༄༅། །མཱར་ཀུ་གིས་བྲིས་མི་གཏམ་བཟང་བཞུགས་སོ།།
མཱར་ཀུ་ལེའུ་
ངོ་སྤྲོད།
མཱར་ཀུ་གི་གཏམ་བཟང་འདི་ ཡོ་ཧ་ནཱན་མཱར་ཀུ་ཟེར་མི་གིས་ བྲིས་བྲིསཝ་ཨིན་མས། ཁོ་ག་སྨོ་ཟེར་བ་ཅིན་ པེ་ཏྲོ་བཙོན་ཁང་ནང་སྡོད་པའི་བསྒང་ལུ་ དདཔ་ཅན་ཚུ་གིས་ པེ་ཏྲོ་བཙོན་ཁང་ནང་ལས་ཐར་ཚུགས་བའི་དོན་ལུ་ མཱར་ཀུ་གི་ཁྱིམ་ནང་འཛོམས་ཏེ་ སྨོན་ལམ་ཞུ་ནུག ཁོ་གིས་བྲིས་མི་འདི་ མང་ཤོས་རང་ པེ་ཏྲོ་ཁོ་ར་ལས་ ཧ་གོ་སྟེ་ཡོདཔ་བཞིན་དུ་ བྲིས་བྲིསཝ་ཨིན་མས། མཱར་ཀུ་གི་གཏམ་བཟང་འདི་ མང་ཤོས་རང་ཡེ་ཤུ་གིས་མཛད་མི་ཕྱག་ལཱ་ཚུ་གི་སྐོར་ལས་ཨིན། ཁོ་གིས་ ཡེ་ཤུའི་སྐུ་ཚེ་ནང་ ལོ་གསུམ་གྱི་རིང་ལུ་བྱུང་མི་འདི་ཚུ་ག་ར་ དཔེ་འབད་བ་ཅིན་ དྲོ་པ་ལས་འགོ་བཙུགས་ཏེ་ ཕྱི་རུ་ཚུན་ཚོད་ ཉིནམ་གཅིག་གི་ལཱ་འབད་དོཝ་བཟུམ་གྱི་མཐོང་སྣང་བཟུམ་སྦེ་ ཁོ་གིས་བྲིས་ནུག
མཱར་ཀུ་གི་སེམས་ཁར་ ཡེ་ཤུ་འདི་མི་སེར་ཚུ་ལུ་གྲོགས་རམ་མཛད་པ་འབྱོན་འབྱོནམ་ཨིན་ཟེར་བའི་ ཁུངས་བཀལ་ཏེ་བྲིས་ནུག མཱར་ཀུ་དེབ་འདི་ ཐུང་ཀུ་གཅིག་ཨིན་ དེ་འབདཝ་ད་ རིག་རྩལ་ཅན་སྦེ་བྲིས་ཏེ་ཡོད། དྲནམ་བཏོན་ཏེ་ ལྷག་མི་ཚུ་གིས་ དེ་ནང་གི་ཚིག་བཅད་ཚུ་ རེ་རེ་ཞིན་དུ་འགྲེལ་བཤད་རྐྱབ་སྟེ་མེད་རུང་ ཡེ་ཤུ་གིས་མཛད་མི་དང་འཁྲིལ་ཏེ་ ལུང་བསྟན་ཚུ་ དོན་དག་འགྲུབ་ནུག་ཟེར་ ཧ་གོ་ཚུགས།།