ཡི་ཤུ་ སེད་ཅེ་ ཀཱ་ ཏང་།
19
ཏེ་ནི་ ཀ་ལོན་ པི་ལ་ཏུ་ ཡི་ཤུ་ རྟལ་ལྕག་ རྒྱབ་ཅེ་ ཀཱ་ ཏྃ་། 2 མག་མི་རྒུ་ནི་ ཚེར་མེ་ ཐོར་ཤོག་ ལེ་རྡེ་ ཁོང་ངེ་ ཨུ་ལ་ ཧོན་ ཡང་ རྒྱ་སྤེ་ ནམ་ཟ་ མར་སྤོ་ ཙོག་སེ་ ཁོང་ལ་ ཧོན་། 3 ཁོང་རྒུན་ ལེན་ མང་པོ་ ཁོང་ངེ་ འདུན་ལ་ ཡོང་ངེན་, “ཡ་ཧུ་འདཱ་པེ་ རྒྱ་སྤོ་ལ་ ཧུ་ཚེ་རྟེན་ཅིག་།” ཟེ་རེན་ ཁྲེལ་རྒོད་ ཏང་རྡེ་, ཁོང་ལ་ འགྲམ་ལྕག་ ཏྃ་།
4 པི་ལ་ཏུ་ ཡང་ ལན་ཅིག་ ཕི་ལོག་ལ་ ཡོྃ་རྡེ་ ཡ་ཧུ་འདཱ་པ་རྒུན་ལ་ ཟེར་, “ལྟོའེ་རྡང་ ང་ ཁོའེ་ཀ་ ཉེད་ཀལ་ཅེ་ རྒྱུ་ཚན་ཞིག་ མ་ཐོབ་ཀན་འབོ་ ཁྱི་ཞ་རྒུན་ལ་ ཧ་ཀོ་ཅུག་ཅེ་ཕི་ ངེ་ ཁོ་ ཕི་ལོག་ལ་ ཁྱི་ཞི་ འདུན་ལ་ ཁྱོང་ངེ་ཡོད་།” 5 ཏེ་ནི་ ཡི་ཤུ་ ཚེར་མེ་ ཐོར་ཤོག་ ཏང་ ནམ་ཟ་ མར་སྤོ་ ནམ་འདེ་ ཕི་ལོག་ལ་ རྐྱོད་རྡེ་རྡང་, པི་ལ་ཏུ་ ཡ་ཧུ་འདཱ་པ་རྒུན་ལ་ ཟེར་, “ཏེ་རྒ་ མི་འབོ་ལ་ ལྟོའེ་།”
6 ལ་མ་ འུ་རྐྱོང་རྒུན་ འདང་ ཁོང་ སྲུང་ཀན་རྒུ་ནི་ ཡི་ཤུ་ ཐོང་ངེ་རྡང་ ཀུ་ཅུ་ ཏང་ངེན་, “ཁོ་ རྐྱང་ཤིང་ལ་ རྐྱོང་, རྐྱང་ཤིང་ལ་ རྐྱོང་” ཟེར་། ཏོ་ ཚོར་རེ་རྡང་ པི་ལ་ཏུ་ ཁོང་རྒུན་ལ་ ཟེར་, “ང་ ཁོ་ རྐྱང་ཤིང་ལ་ རྐྱང་ཅེ་ ཅང་ རྒྱུ་ཚན་ཞིག་ མ་ཐོབ་ ཁྱི་ཞ་རང་ངེ་ ཁྱེར་རྡེ་ ཁོ་ རྐྱང་ཤིང་ལ་ རྐྱོང་ཧེ་།”
7 ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུ་ནི་ ལེན་ཏྃ་རྡེ་, “ང་ཞ་རྒུན་ལ་ ཀཱ་ཁྲིམ་ཞིག་ ཡོད་, ཏེ་ ནང་ཞིན་ལ་ ཁོ་ ཤི་རྒོའེ་ ཅེ་ཟེར་ནི་ ཁོའེ་ ཁོ་རང་ ཀོན་འཇོག་རྒེ་ སྲེ་ འིན་ ཟེར་རྡུག་” ཟེར་།
8 ཏོ་ ཚོར་རེ་རྡང་ པི་ལ་ཏུ་ ངུ་ལེ་སང་ མང་ངེ་ འཇིའི་། 9 ལོག་ཏེ་ ཁར་རེ་ན་ སོང་ ཡང་ ཁོའེ་ ཡི་ཤུ་ ཟེར་, “ཁྱེ་རང་ ཀ་ནི་ འིན་?” འིན་ན་ ཡི་ཤུའི་ ཁོ་ ཅང་ ལེན་ མ་སལ་། 10 “ཅི་ ཁྱེ་རང་ངེ་ ང་ ལེན་ཏྃ་ངེ་ མེད་རྡེ་? ང་ ཁྱེ་རང་ པུད་ཏང་ཅེ་ ཡང་ རྐྱང་ཤིང་ལ་ རྐྱང་ཅེ་ ཝང་ ཡོ་ཀན་འབོ་ ཁྱེ་རང་ལ་ རྒྱུའི་མེད་རྡེ་?”
11 ཡི་ཤུའི་ ཁོ་ ལེན་སལ་, “ཀོན་འཇོག་རྒེ་ མ་སལ་རྦེན་ནི་ ཁྱེ་རང་ལ་ ངེ་ཀ་ འི་ ཝང་འབོ་ མ་ནི་ མེད་ཁྲོ་, འིན་ན་ ང་ ཁྱེ་རང་ངེ་ ལག་ལ་ ལྟེད་ཀན་འབོ་ལ་ ཁྱེ་རང་ངེ་སང་ ཆེ་ རྡིག་པེ་ རྐྱོན་ ཕོག་ཏེ་ ནོག་” མོལ་།
12 ཏེ་ ལྟིང་ནི་ པི་ལ་ཏུ་ ཡི་ཤུ་ པུད་ཅེ་ ཙོན་འགྲུའི་ ཅོའེ་, འིན་ན་ ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུ་ནི་ ཀུ་ཅུ་ ཏང་ངེན་ ཟེར་, “ཀལ་ཏེ་ ཉེ་རང་ངེ་ འི་ མིའུ་ པུད་ནི་, ཉེ་རང་ རོམ་མེ་ རྒྱ་སྤེ་ ཡ་ཏོ་ མག་། ཁོ་རང་ རྒྱ་སྤོ་ འིན་ ཟེར་ཧན་རྒུན་ རོམ་མེ་ རྒྱ་སྤེ་ འགྲ་ཝོ་ ནོག་།”
13 ཏོ་ ཚོར་རེ་རྡང་ པི་ལ་ཏུ་ མག་མི་རྒུན་ལ་ ཀཱ་ ཏྃ་རྡེ་, ཡི་ཤུ་ ཕི་ལོག་ལ་ ཁྱོྃ་ ཡང་ ཀ་ལོན་ ཁོ་རང་ ཁྲིམ་སྤོན་ནེ་ ཁྲིའི་ཀ་ འདེད་། ཏེ་ མལ་རྦོ་ལ་ རྡོ་ལམ་ ཟེར་རེ་ཡོད་པེན་། ཀ་འབོ་ལ་ ཨིབ་རི་པེ་ ཧད་རྡེ་ན་ འགཱ་འབཱ་ཐཱ་ ཟེ་རེ་ནོག་། 14 ཏེ་ཏུའི་རྦོ་ པེ་སག་རྒེ་ ཀྲལ་འགྲིག་ ཅོ་ཅེ་ ཞག་ལ་ ཉི་མེ་ཀུང་ འིན་འབེན་, པི་ལ་ཏུ་ ཡ་ཧུ་འདཱ་པ་རྒུན་ལ་ ཟེར་, “ལྟོའེ་རྡང་, ཁྱི་ཞི་ རྒྱ་སྤོ་།”
15 འིན་ན་ ཁོང་རྒུ་ནི་ ཀུ་ཅུ་ ཏང་ངེན་ ཟེར་, “ཁོ་ ཁྱེར་, ཁྱེར་རྡེ་ ཁོ་ རྐྱང་ཤིང་ལ་ རྐྱོང་།”
པི་ལ་ཏུ་ ཁོང་རྒུན་ལ་ ཟེར་, “ཁྱི་ཞ་རང་ངེ་ རྒྱ་སྤོ་ རྐྱང་ཤིང་ལ་ རྐྱང་ངེ་?”
ལ་མ་ འུ་རྐྱོང་རྒུ་ནི་ ཟེར་, “ང་ཞ་ རོམ་མེ་ རྒྱ་སྤོ་ མ་ནི་ ཞེན་ རྒྱ་སྤོ་ སུ་ལ་ མེད་།”
16 ཏེ་ནི་ པི་ལ་ཏུ་ ཁོང་རྒུ་ནི་ འདོད་པ་ ནང་ཞིན་ ཡི་ཤུ་ རྐྱང་ཤིང་ཀ་ རྐྱང་ཅེ་ལ་ མག་མི་རྒུན་ལ་ ལྟེད་།
ཡི་ཤུ་ རྐྱང་ཤིང་ལ་ རྐྱང་།
མག་མི་རྒུ་ནི་ ཁོང་ ཁྲིད་ཏེ་ རྐྱང་ཤིང་ཀ་ རྐྱང་ངེ་ ཁྱེར་། 17 ཡི་ཤུའི་ ཁོ་རང་ངེ་ རྐྱང་ཤིང་ ནམ་འདེ་ ཡེ་རུ་ཤ་ལེམ་ནི་ ཕི་ལོག་ལ་ འགོའེ་ རུའི་སྤ་ ཟེར་ཧ་ནེ་ མལ་ལེ་ཀ་ རྐྱོད་, ཀ་འབོ་ལ་ ཨིབ་རི་པེ་ ཧད་རྡེ་ན་ འགོལ་འགོ་ཐཱ་ ཟེར་རེ་ནོག་། 18 ཏུ་རུ་ ཁོང་རྒུ་ནི་ ཡི་ཤུ་ རྐྱང་ཤིང་ལ་ རྐྱང་། ཁོང་ ཉམ་པོ་ ཞེན་ ཉི་རྡང་, ལྡ་ལྡོ་ ཉ་ཧ་ལ་ རེ་རེ་ ཡང་ ཡེ་ཤུ་ ཞུང་ལ་ རྐྱང་། 19 པི་ལ་ཏུ་ མག་མི་རྒུན་ལ་ “ཡི་ཤུ་ ན་ཙ་རེད་པ་ ཡ་ཧུ་འདཱ་པེ་ རྒྱ་སྤོ་” འབྲི་ཧན་ནེ་ ལག་ཤིང་ཞིག་ ཡི་ཤུའི་ ལྟག་ལ་ རྐྱང་ཤིང་ངེ་ཀ་ ཏག་ཅེ་ལ་ ཀཱ་ ཏྃ་། 20 ཡི་ཤུ་ རྐྱང་ཤིང་ལ་ རྐྱང་ཀ་ནེ་ མལ་འབོ་ རྒྱལ་ས་ནི་ ཉེ་མོ་ལ་ ཡོད་པེ་ ཡ་ཧུ་འདཱ་པ་ མང་པེ་ ཏེ་ འབྲི་ཀན་འབོ་ སིལ་། ཏོ་ ཨིབ་རི་པ་, ལེ་ཀྲིན་ རྡང་ འགི་རིག་རྒེ་ ཧད་ སུམ་ཀེ་ན་ འབྲི་རྡེ་ ཡོད་པེན་།
21 ཏེ་ནི་ ཡ་ཧུ་འདཱ་པེ་ ལ་མ་ འུ་རྐྱོང་རྒུ་ནི་ པི་ལ་ཏུ་ འབྲི་ཧན་འབོ་ལ་ རྒྱཔ་འགལ་ ཅོའེ་རྡེ་, “ཡ་ཧུ་འདཱ་པེ་ རྒྱ་སྤོ་ མ་འབྲི་ ཁོ་རང་ངེ་ ‘ང་ ཡ་ཧུ་འདཱ་པེ་ རྒྱ་སྤོ་ འིན་ ཟེར་རྡེ་ཡོད་པེན་’ འབྲི་ ཛེད་” ཟེར་རྡེ་ ཞུ་ཝ་ པུལ་།
22 པི་ལ་ཏུ་ ལེན་ཏྃ་, “ངེ་ ཅི་ཞིག་ འབྲི་རྡེ་ ཡོད་ན་ འབྲི་ཚར་, རྒྱུར་རེ་ མེད་།”
23 མག་མི་རྒུ་ནི་ ཡི་ཤུ་ རྐྱང་ཤིང་ལ་ རྐྱང་ ཚར་རེ་རྡང་, ཚང་མ་ལ་ ཐོབ་ཅེ་ཕི་, ཁོང་ངེ་ ནམ་ཟ་འབོ་ལ་ པོ་ཞི་ པུད་། འིན་ན་ ཁོང་ངེ་ ཁ་ཏོཏ་རྡེ་ ནམ་ཟེ་ ཚེམ་པོ་ མ་ནི་ མེ་ཀན་ འགོ་ནི་ འཇུག་ཚུག་པ་ ལེ་རྡེ་ ཡོད་ཅེ་ཀ་ནི་ 24 ཁོ་རང་ ཅིག་ ཏང་ ཅིག་ལ་ ཟེར་, “ཡུ་ལ་ པོ་ མི་པུད་, རྒྱེན་ ཏྃ་རྡེ་ སུ་ ཐོབ་ཏུག་ ལྟོའེན་།” ཏོ་ ཏམ་པེ་ སུང་རབ་རྦེ་ན་ མོལ་ཧན་ ནང་ཞིན་ འདྲན་འདྲ་ ཀྲུཔ་ཅེ་ཕི་ སོང་,
“ཁོང་རྒུ་ནི་ ངེ་ ཀོའེ་ལག་རྒུན་ རྒོའེ་རྡེ་
ངེ་ ཀོའེ་ལ་པོ་ལ་ རྒྱེན་ ཏྃ་།”
25 ཡི་ཤུའི་ རྐྱང་ཤིང་ངེ་ འདུན་ལ་ ཁོང་ངེ་ ཨ་མ་, ཨ་མེ་ ནོ་མོ་, ཀོ་ལོ་པེ་ ན་མ་ མར་ཡམ་ འདང་ མ་ཧ་འདལ་ལེན་མ་ མར་ཡམ་རྒུན་ ལྃ་རྡེ་ ཡོད་པེན་། 26 ཡི་ཤུའི་ ཁོང་ངེ་ ཨ་མ་ རྡང་ ཁོང་ངེ་ ཤེ་སྤ་ ཅོའོ་ ཛེད་ཀ་ནེ་ ལོབ་ཀྲུག་པོ་ འདུན་ལ་ ལྃ་རྡེ་ ཟི་རྦེ་, ཁོང་ངེ་ ཨ་མ་ལ་ མོལ་, “ཤེ་སྤ་ པོ་མོ་, ཏི་ནི་ཕ་ལ་ ཁོ་ ཁྱེ་རང་ངེ་ པུ་ཙ་ འིན་” 27 ཡང་ ལོབ་ཀྲུག་པོ་ལ་, “ཏི་ནི་ཕ་ལ་ ཁོ་ ཁྱེ་རང་ངེ་ ཨ་མ་ འིན་” མོལ་། ཏེ་རྒ་ ཞག་ནི་ཕ་ལ་ ལོབ་ཀྲུག་པེ་ ཡི་ཤུའི་ ཨ་མ་ ཁོ་རང་ངེ་ ཁང་པ་ ཁྱེར་།
ཡི་ཤུ་ ཀྲོྃ་།
28 ཡི་ཤུའི་ ཁོང་ངེ་ ལེ་ཧ་ ཅོ་ཅེ་ ཚང་མ་ ཀྲུཔ་ཏེ་ འིན་ཀན་འབོ་ ཁྱེན་འདེ་ ཏམ་པེ་ སུང་རབ་རྦེ་ན་ མོལ་ཧན་འབོ་ ཀྲུཔ་ཅེ་ལ་ ཁོང་ངེ་, “ང་ ཧོམ་མེ་རག་” མོལ་། 29 ཏུ་རུ་ ནོད་ཅིག་རྒེ་ན་ རྒུན་འགྲུམ་མེ་ ཁོའེ་ རྐྱུར་མོ་ ཡོད་པེ་, ཁོང་རྒུ་ནི་ རེ་རྦལ་ ཏེ་ན་ ཅུག་ཏེ་ ཧི་སོབ་རྦེ་ ཡ་ལག་ཞིག་ལ་ འགོ་ ཧོན་འདེ་ ཡི་ཤུའི་ ཞལ་ལེ་ཀ་ པུལ་། 30 ཡི་ཤུའི་ ཏོ་ ནམ་ ཚར་རེ་རྡང་, “ཏ་ ཀྲུཔ་” མོལ་ ཡང་ ཨུ་ རྒུ་ ཛེད་ཏེ་ ཁོ་རང་ངེ་ སེམ་ཡིད་པོ་ ཀོན་འཇོག་ལ་ ལྟེད་རྡེ་ ཛེད་།
31 ཏེ་ ཞག་པོ་ ངལ་ཚོའེ་ ཞག་རྒེ་ཕི་ ཀྲལ་འགྲིག་ ཅོ་ཅེ་ ཡང་ ཐོ་རེ་ཚུག་པ་ མིག་སལ་ལེ་ ངལ་ཚོའེ་ ཞག་ འིན་འབེན་། ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུ་ནི་ ངལ་ཚོའེ་ ཞག་ལ་ ཟུྃ་སྤོ་ རྐྱང་ཤིང་ངེ་ཀ་ པོར་ཤེ་རྦེ་ མ་ཐེད་པེ་, ཁོང་རྒུན་ པི་ལ་ཏུ་ཀ་ སོང་འདེ་ འགྱོ་སྤ་ ཤི་ཅེ་ཕི་ ཏེ་ མི་རྒུ་ནི་ ཧང་པ་ ཅག་ཅེ་ རྡང་ ཟུྃ་སྤོ་རྒུན་ པབ་ཏེ་ ཁྱེར་ཤེ་ལ་ ཀཱ་ སལ་ ཟེར་རྡེ་ ཞུ་ཝ་ པུལ་། 32 ཏེ་རྒ་རྦེ་ཕི་ལ་ མག་མི་རྒུན་ ཡོྃ་རྡེ་ ཡི་ཤུ་ ཉམ་པོ་ རྐྱང་ཤིང་ཀ་ རྐྱང་འདེ་ ཡོ་ཀན་ ཉ་ཧེ་ ཧང་པ་ ཅག་། 33 འིན་ན་ ཡི་ཤུའི་ འདུན་ལ་ ལེབ་རྦེ་རྡང་, ཁོང་ ཀྲོྃ་ ཚར་རྡེ་ ཐོང་འབེ་, ཁོང་ངེ་ ཞབ་ མ་ཅག་། 34 ཏེ་ མག་མི་ ཕྲོ་ནི་ ཅིག་རྒེ་ ཁོ་རང་ངེ་ འདུང་འབོ་ ཡི་ཤུའི་ སིབ་མེ་ པར་ལ་ ཙུག་རྒེ་རྡང་, ཁྲག་ ཏང་ ཆུ་ འབིང་། 35 མིག་ནི་ ངོའེ་མ་ ཡུ་རྒུན་ ཐོང་ཀ་ནེ་ མི་རྦེ་ སྤང་པོ་ ཏང་ངེ་ཡོད་ ཡང་ ཁོའེ་ སྤང་པོ་ རྡེན་འབའ་ འིན་། ཁོའེ་ ཀྲང་པོ་ ཟེར་ཧན་འབོ་ ཁོའེ་ ཤེ་རྡེ་ནོག་, ཡང་ ཁྱི་ཞ་རྒུ་ནི་ལ་ ཏེཏ་པ་ ཅོ་ཅེ་ཕི་ ཁོའེ་ སྤང་པོ་ ཏང་ངེ་ འིན་། 36 ཏམ་པེ་ སུང་རབ་རྦེ་ན་ “ཁོང་ངེ་ རུའི་སྤ་ ཅིག་རྒང་ མི་ཅག་” འབྲི་རྡེ་ ཡོ་ཀན་ ཚང་མ་ འདྲན་འདྲ་ ཀྲུཔ་ཅེ་ཕི་ འི་ ཚང་མ་ སོང་འདེ་ ནོག་། 37 ཏམ་པེ་ སུང་རབ་རྦེ་ ཡང་ མལ་ཞིག་རྒེ་ན་ མོལ་རྡེ་ འདུག་, “ཁོང་རྒུ་ནི་ ཁོ་རང་ངེ་ འདུང་ ཙུག་ཀན་འབོ་ལ་ ལྟོའེན་།”
ཡི་ཤུའི་ སྤུར་ སྤུར་ཧང་ངེ་ན་ པོར་རེ་ ཛད་།
38 ལྟིང་ནི་ ཨ་རི་མ་ཐཱ་པ་, ཡོ་སེབ་ པི་ལ་ཏུ་ཀ་ སོང་འདེ་ ཡི་ཤུའི་ སྤུར་ ཁྱེར་ཤེ་ལ་ རྒོང་སྤ་ སལ་ ཟེར་། ཡ་ཧུ་འདཱ་པ་ འུ་རྐྱོང་རྒུན་ལ་ འཇིའི་ ཤེ་ཀ་ནི་, ངོན་མ་ཅུག་ལ་ ཡོ་སེབ་ ཡི་ཤུའི་ ལོབ་ཀྲུག་ ཅིག་ འིན་འབེན་། ཁོའེ་ པི་ལ་ཏུ་ཀ་ནི་ རྒོང་སྤ་ ནེན་འདེ་ ཡི་ཤུའི་ སྤུར་རྦོ་ སྤབ་ཏེ་ ཁྱེར་། 39 ངུལ་ལ་ ཚེན་ཞིག་ལ་ ཡི་ཤུ་ འཇལ་ལེ་ ཡོང་ཀ་ནེ་ ནི་ཀོ་འདེ་མུ་ ཁོ་ ཉམ་པོ་ ཡོྃ་། ཁོའེ་ མིར་ ཏང་ འེལ་ཝེ་ ཅོ་ཀ་ནེ་ ཏྲི་ཞིམ་ཅེན་ནེ་ རིན་ཅེན་ ཧ་ལམ་ ཀྱེ་ལོ་ སུམ་ཅུ་སོབ་ཞི་ ཁྱོང་། 40 ཡ་ཧུ་འདཱ་པེ་ སྤུར་ ཧུང་ཅེ་ ལུག་སྲོལ་ ནང་ཞིན་, ཁོང་ ཉ་ཧེ་ ཡི་ཤུའི་ སྤུར་རྦོ་ ཁྱེར་རྡེ་, ཏྲི་ཞིམ་རྒུན་ ཧུའི་རྡེ་ རེ་ རིན་ཅེན་ཞིག་རྒེ་ན་ སྲིལ་། 41 ཡི་ཤུ་ རྐྱང་ཤིང་ངེ་ཀ་ རྐྱང་ཀ་ནེ་ མལ་ལེ་ འདུན་ལ་ ལྡུམ་ར་ཞིག་ ཡོད་པེན་, ཏེ་ ལྡུམ་ར་རྦེ་ན་ ངུལ་ལ་ སྤུར་ མ་ནི་ མ་པོར་ཧན་ནེ་ སྤུར་ཧང་ སོ་མ་ཞིག་ ཡོད་པེན་། 42 སྤུར་ཧང་འབོ་ ཉེ་མོ་ལ་ ཡོད་ཅེ་ ཡང་ ཏེ་ ཞག་པོ་ ཡ་ཧུ་འདཱ་པེ་ མིག་སལ་ལེ་ ངལ་ཚོའེ་ ཀྲལ་འགྲིག་རྒེ་ ཞག་ འིན་ཅེ་ཀ་ནི་, ཁོང་རྒུ་ནི་ ཡི་ཤུའི་ སྤུར་ ཏེ་རྒ་ སྤུར་ཧང་ངེ་ན་ པོར་།