༄༅། །སྐུ་ཚབ་ཡོ་ཧ་ནཱན་གྱིས་བྲིས་མི་ཡི་གུ་གསུམ་པ་བཞུགས་སོ།།
ཡོ་ཧ་ནཱན་གསུམ་པ་ལེའུ་
ངོ་སྤྲོད།
ཡོ་ཧ་ནཱན་གྱི་ཧེ་མ་བྲིས་མི་ཡི་གུ་གཉིས་པ་འདི་གིས་ ཁོང་ཡི་གུ་ལྷག་མི་ཆ་ཁྱབ་ལུ་ སློབ་དཔོན་རྫུས་མ་ཚུ་གི་སྐོར་ལས་ ཉེན་བརྡ་འབད་ནུག དེ་ལས་ ཡོ་ཧ་ནཱན་གྱི་བྲིས་མི་ཡི་གུ་ གསུམ་པ་གི་འབད་བ་ཅིན་ གཙོ་བོ་རང་ སྤུན་ཆ་ གའི་ཡཱུས་ཀྱི་འབད་མི་ལཱ་ ཆ་བཞག་དགོ་པའི་སྐོར་ལས་ཨིན་མས། ག་ཅི་སྨོ་ཟེར་བ་ཅིན་ ཁོ་གིས་ དཀོན་མཆོག་གི་ཞབས་ཕྱིཔ་ངོ་མ་ཚུ་ ཕར་དང་ཚུར་ གཏམ་བཟང་བཤད་པ་འགྱོ་མི་ཚུ་ལུ་ བསུ་ལེན་འབད་དེ་ བརྩི་མཐོང་བསྐྱེད་ནུག།