ཡི་ཤུའི་ ངལ་ཚོའེ་ ཞག་ལ་ མི་ཞིག་ ཕན་ཅུག་རྒེ་ ཛེད་།
3
ཡི་ཤུ་ འདུ་ཀང་ལ་ ཡང་ རྐྱོད་, ཏུ་རུ་ ལག་པ་ ཧམ་འདེ་ ཀོལ་ མ་ཉེན་ཀ་ནེ་ མི་ཞིག་ ཡོད་པེན་། 2 ཡི་ཤུའི་ ཁོ་ རྒྱལ་ཅུག་ནི་ ངལ་ཚོའེ་ ཞག་ལ་ ལེ་ཧ་ ཅོ་ཅེ་རྦོ་ལ་ ཉེད་ཀལ་ཅེ་ལ་ པ་རུ་ཤི་པ་རྒུ་ནི་ ཁོང་ལ་ རྒྱལ་ལེ་ ཅོའེ་རྡེ་ ལྟོའེན་འདེད་།3 ལག་པ་ ཧམ་ཀ་ནེ་ མིའུ་ལ་ ཡི་ཤུའི་ མོལ་, “ཤོ་ ཡང་ ཚང་མེ་ འདུན་ལ་ ལོྃ་།” 4 ཏེ་ནི་ ཁོང་ངེ་ ཁོང་རྒུན་ལ་ འདྲི་ ཛེད་, “ཆོའེ་ཁྲིམ་ ནང་ཞིན་ ངལ་ཚོའེ་ ཞག་ལ་ ལེ་ཧ་ ཟང་པོ་ ཅོ་ ཆོག་རྒེ་ནོག་རྒེ་ ཡ་ ངན་པ་, སྲོག་ སེད་ རྒོའེ་རྡེ་ནོག་རྒེ་ ཡ་ སྲོག་ རྐྱོབ་?” འིན་ན་ ཁོང་རྒུ་ནི་ ཁོང་ལ་ ལེན་ མ་ཏྃ་།
5 ཡི་ཤུའི་ ཐུག་སྲོའེ་ན་ ཁར་ཁོར་ལ་ ཡོ་ཀན་རྒུན་ལ་ ཟིའི་, ཡང་ ཁོང་རྒུ་ནི་ ཉིང་ ཀྱོང་པོ་ ཟི་རྡེ་ ཁོང་ལ་ མ་ ཐུག་ཚེར་ རྐྱོད་། ཁོང་ངེ་ ལག་པ་ ཧམ་ཀན་འབོ་ལ་, “ཁྱེ་རང་ངེ་ ལག་པ་ རྐྱོང་།” མོལ་རྦེ་ ཁོའེ་ ལག་པ་ རྐྱང་འབེ་ ཏོ་ སིང་ རྒྱལ་། 6 ཏེ་ནི་ པ་རུ་ཤི་པ་རྒུན་ ཕི་ལོག་ལ་ སོང་འདེ་, རྒྱ་སྤོ་ ཧེ་རོད་འདེ་ ཆོག་སྤ་རྒུན་ ཉམ་པོ་ ཡི་ཤུ་ སེད་ཅེ་ ཐབ་ ངན་པ་ ལྡིང་།
མི་ཚོག་ ཡི་ཤུའི་ ལྟིང་འགྲྃ་ནི་ སོང་།
7 ཡི་ཤུ་ ལོབ་ཀྲུག་རྒུན་ ཉམ་པོ་ ཚོ་ ཆོག་ལ་ རྐྱོད་, ཡང་ འགཱ་ལིལ་ནི་ མི་ཚོག་ མང་པོ་ཞིག་ ཁོང་ངེ་ ལྟིང་འགྲྃ་ནི་ ཡོྃ་། 8 ཡི་ཤུའི་ ཛེད་ཀན་ ཚང་མེ་ ཧོར་ལ་ ཚོར་རྦེ་, ཏེ་ མི་ཚོག་པོ་ ཡ་ཧུ་འདཱ་ ཡུལ་ཞོང་, ཡེ་རུ་ཤ་ལེམ་མེ་ རྒྱལ་ས་, ཨི་འདུ་མེ་ཡ་ ཡུལ་ཞོང་, ཡོར་འདཱན་ སྃ་སྤེ་ ཤར་ ཆོག་རྒེ་ ས་ཆ་རྒུན་, ཡང་ ཅང་ ཆོག་རྒེ་ ཐག་རིང་ངེ་ མལ་ ཏཱ་ཡིར་ རྡང་ སི་འདཱོན་ རྒྱལ་ས་རྒུ་ནི་ ཡོྃ་རྡེ་ འིན་འབེན་།
9 མི་ཚོག་རྒེ་ ཁོང་ ནེན་ མི་ནེན་ཅེ་ཕི་ ཡི་ཤུའི་ ཁོང་ངེ་ ལོབ་ཀྲུག་རྒུན་ལ་ ཆུ་འགྲུལ་ཞིག་ ཀྲལ་འགྲིག་ ཅོ་ཅེ་ལ་ མོལ་། 10 ཁོང་ངེ་ མི་ མང་པོ་ ཕན་ཅུག་རྒེ་ ཛེད་ཅེ་རྦེ་, ཟུར་མོ་ ཡོ་ཀན་ ཚང་མེ་ ཁོང་ལ་ ཐུག་ཅེ་ལ་ ནེན་འདེ་ ཁྱོང་ངེ་ཡོད་པེན་། 11 ཡང་ འགོང་པོ་རྒུ་ནི་ ཁོང་ འཇལ་ལེ་རྡང་, ཁོང་རྒུན་ ཞུ་རྡེ་ ཡོ་ཀ་ནེ་ མི་རྒུན་ ཡི་ཤུའི་ ཧུ་འདུན་ལ་ ཐང་ཀེ་ཀ་ འགྱེལ་རྡེ་ ཀུ་ཅུ་ ཏང་ངེན་ ཟེར་, “ཉེ་རང་ ཀོན་འཇོག་རྒེ་ སྲེ་ ཞུ་རྡེ་ནོག་།” 12 འིན་ན་ ཡི་ཤུའི་ འགོང་པོ་རྒུན་ལ་ ཁོང་ སུ་ ཞུའུ་ཏེ་ འིན་ཀན་འབོ་ མི་ཤེད་ཅེ་ལ་ ཀཱ་ སལ་ལེ་ ཛེད་།
ཡི་ཤུའི་ ཧུ་ཚབ་ ཅུག་ཉི་རྒུན་ འདམ་མེ་ ཛེད་།
13 ཏོ་རྦེ་ ལྟིང་ནི་ ཡི་ཤུ་ རི་ཞིག་རྒེ་ཀ་ རྐྱོད་ཏེ་ ཁོང་ངེ་ འདམ་མེ་ ཛེད་ཀན་རྒུན་ལ་ འབོ་ ཛེད་, ཡང་ ཁོང་རྒུན་ ཁོང་ས་ ཡོྃ་། 14 ཁོང་ངེ་ འབོ་ ཛེད་ཀན་ ཅུ་ཉི་རྦོ་ ཁོ་རང་ངེ་ ཧུ་ཚབ་ལ་ ཧོ་ ཛེད་། ཁོང་རྒུ་ནི་ ཁོང་ལ་ ཁྲོ་པ་ ཅོ་ཅེ་ ཡང་ ཁོང་ངེ་ ཁོང་རྒུན་ ཆོའེ་ཤེད་ཅེ་ལ་ ལམ་ཅུག་རྒེ་ ཛེ་རྡེན་, 15 ཡང་ ཁོང་རྒུན་ལ་ རྡུད་རྒུན་ ཕིང་ཅེ་ ཝང་ཆ་ སལ་ལེ་ ཛེད་། 16 ཁོང་ངེ་ ཧོ་ ཛེད་ཀ་ནེ་ ཧུ་ཚབ་ ཅུག་ཉི་རྦོ་, ཤི་མོན་ ཀ་རྦོ་ ཡི་ཤུའི་ ཁོའེ་ མིང་ལ་ པི་ཏྲར་ ཏག་རྒེ་ ཛེད་, 17 ཟེ་འབེ་འདེ་ པུ་ཙ་ ཡ་ཀུབ་ ཏང་ ཁོའེ་ ནོ་ ཡོ་ཧཱ་ནན་, ཁོང་ ཉ་ཧ་ སྲོ་འཇེན་ ཡོད་པེ་, ཡི་ཤུའི་ ཁོང་རྒུན་ལ་ “འབོ་ཡ་ནེར་འགེ་” ཡང་ན་ “འབྲུག་ཧད་རྡེ་ པུ་ཚ་རྒུན་” མིང་ ཏག་རྒེ་ ཛེད་། 18 ཨན་འགྲིརུ་, ཕི་ལིབ་, འབར་ཐོལ་མཱ་, མཏ་ཐ་, ཐོ་མཱ་, ཨལ་ཕཱེ་འུ་ པུ་ཙ་ ཡ་ཀུབ་, ཐད་རྡེ་འུ་, ཤི་མོན་ ཡུལ་འདེད་ཅེན་, 19 རྡང་ ཡུ་འདཱ་ ཀར་ཡོད་པ་ ཀ་རྦེ་ ལྟིང་ནི་ ཡི་ཤུ་ འགྲ་ཝོའེ་ ལག་ལ་ ལྟེད་།
ཡི་ཤུའི་ འགྲ་ཝོ་རྒུ་ནི་ ཁོང་ལ་ རྡུད་རྒུ་ནི་ རྒྱ་སྤོ་ ཟེར་།
20 ཏེ་ནི་ ཡི་ཤུ་ ཁང་པ་ཞིག་རྒེ་ན་ རྐྱོད་། མི་ཚོག་ ཛོམ་ཅེ་ འགོ་ཟུག་པེ་, ཁོང་ རྡང་ ཁོང་ངེ་ ལོབ་ཀྲུག་རྒུན་ལ་ ཟ་ན་ ཟ་ཅེ་ ཏུའི་ མ་ཐོབ་། 21 ཏེ་ ཚང་མ་ ཡི་ཤུའི་ ནང་མི་རྒུན་ལ་ ཚོར་རེ་རྡང་, ཁོང་རྒུན་ ཡི་ཤུའི་ ཁང་པ་ ཁྲིད་ཏེ་ ཁྱེར་ཤེ་ལ་ ཡོྃ་, ཅེ་ཟེར་ནི་ མི་རྒུ་ནི་ “ཁོང་ ཉོའེ་རྡེ་ ནོག་” ཟེར་རེ་ཡོད་པེན་།
22 འིན་ན་ ཡེ་རུ་ཤ་ལེམ་ རྒྱལ་ས་ནི་ ཡོང་ཀ་ནེ་ ཆོའེ་ཁྲིམ་ལ་ ཁེ་སྤ་རྒུ་ནི་ ཟེར་, “ཁོའེ་ན་ འབེལ་ཟེ་འབུལ་ ཞུ་རྡེ་ འི་ནོག་། ཏེ་ རྡུད་རྒུ་ནི་ འགོ་རྦེ་ ཁོ་ལ་ རྡུད་རྒུན་ ཕིང་ཅེ་ ཁྱུད་ ཏྃ་རྡེ་ ནོག་།”
23 ཡི་ཤུའི་ ཁོང་རྒུན་ལ་ འབོ་ ཛེད་ཏེ་ སྤེ་ ས་ལེན་ ལེན་སལ་ལེ་ ཛེད་, “ཀ་ཟུག་ལ་ རྡུད་རྡེ་ རྡུད་ ཁོ་རང་ ཕིང་ ཉེན་ནེ་ནོག་?” 24 “ཀལ་ཏེ་ རྒྱལ་སྲིད་རྡེ་ན་ ཡོ་ཀན་རྒུན་ ནོལ་ནི་ ཏོ་ ལུའི་ མི་ཉེན་། 25 ཀལ་ཏེ་ ནང་ཚང་ཞིག་རྒེ་ མི་རྒུན་ ནོལ་ལེན་ འདེད་ནི་ ཏོ་ ལུའི་ མི་ཉེན་། 26 ཀལ་ཏེ་ རྡུད་རྡེ་ ཁོ་རང་ངེ་ རྒྱཔ་འགལ་ལ་ ནོལ་རྡེ་ པོ་པུད་ནི་ ཁོའེ་ ཀ་ཟུག་རྒེ་ ཝང་སྲུ་ལེན་? ཁོ་ མེ་ཀན་ ཆ་ཅེ་ ཏུའི་རྦོ་ ལེབ་ཏེ་ འིན་། 27 ང་ ཡང་ སྤེ་ཞིག་ ཏང་ཅུག་, སུ་ མི་ ཤེད་ཅེན་ཞིག་རྒེ་ ཁང་པེ་ན་ ཞུ་རྡེ་ ཁོའེ་ ནོར་ ཧུ་ མི་ཉེན་ ནམ་ཚུག་པ་ ཁོའེ་ ངུལ་ལ་ མི་ ཤེད་ཅེན་འབོ་ རྡམ་ མི་རྡམ་, ཏེ་ ཁོའེ་ ཁང་པེ་ན་ ཡོ་ཀ་ནེ་ ནོར་རྒུན་ ཧུ་ཉེན་ནེན་།”
28 “ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་, མི་རྒུ་ནི་ རྡིག་པ་ ཅོ་ཀན་ འདང་ ཀོན་འཇོག་ལ་ ཏེཏ་ལོག་ ཞུ་ཀན་ ཚང་མ་ ཤག་སྤ་ སལ་ལེ་ ཛེ་རྡེན་, 29 འིན་ན་ ཏམ་པེ་ ཐུག་ཡིད་ལ་ ཏེཏ་ལོག་ ཞུ་ཀན་རྒུན་ལ་ ཤག་སྤ་ མ་ནི་ སལ་ལེ་ མི་ཛེད་, ཐ་མེད་རྡེ་ རྡིག་པེ་ ཉེད་ ཕོག་ཏེ་ ནོག་།” 30 ཁོང་ངེ་ ཁོང་རྒུན་ལ་ ཏོ་ མོལ་ལེ་ ཛེད་ ཅེ་ཟེར་ནི་, ཁོང་རྒུ་ནི་ “ཡི་ཤུའི་ན་ རྡུད་ ཞུ་རྡེ་ ཡོད་ཏེ་ ནོག་” ཟེར་རྡེ་ཡོད་པེན་།
ཡི་ཤུའི་ ནང་ཚང་ངེ་ ངོའེ་མ་རྒུན་།
31 ཏེ་ནི་ ཡི་ཤུའི་ ཨ་མ་ རྡང་ ནོ་རྒུན་ ཡོྃ་, ཡང་ ཕི་ལོག་ལ་ འདེད་ཏེ་ མི་ཞིག་ ཁོང་ལ་ འབོ་ལ་ ཀལ་། 32 ཡི་ཤུ་ ཧོར་རྡེ་ ཡོ་ཀ་ནེ་ མི་ཚོག་རྒེ་ ཟེར་, “ཉེ་རང་ངེ་ ཨ་མ་ རྡང་ ནོ་རྒུན་ ཉེ་རང་ ཙལ་ལེན་ ཕི་ལོག་ལ་ འདུག་།”