ཟ་ཕོག་ཀ་ནེ་ མི་ཞིག་ ཕན་ཅུག་རྒེ་ ཛེད་།
2
ཞག་ ཁ་ཅིག་རྒེ་ ལྟིང་ནི་ ཡི་ཤུ་ ཀ་ཕར་ན་ཧུམ་མེ་ ཀྲོང་ཁྱེར་ལ་ ལོག་ཏེ་ རྐྱོད་རྒྱ་ལ་, ཁོང་ ཁང་པ་ ལོག་ཏེ་ རྐྱོད་ཀ་ནེ་ ནེ་ཚུལ་རྦོ་ འགྱོ་སྤ་ ཕེལ་ 2 ཡང་ འི་ཟམ་ མི་ མང་པོ་ ཛོམ་, ཁོང་ངེ་ ཁང་པ་ མ་ཚེད་ རྒོའེ་ ཕི་ལོག་ལ་ མལ་ ལྟོང་པ་ མ་ལུའི་། ཁོང་ངེ་ མི་རྒུན་ལ་ ཀོན་འཇོག་རྒེ་ ཀའ་ ཤེད་ཟ་ནི་ 3 མི་རྒུ་ནི་ ཟ་ཕོག་ཀན་འཇིག་ ཁོང་ས་ ཁྱོྃ་, ཁོ་ མི་ཞིག་ མལ་སེ་ཀ་ ཁུར་རྡེ་ ཡོད་པེན་། 4 མི་ཚོག་ མང་པོ་ ཡོད་པེ་སང་, ཏོ་རྒུ་ནི་ ཁོ་ ཡི་ཤུའི་ འདུན་ལ་ ཁྱོང་ མ་ཉེན་། ཏེ་ནི་ ཏེ་ མི་ཞི་ཀ་ ཁང་པེ་ ཁ་ཐོག་རྒེ་ཀ་ སོང་ཏེ་ ཡི་ཤུ་ ཞུ་རྡེ་ འདེད་སེ་ ཁ་ཀྲང་ལ་ ཧོལ་ལྟོར་ཞིག་ པུད་ཏེ་ མིའུ་ ཁོ་རང་ངེ་ མལ་ས་ ཉམ་པོ་ ཡོག་ལ་ ཡི་ཤུའི་ ཧུ་འདུན་ལ་ སྤབ་། 5 ཡི་ཤུའི་ ཁོང་རྒུ་ནི་ ཏེཏ་པ་འབོ་ ཟི་རྡེ་ ཁོང་ངེ་ ཟ་ཕོག་ཀན་འབོ་ལ་ མོལ་, “པུ་ཙ་, ངེ་ ཁྱེ་རང་ངེ་ རྡིག་པ་རྒུན་ལ་ ཤག་སྤ་ ཏང་ངེ་ཡོད་།”6 ཏུ་རུ་ འདེད་ཏེ་ ཡོ་ཀ་ནེ་ ཆོའེ་ཁྲིམ་ལ་ ཁེ་སྤ་ ཁ་ཅིག་རྒེ་ སེམ་མེ་ན་ སམ་, 7 “ཁོའེ་ ཏུ་ཟུག་ ཅེ་ ཟེ་ནོག་? ཁོའེ་ ཏེཏ་ལོག་ ཅོའེ་རྡེ་ ནོག་། ཀོན་འཇོག་ མ་ཐེ་ལ་ སུའི་ རྡིག་པ་ ཤག་སྤ་ སལ་ ཉེན་ནེན་?”
8 ཏེ་རྒ་མ་རྒ་ ཁོང་རྒུ་ནི་ སེམ་མེ་ན་ སམ་ཀན་འབོ་ ཡི་ཤུའི་ ཁྱེན་འདེ་ ཁོང་རྒུན་ལ་ འདྲི་, “ཁྱི་ཞི་ ཁྱི་ཞ་རང་ངེ་ སེམ་མེ་ན་ འི་ཟུག་ ཅེ་ སམ་མེ་ཡོད་? 9 ཟ་ཕོག་ཀན་འབོ་ལ་, ‘ཁྱེ་རང་ངེ་ རྡིག་པ་རྒུན་ལ་ ཤག་སྤ་ ཏྃ་རྡེ་ འིན་’ ཟེར་ཤེའོ་ ཡ་ ‘ལྃ་རྡེ་ ཁྱེ་རང་ངེ་ མལ་ས་ ཁུར་རྡེ་ འགྲུལ་’ ཟེར་ཤེའོ་ ཀ་འབོ་ ལ་མོ་ ནོག་? 10 འིན་ན་ མི་རིག་རྒེ་པུ་ལ་ འཇིག་རྟེན་ནེ་ཀ་ རྡིག་པ་རྒུན་ལ་ ཤག་སྤ་ ཏང་ཅེ་ ཝང་ཆ་ ཡོ་ཀན་འབོ་ ཁྱི་ཞ་ ལྟན་ནེན་” ཏེ་ནི་ ཡི་ཤུའི་ ཟ་ཕོག་ཀན་འབོ་ལ་ མོལ་, 11 “ངེ་ ཁྱེ་རང་ལ་ ཟེ་འིན་, ལོང་, རང་ངེ་ མལ་ས་ ཁུར་རྡེ་ ཁང་པ་ སོང་།”
12 ཏེ་རྒ་མ་རྒ་ མི་ ལྟ་ཀན་ ཚང་མེ་ འདུན་ལ་ ཁོ་ ལྃ་རྡེ་ ཁོ་རང་ངེ་ མལ་ས་འབོ་ ཁུར་ ཡང་ འགྲུལ་རྡེ་ སོང་། ཁོང་ ཚང་མ་ ཧ་ལེ་རྡེ་ ཀོན་འཇོག་ལ་ རྟོད་པ་ པུལ་ལེན་ ཟེར་, “ང་ཞ་རྒུན་ལ་, ཡུ་ཙོག་སེ་ མ་ནི་ མ་ཐོང་།”
ཡི་ཤུའི་ མཏ་ཐ་ འབོ་ ཛེད་།
13 ཏེ་ནི་ ཡང་ ཡི་ཤུ་ འགཱ་ལིལ་ལེ་ ཚོའེ་ ཐ་མ་ རྐྱོད་, ཡང་ ཁོང་ས་ ཡོང་ཀ་ནེ་ མི་ཚོག་རྒུན་ལ་ ཆོའེ་ཤེད་རྡེ་ ཛེད་། 14 ཁོང་ ཞཔ་འགྲུལ་ལ་ རྐྱོད་ཟ་ནི་ ཁོང་ངེ་ ཨལ་ཕཱེ་འུ་ པུ་ཙ་ ལི་ཝི་, ཁྲལ་ནེན་སེ་ མལ་ལེ་ཀ་ འདེད་ཏེ་ ཡོད་རྡེ་ ཟིའི་ ཡང་ ཁོང་ངེ་ ཁོ་ མོལ་, “ངེ་ ལྟིང་འགྲྃ་ནི་ འགྲོྃ་།” ཁོ་ ལྃ་རྡེ་ ཡི་ཤུའི་ ལྟིང་འགྲྃ་ནི་ འགྲྃ་།
15 ལྟིང་ནི་ ཡི་ཤུ་ ལི་ཝི་ ཁང་པ་ ཕི་རོའེ་ ཚལ་མ་ རྐྱོད་, ཁྲལ་ནེན་ཀན་ འདང་ ཞེན་ རྡིག་ཅེན་ མི་ མང་པོ་ ཡི་ཤུ་ རྡང་ ལོབ་ཀྲུག་རྒུན་ ཉམ་པོ་ ཁར་ཞི་ ཟ་ལ་ ཡོད་པེན་། ཡི་ཤུའི་ ལྟིང་འགྲྃ་ནེ་ འགྲང་ཧན་ མང་ཆེ་ ཏོ་ཙོག་སེ་ མི་རྒུན་ འིན་འབེན་། 16 པ་རུ་ཤི་པ་ ཆོའེ་ཁྲིམ་ལ་ ཁེ་སྤ་རྒུ་ནི་, ཡི་ཤུ་ ཁྲལ་ནེན་ཀན་ འདང་ རྡིག་ཅེན་རྒུན་ ཉམ་པོ་ འདོན་ཏང་ འདོན་ནེ་ ཐོང་ངེ་རྡང་, ཁོང་ངེ་ ལོབ་ཀྲུག་རྒུན་ལ་ འདྲི་, “ཁོང་ ཁྲལ་ནེན་ཀན་ འདང་ རྡིག་ཅེན་ མི་རྒུན་ ཉམ་པོ་ ཅེ་ འདོན་ཏང་ འདོན་ནེ་ནོག་?”
17 ཡི་ཤུའི་ ཏོ་ སན་ནེ་འདང་ ཁོང་རྒུན་ལ་ ལེན་སལ་, “ཁམ་ཟང་ ཡོ་ཀན་ལ་ ཨམ་ཅི་ རྒོའེ་ཤེ་མ་ནོག་, ཟུར་མོ་ ཡོ་ཀན་ལ་ ཨམ་ཅི་ རྒོའེ་ཤེ་ནོག་། ང་ ཁྱི་ཞ་ ཀྲང་པོ་ འིན་ སམ་ཀན་རྒུན་ལ་ མན་, རྡིག་ཅེན་རྒུན་ལ་ འབོ་ ཡོྃ་རྦེན་།”
ཡེ་ཤུའི་ན་ མི་ཙེ་ པུད་ཚུལ་ སོ་མ་རྦོ་, ཉིང་པ་རྦེ་སང་ སོ་སོ་ ནོག་།
18 ཡོ་ཧཱ་ནན་ནེ་ ལོབ་ཀྲུག་རྒུན་ འདང་ པ་རུ་ཤི་པ་རྒུན་ ཉུང་ནེ་ལ་ འདེད་རྡེ་ ཡོད་རྡེ་ ཏུའི་ཞིག་ལ་, མི་ ཁ་ཅིག་, ཡི་ཤུ་ས་ ཡོྃ་ཏེ་ འདྲི་, “ཡོ་ཧ་ནན་ནེ་ ལོབ་ཀྲུག་རྒུན་ འདང་ པ་རུ་ཤི་པ་རྒུན་ ཉུང་ནེ་ལ་ འདེད་ཏུག་, འིན་ན་ ཉེ་རང་ངེ་ ལོབ་ཀྲུག་རྒུན་ ཅེ་ ཉུང་ནེ་ལ་ འདེད་རྡེ་ མག་?”
19 ཡི་ཤུའི་ ལེན་སལ་, “པག་རྟོན་ནེ་ན་ མག་པ་ ཉམ་པོ་ ཡོད་ཟ་ནི་ ཁོའེ་ འགྲོན་པོ་རྒུན་ ཉུང་ནེ་ལ་ འདེད་རྡེན་ནེ་? མག་པ་ ཉམ་པོ་ ཡོད་ ཏུའི་རྦོ་ ཁོང་རྒུན་ མི་འདེད་། 20 འིན་ན་ ཏུའི་རྦོ་ ལེབ་རྦེན་ ནམ་ མག་པེ་ འགྲོན་པོ་རྒུན་ས་ནི་ པེ་རྡེ་ ཁྱེར་རེན་, ཏེ་ནི་ ཁོང་རྒུ་ནི་ རྡུག་པོ་ ཅོའེ་རྡེ་ ཉུང་ནེ་ལ་ འདེད་རྡེན་།”
21 “སུ་ཞིག་རྒེ་ ཀོའེ་ལག་ ཉིང་པ་ཞིག་ལ་ ལེན་བ་ སོ་མ་ ཏབ་རྦེ་ མག་, ཀལ་ཏེ་ ཏབ་ནི་ ཀོའེ་ ཁྲུ་ནི་ ལེན་བ་ སོ་མ་རྦོ་ ཁོྃ་རྡེ་ ཀོའེ་ ཆེད་ཀན་འབོ་ མང་ངེ་ ཐུ་ ཅོ་ནོག་།”
22 “ཏེ་རྒ་ ཙོག་སེ་ རྒུན་འགྲུམ་མེ་ ཁོའེ་ སོ་མ་ པག་སྤེ་ རྐྱ་སྤ་ ཉིང་པེ་ན་ མི་ལུག་། ཀལ་ཏེ་ ལུག་ནི་ རྒུན་འགྲུམ་མེ་ ཁོའེ་ལ་ རྐྱུར་ ལྃ་རྡེ་ པག་སྤེ་ རྐྱ་སྤ་ རྦོའེ་རྡེ་ ཆེད་རྡེན་, རྒུན་འགྲུམ་མེ་ ཁོའེ་ རྦོའེ་རྡེ་ རྐྱ་སྤ་ འདོད་མེད་ ཆེན་། རྒུན་འགྲུམ་མེ་ ཁོའེ་ སོ་མ་ པག་སྤེ་ རྐྱ་སྤ་ སོ་མེ་ན་ ལུག་རྒེན་།”
ཡི་ཤུ་ ངལ་ཚོའེ་ ཞག་རྒེ་ ཙོབོ་།
23 ཡི་ཤུ་ ངལ་ཚོའེ་ ཞག་ལ་ ཞིང་ རྒྱུད་ཏེ་ རྐྱོད་རྡེ་ ཡོད་ཟ་ནི་, ཁོང་ངེ་ ལོབ་ཀྲུག་རྒུན་ ཁོང་ ཉམ་པོ་ འགྲུལ་ལེ་ཡོད་པེན་། ཁོང་རྒུ་ནི་ ཞིང་ངེ་ ཉེ་མ་ ཅེད་ཏེ་ འགོ་ཟུག་། 24 པ་རུ་ཤི་པ་རྒུ་ནི་ ཡི་ཤུ་ ཟེར་, “ལྟོའེ་རྡང་ ཁོང་རྒུ་ནི་ ངལ་ཚོའེ་ ཞག་ལ་ ལེ་ཧ་ ཅོའེ་རྡེ་ ཅེ་ ཆོའེ་ཁྲིམ་ ཅག་རྒེ་ནོག་?”
25 ཡི་ཤུའི་ ལེན་སལ་, “འདཱ་འབིད་ ཏང་ ཁོའེ་ ཁྲོ་པ་རྒུན་ ལྟོག་རྡེ་ ཡང་ རྒོའེ་ཤེ་ན་ ཡོད་ཟ་ནི་ ཅི་ཅོའེ་ ཏམ་པེ་ སུང་རབ་རྦེ་ ནང་ནི་ ཁྱི་ཞི་ མ་ནི་ མ་སིལ་རྦེ་ནེ་? 26 ཨ་འབི་ཨ་ཐར་ ཡ་ཧུ་འདཱ་པེ་ ལ་མ་ ཆོན་མོ་ ཡོད་ ཏུའི་ལ་, འདཱ་འབིད་ ཀོན་འཇོག་རྒེ་ ཁང་པེ་ན་ ཆོད་པ་ པུལ་སེ་ཀ་ སོང་འདེ་ ཏམ་པེ་ འདོན་ཀིར་རྦོ་ ཟོའེ་, ཏོ་ ཡ་ཧུ་འདཱ་པེ་ ལ་མ་ མ་ནི་ ཟ་ཆོག་རྒེ་ མེད་པེན་, ཡང་ ཁོའེ་, ཁྲོ་པ་རྒུན་ལ་ ཏྃ་།”