒུན་ལ་ ཁོ་རང་ངེ་ ཐུག་ཞེ་ སལ་ལེ་ ཛེད་ཏེ་ ནོག་། 5 མ་ཤི་ཀ་ རྒྱུད་ཏེ་ ཀོན་འཇོག་རྒེ་ ཁྱི་ཞི་ ཆོའེ་ཚོག་རྒུན་ལ་ ཅི་ས་ཐོག་ནི་ ཅིན་ལབ་ སལ་ལེ་ ཛེད་ཏེ་ ནོག་། མིག་ས་ལེ་ ནེ་ཚུལ་ ཟང་པོ་ ཤེད་ཅེ་ རྡང་ ཁོང་ངེ་ ལབ་ཞ་ ཚང་མ་ ཧ་ཀོ་ཅེ་ ནང་ལ་། 6 ཡུ་རྦེ་, ང་ཞ་རྒུ་ནི་ ཁྱི་ཞ་རྒུན་ལ་ མ་ཤི་ཀེ་ ཧོར་ལ་ ཤེད་ཀན་རྒུན་ ཀྲང་པོ་ འིན་ཀན་འབོ་ ལྟན་ནེ་ནོག་། 7 ཏོ་རྦེ་ཕི་ ཨ་ཧོ་རྒུ་ནི་ ཙོབོ་ ཡི་ཤུ་ མ་ཤི་ཀ་ ལོག་ཏེ་ ཕེབ་ཅེ་ཕི་ ཁྱི་ཞ་རྒུན་ རིྃ་རྡེན་ སྲུང་ཟ་ནི་, ཁྱི་ཞ་རྒུ་ནི་ ལག་ལ་ རྒོའེ་ཤེ་ ཡོ་ཀ་ནེ་ སེམ་ཡིད་རྡེ་ ཁྱུད་ ཚང་མ་ ཡོད་ཏེ་ ནོག་། 8 ཨ་ཧོ་རྒུ་ནི་ ཙོབོ་ ཡི་ཤུ་ མ་ཤི་ཀ་ ལོག་ཏེ་ ཕེབ་ཅེ་ ཞག་ལ་, རྐྱོན་མེ་ཀན་ ཐེ་ཅེ་ཕི་ལ་, ཀོན་འཇོག་རྒེ་ ཁྱི་ཞ་རྒུན་ ཤི་ཤི་ཚུག་པ་, ཏེཏ་པེ་ན་ རྟེམ་པོ་ པོ་རེ་ ཛེ་རྡེན་། 9 ཀོན་འཇོག་རྒེ་ ཏོ་ ཅོའོ་ ཛེད་རྡེན་, ཅེ་ཟེར་ནི་ ཁོང་ནི་ ལོ་ཁྱེལ་ཅེན་ཞིག་ ཞུ་རྡེ་ནོག་། ཁོང་ངེ་ ཁྱི་ཞ་རྒུན་ ཨ་ཧོ་རྒུ་ནི་ ཙོབོ་ ཁོ་རང་ངེ་ སྲེ་ ཡི་ཤུ་ མ་ཤི་ཀ་ ཉམ་པོ་ འབྲེལ་ པོར་ཤེ་ལ་, འབོ་ ཛེད་ཏེ་ ནོག་།
ཆོའེ་ཚོག་རྒེ་ན་ ཐུན་འབྲེལ་ མེ་ཀན་།
10 ངེ་ སྤུན་རྒུན་, ཨ་ཧོ་རྒུ་ནི་ ཙོབོ་ ཡི་ཤུ་ མ་ཤི་ཀེ་ ཚན་ནི་ན་ ཁྱི་ཞ་རྒུན་ ཐུན་འབྲེལ་ ཉམ་པོ་ འདེད་ཅེ་, ཆོའེ་ཚོག་རྒེ་ན་ པོ་པུད་ཏེ་ ཚོག་ཆུང་ སོ་སོ་ མེད་ཅེ་ ཡང་ སམ་ཚུལ་ རྡང་ ཐག་ཅེད་རྒུན་ནྃ་ ཅིག་ ཡོང་ཅེ་ལ་ ངེ་ མ་སྲན་ཀྲེ་ ཞུ་ཝ་ པུ་ལེ་ཡོད་། 11 སྤུན་རྒུན་, ངེ་ ཡུ་རྒུན་ ཟེ་འིན་, ཅེ་ཟེར་ནི་ ཁ་ལོའེ་ ཟེར་ཧ་ནེ་ སྲིང་མོ་རྦེ་ ནང་མི་ ཁ་ཅིག་རྒེ་, ཁྱི་ཞ་རྒུ་ནི་ ཕྲོ་ ཁྲུག་པ་ ཡོ་ཀ་ནེ་ ཧོར་ལ་ ཤེད་རྡེ་རག་། 12 ཀ་ཟུག་ “ཁྱི་ཞ་ ཁ་ཅིག་རྒེ་ ང་ པ་འུ་ལུའི་ ལབ་ཞེ་ རྒྱབ་ནི་” ཁ་ཅིག་རྒེ་ “ང་ ཨ་པོ་ལོ་ ལབ་ཞེ་ རྒྱབ་ནི་” ཡང་, “ང་ པི་ཏྲ་རེ་ ལབ་ཞེ་ རྒྱབ་ནི་” ཡང་, “ང་ མ་ཤི་ཀ་ ཅིག་པེ་ རྒྱབ་ནི་ འགྲུལ་ལེ་ཡོད་” ཟེ་རེན་ ནོག་།
13 ཅི་ མ་ཤི་ཀ་ ཚོག་པ་ སོ་སོ་ རིག་རྒེ་ན་ འགོ་ ཛེད་ཏེ་ ནོག་རྒེ་? ཅི་ ང་ པ་འུ་ལུ་ ཁྱི་ཞ་རྒུ་ནི་ཕི་ རྐྱང་ཤིང་ངེ་ཀ་ རྐྱང་ངེ་? ཅི་ ཁྱི་ཞ་རྒུ་ནི་ ཕྲོ་ནི་ སུ་ཞིག་ལ་ པ་འུ་ལུའི་ མིང་ངེ་ན་ ཁྲུའི་ཏང་ངེ་? ནེན་ཏེན་ལ་ མ་ཏང་། 14 ངེ་ ཁྱི་ཞ་རྒུ་ནི་ ཕྲོ་ནི་ སྤུན་ ཀི་རི་པུ་ རྡང་ འགཱ་ཡུ་རྒུན་ མ་ཐེ་ལ་, ཞན་སུ་ཞི་ལ་ ཁྲུའི་ མ་ཏྃ་ཀན་འབེ་ཕི་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུ་ཡོད་། 15 ཅེ་ཟེར་ནི་ ལོབ་ཀྲུག་ འགྱུར་ཤེ་ཕི་ ངེ་ ཁོང་རྒུན་ལ་ ཁྲུའི་ ཏྃ་རྡེ་ འིན་ སུ་ཞིག་ལ་ ཟེར་ མི་ཉེན་། 16 འོ་ནེ་ སྤུན་ རྟེ་ཕན་ནེ་ ནང་མི་རྒུན་ལ་, ངེ་ ཁྲུའི་ ཏྃ་རྦེན་, ཏེ་རྒ་རྦོ་ མ་ནི་ ཞེན་སུ་ཞི་ལ་ ཁྲུའི་ ཏང་ཀན་ ང་ འི་ཏུ་ མེ་རག་། 17 མ་ཤི་ཀེ་ ང་ ཁྲུའི་ ཏང་ཅེ་ལ་ མ་ནོག་, ནེ་ཚུལ་ ཟང་པོ་ ཤེད་ཅེ་ལ་ ལམ་ཅུག་རྒེ་ ཛེད་། མ་ཤི་ཀེ་ རྐྱང་ཤིང་ངེ་ ཤུག་པོ་ མི་རྐྱལ་ཤེ་ཕི་ ངེ་ ནེ་ཚུལ་ ཟང་པོ་ ཤེད་ཟ་ནི་ ཤེ་རབ་ཅེན་ནེ་ སྤེ་ར་ ཀོལ་ལེ་མེད་།
ཀོན་འཇོག་རྒེ་ ཤེ་རབ་།
18 ལྟོང་ཤེ་ཅན་ནེ་ ལམ་མེ་ཀ་ འགྲུལ་ཧན་ མི་རྒུ་ནི་ཕི་ རྐྱང་ཤིང་ངེ་ཀ་ མ་ཤི་ཀ་ རྐྱང་ཀ་ནེ་ ཁྲིན་འབོ་ ཏོན་མེད་ཞིག་ ནོག་། འིན་ན་ ཨ་ཧོ་ རྐྱོབ་རྦེ་ ཛེ་རྡེན་ ཡོ་ཀན་རྒུན་ལ་ ཏེ་རྒ་ ཁྲིན་འབོ་ ཀོན་འཇོག་རྒེ་ ཤུག་ཤེན་ ཝང་འབོ་ ནོག་། 19 ཀ་ཟུག་ ཏམ་པེ་ སུང་རབ་རྦེ་ན་ ཀོན་འཇོག་རྒེ་ མོལ་རྡུག་།
“མི་ ཁེ་སྤེ་ ཤེ་རབ་རྒུན་
ཡང་ ཁོ་རང་ རིག་པ་ཅེན་ འིན་ སམ་ཀན་རྒུ་ནི་
སམ་ཚུལ་རྒུན་ལ་ ཅང་རིན་ མེ་ཀན་འབོ་ ངེ་ ལྟན་ནེན་།”
20 ཏེ་ནི་ ཤེ་རབ་ཅེན་རྒུན་ རྡང་ ཡོན་ཏེན་ཅེན་ ཁེ་སྤ་རྒུན་ ཡང་ སྤེ་ར་ ཤེད་ཀན་ ཁེ་སྤ་རྒུན་ ཀ་རུ་ སོང་? ཀོན་འཇོག་རྒེ་ འི་ འཇིག་རྟེན་པེ་ ཤེ་རབ་རྒུན་ ཏོན་མེད་ འིན་ཀན་འབོ་ ལྟན་ནེ་ ཛེད་ཏེ་ མ་ནོག་རྒེ་? 21 འཇིག་རྟེན་པ་རྒུན་ལ་ ཁོ་རང་ངེ་ ཤེ་རབ་རྒུན་ རྒྱུད་ཏེ་ ཀོན་འཇོག་ ཤེ་ མི་ཉེན་ཅེ་འབོ་ ཁོང་ངེ་ ཐག་ཅེད་རྡེ་ ཛེད་པེ་, ཀོན་འཇོག་རྒེ་ ང་ཞི་ ཏོན་མེད་རྡེ་ ཁྲིན་ ཤེད་ཀན་འབེ་ན་, རྡེན་ཆེ་ཤེ་ ཅོ་ཀན་རྒུན་ རྐྱོབ་རྦེ་ ཛེད་ཅེ་ལ་ ཐབ་ལྡིང་ ཛེད་། 22 ནམ་ཀ་ནི་ ལྟའ་རིག་ ཐོང་འདེ་ མ་ནི་, རྡེན་ཆེ་ཤེ་ མི་ཅོ་ ཟེར་ཧ་ནེ་ ཡ་ཧུ་འདཱ་པ་རྒུ་ནི་ཕི་, ཏེ་ ཁྲིན་འབོ་ ཏོན་མེད་ ནོག་, ཡང་ འཇིག་རྟེན་ནེ་ ཤེ་རབ་ ཙལ་ལེན་ འགྲུལ་ཧ་ནེ་ ཡ་ཧུ་འདཱ་པ་ མན་ཀན་རྒུ་ནི་ཕི་ལ་, ཏོན་མེད་ ནོག་། 23 ང་ཞི་ མ་ཤི་ཀ་ རྐྱང་ཤིང་ངེ་ཀ་ རྐྱང་ཀ་ནེ་ ཧོར་ལ་ ཆོའེ་ཤེད་ཀན་འབོ་ ཡ་ཧུ་འདཱ་པ་རྒུ་ནི་ཕི་ ཏེཏ་པ་ ཅོ་ཅེ་ལ་ རྒག་ཕུག་ཀ་ནེ་ རྡོ་ ཡང་ ཡ་ཧུ་འདཱ་པ་ མན་ཀན་རྒུ་ནི་ འི་རྦོ་ ཏོན་མེད་ ནོག་།
24 འིན་ན་ ཀོན་འཇོག་རྒེ་ ཐར་པ་ ཐོབ་ཅེ་ལ་ འབོ་ ཛེད་ཀ་ནེ་, ཡ་ཧུ་འདཱ་པ་ རྡང་ ཡ་ཧུ་འདཱ་པ་ མན་ཀན་ ཉ་ཧེ་ཕི་, མ་ཤི་ཀེ་ ཁྲིན་འབོ་ནི་, ཀོན་འཇོག་རྒེ་ ཤེ་རབ་ ཏང་ ཤེད་རྒུན་ ནོག་། 25 ཞེན་ ཀོན་འཇོག་རྒེ་ ཐར་པེ་ ཐབ་པོ་ ཏོན་མེད་ ཐེ་ནྃ་, ཏོ་ མི་ ཐབ་ ཆེ་ཤོག་རྒུ་ནི་སང་ མང་ངེ་ ཤེ་རབ་ཅེན་ ཡང་ ཀོན་འཇོག་རྒེ་ འུ་ཐུག་པོ་ལ་ མི་ ཁྱུད་ ཆེ་ཤོག་རྦེ་སང་ མང་ངེ་ ཤེད་ཅེན་ཞིག་ ནོག་།
26 སྤུན་རྒུན་ འི་ཏུ་ ཅོའེ་ཧེ་། ཀོན་འཇོག་རྒེ་ ཁྱི་ཞ་རྒུན་ འབོ་ ཛེད་ཟ་ནི་, ཁྱི་ཞ་ མང་ཆེ་རྦོ་, འཇིག་རྟེན་པེ་ ཐོག་ནི་ ཁེ་སྤ་ ཡང་ ཤུག་ཤེན་ ཡང་ སི་ཝ་ཅེན་ མན་འབེན་། 27 མ་ཚེད་, ཁོ་རང་ ཁེ་སྤ་ རིག་ འིན་ སམ་ཀན་རྒུན་, ཁྲེལ་རྦ་ ཅོ་ཅེ་ཕི་ལ་, ཀོན་འཇོག་རྒེ་ འཇིག་རྟེན་པ་རྒུ་ནི་ ཏོན་མེད་ སམ་ཀ་ནེ་ ཏེ་རྒ་ མི་རྒུན་ འདམ་མེ་ ཛེད་ཏེ་ འིན་འབེན་། ཡང་ ཁོང་ངེ་ ཝང་ཅེན་རྒུན་ལ་ ཁྲེལ་རྦ་ ཅོའོ་ ཛེད་ཅེ་ཕི་ ཤེད་མེད་ ཡོ་ཀན་ ཏེ་རྒ་ མི་རྒུན་ འདམ་མེ་ ཛེད་ཏེ་ འིན་འབེན་། 28 འཇིག་རྟེན་པ་རྒུ་ནི་ ཁག་ཅེན་ ནོག་ སམ་ཀན་རྒུན་ མེ་ཀན་ ཅོའོ་ ཛེད་ཅེ་ལ་ ཁོང་ངེ་ འཇིག་རྟེན་པེ་ ཐོག་ནི་ རིན་མེད་, སི་ཝ་ མེ་ཀན་ འདང་ ཁག་ཅེན་ མན་ཀན་ ཐེ་ཀ་ནེ་ མི་རྒུན་, འདམ་མེ་ ཛེད་ཏེ་ འིན་འབེན་། 29 ཏོ་རྦེ་ ཅོའེ་རྡེ་ ཀོན་འཇོག་རྒེ་ ཧུ་འདུན་ལ་ ཕོ་སོ་ སུ་ཞིག་ལ་ ཅོ་ མི་ཉེན་།
30 ཁྱི་ཞ་རྒུ་ནི་ མ་ཤི་ཀ་ ཡི་ཤུ་ ཉམ་པོ་ ཐུན་འབྲེལ་རྦོ་ ཀོན་འཇོག་རྒེ་ ཅོའེ་རྡེ་ འིན་, མ་ཤི་ཀ་རྦོ་ ཨ་ཧོའེ་ཕི་ ཤེ་རབ་, ཀྲང་པོ་, སང་མ་ རྡང་ རིན་ཤལ་ཧེན་འབོ་ འགྱུར་རེ་ ཛེད་། 31 ཀ་ཟུག་རྒེ་ ཏམ་པེ་ སུང་རབ་རྦེ་ན་ མོལ་རྡེ་ འདུག་།
“ཀལ་ཏེ་ ཁྱི་ཞ་རྒུན་ ཕོ་སོ་ ཅོ་ཉིན་ ཡོད་ནི་
ཏེ་ནི་ ཙོབོ་ ཀོན་འཇོག་ ཅིག་པེ་ཀ་ ཕོ་སོ་ ཚོར་ཧེ་།”