༄༅། །མེ་ཐིའུ་གིས་བྲིས་མི་གཏམ་བཟང་བཞུགས་སོ།།
མེ་ཐིའུ་ལེའུ་
ངོ་སྤྲོད།
མེ་ཐིའུ་གི་གཏམ་བཟང་འདི་ ཡ་ཧུ་ད་པའི་དདཔ་ཅན་ཚུ་གི་དོན་ལུ་ བྲིས་བྲིསཝ་ཨིན་མས། བྲིས་མི་འདི་ ཡེ་ཤུའི་སློབ་མ་བཅུ་གཉིས་ཀྱི་གྲལ་ཁ་ལས་ ཁྲལ་བསྡུ་མི་ ལེ་ཝི་ཟེར་ཡང་སླབ་མི་ མེ་ཐིའུ་ཨིན། མེ་ཐིའུ་གིས་ ཡེ་ཤུའི་ལོ་རྒྱུས་ཚུ་འབྲིཝ་ད་ ཁོང་དེབ་ལྷག་མི་ཚུ་གི་སེམས་ཁར་ ཡེ་ཤུ་གི་སྐོར་ལས་ འདས་པའི་ལུང་བསྟན་ཚུ་དང་གཅིག་ཁར་ འབྲེལ་བ་ཡོད་པའི་ལོ་རྒྱུས་ཚུ་ མཐོང་ནིའི་དོན་ལས་ ཁོ་གིས་ག་དེ་མང་མང་ ལུང་བསྟན་ཚུ་གི་སྐོར་ལས་བྲིས་ནུག
ཡེ་ཤུ་འདི་ རྒྱལཔོ་ དཱ་བིད་ཀྱི་རིགས་བརྒྱུད་ལས་ དཀོན་མཆོག་གིས་ཁས་བླངས་བཞེས་གནང་མི་ རྒྱལཔོ་དང་སྐྱབས་མགོན་ཨིན་ རྒྱུ་མཚན་འདི་ལུ་བརྟེན་ཏེ་ མེ་ཐིའུ་གི་དེབ་འདི་ ཡེ་ཤུ་གི་སྐུ་འཁོར་གྱི་བརྒྱུད་པ་ལས་འགོ་བཙུགས་ཏེ་ བྲིས་ནུག་ དེ་སྦེ་བྲིས་དགོ་མི་འདི་ཡང་ ཡ་ཧུ་ད་པ་ཆ་ཁྱབ་ཀྱིས་ བྲིས་སྲོལ་དེ་ལུ་ གཙོ་བོ་བསྟེནམ་ཨིན་མས། མེ་ཐིའུ་གིས་ ཡེ་ཤུ་མ་འོང་པ་ལུ་ རྒྱལ་སྲིད་སྐྱོང་ནིའི་སྐོར་ལས་དང་ ཁོ་ལོག་བྱོན་ནིའི་སྐོར་ལས་ རྒྱ་ཆེ་བའི་ཐོག་ལས་བྲིས་ནུག
ཡེ་ཤུ་པའི་སྐོར་ལས་ དྲན་ཐོ་ལེགས་ཤོམ་ཡང་ མེ་ཐིའུ་གི་གཏམ་བཟང་ནང་ ཡོདཔ་ཨིནམ་མ་ཚད་ ང་བཅས་དང་དཀོན་མཆོག་གི་བར་ན་ དེ་ལས་ང་བཅས་མི་དང་གཅིག་ཁར་ འབྲེལ་བ་ག་དེ་སྦེ་འཐབ་དགོཔ་ཨིན་ན་ དེ་གི་སྐོར་ལས་མཐོང་ཚུགས་ འདི་ནང་སྙན་གྲགས་ཅན་ཐོན་མི་གཅིག་དེ་ སྒང་གུ་སྟོན་མི་ཆོས་ཟེར་ཡང་སླབ་སྲོལ་ཡོད།།