ཡི་ཤུ་ རྡང་ ས་མ་རི་ཡཱ་པེ་ པོ་མོ་།
4
ཡི་ཤུའི་ ཁྲུའི་ས་ལེན་ ཡོ་ཧཱ་ནན་ནེ་སང་ མང་ངེ་ ལོབ་ཀྲུག་ འགྱུར་ ཁྲུའི་སལ་རྡུག་ ཟེར་རྡེ་ པ་རུ་ཤི་པ་རྒུན་ལ་ ཚོར་། 2 ངོའེ་མའོ་ ཡི་ཤུ་ མ་ནོག་ ཁོང་ངེ་ ལོབ་ཀྲུག་རྒུ་ནི་ ཁྲུའི་སལ་ལེ་ཡོད་པེན་། 3 ཏོ་ ཡི་ཤུ་ ཐུག་རྒྱུའི་ རྐྱོད་རྡེ་རྡང་ ཁོང་ ཡ་ཧུ་འདཱེ་ ཡུལ་ཞོང་ནི་ འབིང་འདེ་ འགཱ་ལིལ་ལེ་ ཡུལ་ཞོང་ལ་ ལོག་ཏེ་ རྐྱོད་།
4 ཡི་ཤུ་ ས་མར་རི་ཡཱེ་ ཡུལ་ཞོང་ རྒྱུད་ཏེ་ རྐྱོད་རྒོའེ་རྦེ་ 5 ཁོང་ ས་མ་རི་ཡཱ་ ཡུལ་ཞོང་ངེ་ སི་ཀར་ ཀྲོང་ཁྱེར་, ཏུའི་ མང་པེ་ ངུལ་ལ་ ཡ་ཀུབ་རྦེ་ རང་ངེ་ པུ་ཙ་ ཡོ་སེབ་ལ་ ཏང་ཀ་ནེ་ ས་ཀྱེད་རྡེ་ ཉེ་མོ་ལ་ ལེཔ་། 6 ཏེ་ཀ་ ཡ་ཀུབ་རྦེ་ ཆུ་རྡོང་ཞིག་ ཡོད་པེན་, ཡི་ཤུ་ ཐག་རིང་ནི་ ཞཔ་འགྲུལ་ལ་ རྐྱོད་འབེ་ ཐུག་ངལ་རྡེ་ ཏེ་ ཆུ་རྡོང་ངེ་ འདུན་ལ་ ཞུའུ་, ཏོ་ ཉི་མེ་ཀུང་ ཙམ་ཞིག་རྒ་ འིན་འབེན་། 7 ས་མ་རི་ཡཱ་མེ་ པོ་མོ་ཞིག་ ཆུ་ ནེ་ལ་ ཡོྃ་, ཡང་ ཡི་ཤུའི་ ཏེ་ པོ་མོ་ལ་ མོལ་, “ང་ ཐུང་ཅེ་ཕི་ ཆུ་ ཙེ་རྦིག་ཤི་ སལ་།” 8 ཅེ་ཞུ་ནི་ ཁོང་ངེ་ ལོབ་ཀྲུག་རྒུན་ ཁར་ཞི་ ཉོ་ལ་ ཁྲོམ་ལ་ སོང་འདེ་ མེད་པེན་།
9 ས་མ་རི་ཡཱ་པེ་ པོ་མོ་རྦེ་ ཡི་ཤུ་ ཟེར་, “ཉེ་རང་ ཡ་ཧུ་འདཱ་པ་ ཡང་ ང་ ས་མ་རི་ཡཱ་མ་ཞིག་, ཀ་ཟུག་རྒེ་ ཉེ་རང་ངེ་ ང་ ཐུང་ཅེ་ལ་ ཆུ་ ཏོང་ མོལ་རྡེ་ འིན་” ཅེ་ཟེར་ནི་ ཡ་ཧུ་འདཱ་པ་རྒུ་ནི་ ས་མ་རི་ཡཱ་པ་རྒུན་ ཉམ་པོ་ འབྲེལ་ པོ་རེ་ མག་།
10 ཡི་ཤུའི་ ཏེ་ པོ་མོ་ལ་ མོལ་, “ཀལ་ཏེ་ ཁྱེ་རང་ངེ་ ཀོན་འཇོག་རྒེ་ ལྟའ་རྦོ་ རྡང་ ཁྱེ་རང་ལ་ ཆུ་ ཏོང་ ཟེར་ཧན་འབོ་ སུ་ འིན་ཀན་འབོ་ ཤེ་རྦེན་ནི་ ཁྱེ་རང་ངེ་ ང་ ཏོང་ ཟེར་རྡེ་ ཡོད་ཁྲོ་, ཡང་ ངེ་ ཁྱེ་རང་ལ་ མི་ཙེ་ ཏང་ཀ་ནེ་ ཆུ་ ཏྃ་རྡེ་ ཡོད་ཁྲོ་།”
11 པོ་མོ་རྦེ་ ཟེར་, “སྤོན་འབོ་ལེ་ ཉེ་རང་ངེ་ ལག་ལ་ ཆུ་ ཅུ་ཅེ་ལ་ ནོད་ ཅང་ མི་འདུག་, ཡང་ འི་ ཆུ་རྡོང་འབོ་ མ་ རྒོ་རོང་ ཡོད་པེ་ ཉེ་རང་ལ་ མི་ཙེ་ ཏང་ཀ་ནེ་ ཆུ་ ཀ་ནི་ ཐོབ་རྦེན་? 12 ཅི་ ཉེ་རང་ ང་ཞ་རྒུན་ལ་ འི་ ཆུ་རྡོང་ སལ་ཧན་ ང་ཞི་ ཕ་མེ་པེ་ ཡ་ཀུབ་རྦེ་སང་ ཆེ་ འིན་ནེ་? ཁོང་ འདང་ ཁོང་ངེ་ ཕྲུ་རྒུ་རྒུན་ འདང་ ཁོང་ངེ་ སེམ་ཅེན་རྒུ་ནི་ འེ་རྒ་ ཆུ་རྡོང་འབེ་ ཆུ་ ཐུྃ་རྡེ་ འིན་འབེན་།”
13 ཡི་ཤུའི་ ལེན་སལ་, “འི་ ཆུ་རྡོང་ནི་ ཆུ་ ཐུང་ཀན་རྒུན་ ཡང་ ཧོམ་མེན་, 14 འིན་ན་ ངེ་ ཏྃ་ཧ་ནེ་ ཆུ་ ཐུང་ཀན་རྒུན་ ཡང་ མ་ནི་ མི་ཧོམ་། ངེ་ ཏྃ་ཧ་ནེ་ ཆུ་ ཁོང་རྒུ་ནི་ན་ ཐ་མེད་པེ་ མི་ཙེ་ ཏང་ཧན་ནེ་ ཆུ་མིག་ལ་ འགྱུ་རེན་།”
15 པོ་མོ་རྦེ་ ཟེར་, “ཙོབོ་ ཡང་ མ་ནི་ མི་ཧོམ་ཅེ་ རྡང་ འེ་ཀ་ ཆུ་ ནེན་ནེ་ལ་ ཡོང་ མི་རྒོའེ་ཤེ་ཕི་ འཇུ་འཇུ་ ཏེ་ ཆུ་ ང་ སལ་ལེ་ ཛེད་།”
16 ཡི་ཤུའི་ པོ་མོ་ལ་, “སོང་འདེ་ རང་ངེ་ མག་པ་ འེ་ཀ་ ཁྲིད་ཏེ་ ཁྱོང་” མོལ་།
17 པོ་མེ་ ལེན་ཏྃ་, “ང་ མག་པ་ མེད་།”
ཡི་ཤུའི་ ཁོ་ མོལ་, “ཁྱེ་རང་ངེ་ ང་ མག་པ་ མེད་ ཟེར་ཧན་འབོ་ ཀྲང་པོ་ ནོག་། 18 རྡེན་འབའ་འབོ་ ཁྱེ་རང་ལ་ མག་པ་ ལྔ་ ཡོད་པེན་, ཏ་ས་ ཁྱེ་རང་ ཉམ་པོ་ ཡོ་ཀན་འབོ་ ཁྱེ་རང་ངེ་ མག་པ་ མན་། ཁྱེ་རང་ངེ་ ཟེར་ཧན་འབོ་ རྡེན་འབའ་ འིན་།”
19 པོ་མེ་ ཟེར་, “ཙོབོ་ ཉེ་རང་ ལུང་རྟོན་པ་ཞིག་ འིན་ཅེ་ འདུག་། 20 ང་ཞི་ ཕ་མེ་པོ་རྒུ་ནི་ འི་ རི་རྒ་ ཀོན་འཇོག་ལ་ ཅོལ་རྡེ་ཡོད་པེན་ འིན་ན་ ཁྱི་ཞ་ ཡ་ཧུ་འདཱ་པ་རྒུ་ནི་ ཀོན་འཇོག་ལ་ ཡེ་རུ་ཤ་ལེམ་མེ་ན་ ཅོལ་རྒོའེ་ ཅེ་ ཟེ་རེ་ནོག་?”
21 ཡི་ཤུའི་ མོལ་, “པོ་མོ་ ངེ་ ཟེར་ཤེ་ཅེན་འབོ་ལ་ རྡེན་ཆེ་, ཏུའི་རྦོ་ ཉེ་མོ་ ཡོད་, ནམ་ ཁྱི་ཞ་རྒུ་ནི་ རང་ངེ་ ཡབ་ ཀོན་འཇོག་ལ་ འི་ རི་རྦེ་ཀ་ ཡང་ ཡེ་རུ་ཤ་ལེམ་མེ་ན་ མི་ཅོལ་། 22 ཁྱི་ཞ་ ས་མ་རི་ཡཱ་པ་རྒུ་ནི་ ཅོལ་ཧན་འབོ་ ཤེ་རྡེ་ མི་འདུག་, ང་ཞ་རྒུ་ནི་ ཅོལ་ཧན་འབོ་ ཤེ་རྡེ་ཡོད་ ཅེ་ཟེར་ནི་ ཡ་ཧུ་འདཱ་པ་རྒུན་ རྒྱུད་ཏེ་ ཐར་པ་རྦོ་ ལེབ་ཏེ་ འིན་། 23 འིན་ན་ ཏུའི་རྦོ་ ཉེ་མོ་ ནོག་, མ་ཚེད་ ལེཔ་ ཚར་རྡེ་ འིན་, ནམ་ རྡེན་འབེ་ ཅོལ་ཧན་རྒུ་ནི་ ཡབ་ ཀོན་འཇོག་ལ་ ཐུག་ཡིད་ རྡང་ རྡེན་འབེ་ན་ ཅོལ་ལེན་, ཅེ་ཟེར་ནི་ འི་ཟུག་ལ་ ཅོལ་ཧན་རྒུན་ ཡབ་རྦེ་ ཙ་ལེ་ ཛེད་ཏུག་། 24 ཀོན་འཇོག་པོ་ ཐུག་ཡིད་ ནོག་, ཁོང་ལ་ ཅོལ་ཧན་འབེ་ ཁོང་ལ་ ཐུག་ཡིད་ ཏང་ རྡེན་འབེ་ ཐོག་ནི་ ཅོལ་རྒོའེ་།”
25 པོ་མེ་ ཟེར་, “ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ ཕེབ་ཅེ་ཅེན་འབོ་ ང་ རྒྱུའི་ཡོད་, ཁོང་ རྐྱོད་རྡེ་རྡང་, ང་ཞ་, ཅི་ཚང་མ་ ཧ་ཀོ་ཅུག་རྒེ་ ཛེ་རྡེན་།”
26 ཡི་ཤུའི་ པོ་མོ་ལ་ མོལ་, “ཁྱེ་རང་ ཉམ་པོ་ སྤེ་ར་ ཏང་ཀན་ ང་ ཏེ་རྒའོ་ འིན་།”
ལོབ་ཀྲུག་རྒུན་ ལོག་ཏེ་ རྐྱོད་།
27 ཡི་ཤུའི་ ཏུ་ཟུག་ མོལ་ ཚར་རེ་རྡང་ ཁོང་ངེ་ ལོབ་ཀྲུག་རྒུན་ ལོག་ཏེ་ ལེཔ་། ཡི་ཤུའི་ པོ་མོ་ཞིག་ ཉམ་པོ་ ཞལ་ཏ་ ས་ལེན་ ཐོང་འབེ་ ཧ་ལེ་a, འིན་ན་ ཡི་ཤུ་, “ཉེ་རང་ལ་ ཅི་ རྒོའེ་?” ཡང་ “ཅི་ཕི་ ཉེ་རང་ངེ་ ཏེ་ པོ་མོ་ལ་ ཞལ་ཏ་ སལ་རྦེན་?” ཟེར་རྡེ་ སུ་ལ་ མ་འདྲི་། 28 པོ་མེ་ ཆུ་ཀར་རྦོ་ ཏེ་རྒ་ཀ་ པོར་རྡེ་ ཁོ་རང་ངེ་ ཀྲོང་ཁྱེར་ལ་ རྒྱུག་རྒེན་འདང་ སོང་ ཡང་ མི་རྒུན་ལ་ ཟེར་། 29 “ངེ་ མི་ཙེ་ན་ ཅོའེ་ཧན་ ཚང་མ་ ཤེད་ཀ་ནེ་ མིའུ་ལ་ ལྟ་ལ་ ཤོག་ཧེ་། ཁོང་ ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ འིན་ནེ་ཧེ་?” 30 མི་རྒུན་ ཀྲོང་ཁྱེར་ནི་ འབིང་འདེ་ ཡི་ཤུ་ས་ ཡོྃ་།
31 ཏེ་རྒ་ ཏུའི་ལ་ ཡི་ཤུའི་ ལོབ་ཀྲུག་རྒུ་ནི་ ཁོང་ལ་ ཟེར་, “ལོབ་རྦོན་ལེ་, ཅི་ཏོང་ཞིག་ འདོན་ནེ་ ཛེད་།”
32 འིན་ན་ ཡི་ཤུའི་ ཁོང་རྒུན་ལ་ མོལ་, “ང་ ཟ་ཅེ་ ཁར་ཞི་ཞིག་ ཡོད་, ཏོ་རྦེ་ ཧོར་ལ་ ཁྱི་ཞ་ ཅང་ རྒྱུའི་མེད་།”
33 ཏོ་ ཚོར་རེ་རྡང་ ལོབ་ཀྲུག་རྒུ་ནི་ ཅིག་ ཏང་ ཅིག་ལ་ ཟེར་, “སུ་ཞིག་རྒེ་ ཁོང་ལ་ འདོན་ཏང་ ཁྱོྃ་རྦེ་ནེ་ ཧེ་?”
34 ཡི་ཤུའི་ མོལ་, “ངེ་ ཁར་ཞི་རྦོ་ ང་ ཀ་ལེ་ ཛེད་ཀ་ནེ་ ཀོན་འཇོག་རྒེ་ ཐུག་ཐེད་ཀན་རྒུན་ ཅོ་ཅེ་ རྡང་ ཁོང་ངེ་ ཆག་ལེ་རྒུན་ འདྲན་འདྲ་ ཀྲུབ་ཅུག་ཅེ་ འིན་། 35 ཁྱི་ཞ་ ཟེར་ལོ་ཞིག་ མེད་རྡེ་, ‘ལྟོན་ཏོག་ མིན་ཅེ་ལ་ ལྡ་ ཞི་ ལུའི་རྡེ་ནོག་?’ ངེ་ ཁྱི་ཞ་རྒུན་ལ་ ཟེ་འིན་, རང་རང་ངེ་ མིག་ པེ་རྡེ་ ཞིང་རྒུན་ལ་ ལྟོའེ་ཧེ་, ཏེ་ ལྟོན་ཏོག་རྒུན་ ཚོའེ་རྡེ་ ངེ་ཐོ་ རན་ འདུག་། 36 ངཔ་ས་ ཏང་ཀན་རྒུན་ལ་ ལ་ཆ་ རྒྱ་ལེ་ ཐོབ་རྦེན་ ནོག་, ཡང་ མི་རྒུན་ ཐ་མེད་པེ་ མི་ཙེ་ན་ ཁྱོང་ཅེ་འབོ་ ཁོང་ངེ་ ངེ་ཀ་ནེ་ འབྲེ་རྦུ་ ནོག་། ཏེ་ནི་ ས་ངོན་ ཏབ་ཀན་ འདང་ ངཔ་ས་ ཏང་ཀན་ ཉ་ཧ་ ཙམ་ཤིག་རྒེ་ རྐྱིད་པོ་ མི་ཡོང་། 37 འི་ ཟེར་ལོ་ རྡེན་འབའ་ ནོག་, ‘ཅིག་རྒེ་ ཏབ་རྦེན་, ཡང་འཇིག་རྒེ་ ངེན་།’ 38 ངེ་ ཁྱི་ཞ་རྒུན་ ཁྱི་ཞི་ མ་ཏབ་ཀ་ནེ་ ལྟོན་ཏོག་པོ་ ངེ་ལ་ ཀལ་རྦེན་། ཞེན་མ་རྒུ་ནི་ ཙོན་འགྲུའི་ ཧོཔ་ ཅོའེ་ཧན་ནེ་ འབྲེ་རྦུ་ ཁྱི་ཞ་རྒུན་ལ་ ཐོབ་ཏེ་ ནོག་།”
ས་མ་རི་ཡཱ་པ་རྒུ་ནི་ ཏེཏ་པ་ ཅོའེ་།
39 ཏེ་ པོ་མོ་རྦེ་, “ཡེ་ཤུའི་ ངེ་ མི་ཙེ་ན་ ཅོའེ་ཧེན་ ཚང་མ་ ཤེད་རྡེ་ ཛེད་” ཟེར་རེན་ སྤང་པོ་ ཏང་ཅེ་ཀ་ནི་ ས་མ་རི་ཡཱ་པ་ མང་པོ་ཞིག་རྒེ་ ཡེ་ཤུའི་ཀ་ ཏེཏ་པ་ ཅོའེ་། 40 ཏེ་ནི་ ས་མ་རི་ཡཱ་པ་རྒུན་ ཡི་ཤུ་ས་ ཡོྃ་རྡེ་ འཇུ་འཇུ་ ཁོང་རྒུན་ ཉམ་པོ་ ཞུ་རྡེ་ ཛེད་ ཟེར་རྡེ་ ཞུ་ཝ་ པུལ་རྦེ་, ཁོང་ ཞག་ ཉི་ ཏུ་རུ་ ཞུའུ་། 41 ཁོང་ངེ་ ལབ་ཞ་རྒུན་ ཚོར་རྡེ་ ཞེན་མི་ མང་པོ་ཞིག་རྒེ་ ཏེཏ་པ་ ཅོའེ་། 42 མི་རྒུ་ནི་ ཏེ་ པོ་མོ་ལ་ ཟེར་, “ང་ཞི་ ཁྱེ་རང་ངེ་ ཟེར་ཧ་ནེ་ སྤེ་ར་ ཚོར་ཤེ་ ཅིག་པོ་ མན་, ང་ཞ་རང་ངེ་ ནམ་ཅོག་ནི་ ཁོང་ངེ་ མོལ་ཧན་རྒུན་ ཚོར་ཤེའོ་ ཏེཏ་པ་ ཅོ་འིན་, ཡང་ རྡེན་འབའ་ འི་ མི་རྦོ་ འཇིག་རྟེན་པ་རྒུ་ནི་ རྐྱབ་འགོན་ འིན་ཀན་འབོ་ ང་ཞི་ ཤེ་རྡེ་ཡོད་།”
ཡི་ཤུའི་ ལོན་པོ་ཞིག་རྒེ་ པུ་ཙ་ ཕན་ཅུག་རྒེ་ ཛེད་།
43 ཞག་ ཉི་རྡེ་ ལྟིང་ནི་ ཡི་ཤུ་ ཡང་ འགཱ་ལིལ་ལེ་ ཡུལ་ཞོང་ ཆོག་ལ་ ལོག་ཏེ་ རྐྱོད་། 44 ཡི་ཤུའི་ ངུལ་ལ་ ལུང་རྟོན་པ་ སུ་ཞིག་རྒེ་ ཁོ་རང་ངེ་ ཡུལ་ལེ་ན་ སི་ཝ་ མི་ཐོབ་ མོལ་རྡེ་ འིན་འབེན་ 45 ཁོང་ འགཱ་ལིལ་ལ་ ལེབ་རྦེ་རྡང་, འགཱ་ལིལ་པ་རྒུ་ནི་ ཁོང་ལ་ རྒ་སུའི་ ཞུའི་ ཅེ་ཟེར་ནི་ པེ་སག་རྒེ་ ཏུའི་ཤེན་ཟ་ནི་ ཡེ་རུ་ཤ་ལེམ་མེ་ན་ ཡི་ཤུའི་ ཛེད་ཀན་ ཚང་མ་ ཁོང་རྒུ་ནི་ ཐོང་།
46 ཡི་ཤུ་ ལེན་ ཉི་སྤ་ འགཱ་ལིལ་ལེ་ ཡུལ་ཞོང་ངེ་ ཀ་ནཱེ་ ཀྲོང་ཁྱེར་ལ་ རྐྱོད་, ཀ་རུ་ ཁོང་ངེ་ ཆུ་ རྒུན་འགྲུམ་མེ་ ཁོའེ་ འགྱུར་ཤུག་རྒེ་ ཛེད་ཏེ་ འིན་འབེན་། ཀ་ནཱེ་ ཉེ་མོ་ལ་ ཀ་ཕར་ན་ཧུམ་ ཀྲོང་ཁྱེར་རེ་ན་ ལོན་པོ་ཞིག་རྒེ་ པུ་ཙ་ ཟུར་མོ་ ཡོྃ་རྡེ་ ཡོད་པེན་། 47 ལོན་པོ་ལ་ ཡི་ཤུ་ ཡ་ཧུ་འདཱ་ནི་ འགཱ་ལིལ་ལ་ ལོག་ཏེ་ རྐྱོད་ཏོག་ ཟེར་རྡེ་ ཚོར་རྦེ་ ཁོ་ ཡི་ཤུ་ས་ སོང་ ཡང་ འཇུ་འཇུ་ རྐྱོད་ཏེ་ ཁོའེ་ པུ་ཙ་ ཤི་ཀྱི་ ཡོ་ཀན་འབོ་ ཕན་ཅུག་རྒེ་ ཛེད་ ཟེར་རྡེ་ ཞུ་ཝ་ པུལ་།
48 ཡི་ཤུའི་ ལོན་པོ་ལ་ མོལ་, “ཁྱི་ཞ་རྒུ་ནི་ ཧ་ལེ་ཤེ་ ཛེད་པ་ རྡང་ ལྟའ་ ཐོང་འདེ་ མ་ནི་ ཏེཏ་པ་ མི་ཅོ་།”
49 ལོན་པོ་རྦེ་ ཟེར་, “ཙོབོ་ ངེ་ ཕྲུ་རྒུ་ ཤི་སང་ ངུལ་ལ་ རྐྱོད་རྡེ་ ཛེད་རྡང་།”
50 ཡི་ཤུའི་ ཁོ་, “ཏ་ སོང་ ཁྱེ་རང་ངེ་ པུ་ཙ་ རྒྱལ་རྡེ་ཡོད་” མོལ་། ཁོའེ་ ཡི་ཤུའི་ མོལ་ཧན་འབོ་ལ་ རྡེན་ཆེ་ ཡང་ ཁང་པ་ ལོག་ཏེ་ ཆ་ཅེ་ འགོ་ཟུག་།
51 ཁོ་ ལམ་རྦར་ལ་ ཡོད་ཟ་ནི་, ཁོའེ་ ཡོག་པོ་རྒུན་ ཁོའེ་ པུ་ཙ་ ཟུར་མོ་ ཡོང་ཧན་འབོ་ རྒྱལ་རྡེ་ ཁམ་ཟང་ འགྱུར་ཧན་ནེ་ ནེ་ཚུལ་ ཤེད་རྡེ་ལ་ ཡོྃ་། 52 ལོན་པེ་ ཁོའེ་ པུ་ཙ་འབོ་ ཙམ་ཀ་ རྒྱལ་ ཟེར་རྡེ་ འདྲི་རྦེ་ ཁོང་རྒུ་ནི་, “འདང་ ཛ་རེ་ ཆུ་ཙོད་ ཏང་པོ་ཀ་ ཁོའོ་ ཚེད་པོ་ མེ་ཀན་ སོང་” ཟེར་། 53 ཏེ་ནི་ ཨ་རྦ་རྦོ་ལ་, ཏེ་རྒ་ ཏུའི་རྦེ་ཀ་ ཡི་ཤུའི་ ཁོ་, “ཁྱེ་རང་ངེ་ པུ་ཙ་ རྒྱལ་རྡེ་ཡོད་” མོལ་ཧན་འབོ་ འི་ཏུ་ ཡོྃ་། ཁོ་ རྡང་ ཁོའེ་ ནང་ཚང་ སོན་ཏེ་ ཡི་ཤུའི་ཀ་ ཏེཏ་པ་ ཅོའེ་། 54 ཏོ་ ཡ་ཧུ་འདཱ་ནི་ འགཱ་ལིལ་ལ་ རྐྱོད་ཏེ་ ཡི་ཤུའི་ ཧ་ལེ་ཤེ་ ཛེད་པ་ ཉི་སྤ་འབོ་ ཛེད་ཏེ་ འིན་འབེན་།