༄༅། །ལུ་ཀ་གིས་བྲིས་མི་གཏམ་བཟང་བཞུགས་སོ།།
ལུ་ཀ་ལེའུ་
ངོ་སྤྲོད།
ལུ་ཀ་གི་གཏམ་བཟང་འདི་ དྲུང་འཚོ་ ལུ་ཀ་ཟེར་མི་ སྐུ་ཚབ་ པའུལ་ ས་གནས་ཐདམ་ཐད་ཁར་ལུ་ གཏམ་བཟང་བཤད་པ་འགྱོཝ་ད་ ཁོ་དང་གཅིག་ཁར་ ལམ་འགྲུལ་འབད་མི་དེ་གིས་ བྲིས་བྲིསཝ་ཨིན་མས། ལུ་ཀ་གི་དེབ་ཀྱི་འཕྲོ་མཐུད་འདི་ མཛད་པ་གི་དེབ་ཨིནམ་ལས་བརྟེན་ཏེ་ བྲིས་མི་འདི་ཡང་ ཁོ་རང་ཨིན།
ལུ་ཀ་གིས་ ཁོ་གི་དེབ་འདི་ བརྟག་དཔྱད་ལེགས་ཤོམ་འབད་དེ་ བྲིས་བའི་སྐོར་ལས་ ཁོ་གིས་བྲིས་མིའི་དེབ་ཀྱི་འགོ་བཙུགས་ཐངས་ནང་མཐོང་པས། ཁོ་གི་སེམས་ཁར་ མི་སྤྱང་ཀ་དང་བདག་འཛིན་མ་འཐབ་པར་བཞག་མི་ཚུ་གི་ཚ་གྱང་འབག་སྟེ་ དེ་ཚུ་གི་སྐོར་ལས་ ཡེ་ཤུ་གི་ལོ་རྒྱུས་ལེ་ཤ་ བསྡུ་སྟེ་བྲིས་ནུག་ དེ་ལས་ དེ་བཟུམ་མའི་མི་ཚུ་ལུ་ ཡེ་ཤུ་གིས་ གཅེས་སྐྱོང་མཛད་ནིའི་ ཐུགས་བསམ་བཞེས་ཏེ་ གསུང་པའི་སྐོར་ལས་ཡང་ཡོད།
ཡེ་ཤུ་གི་གསུངས་མི་ དཔེ་གཏམ་ལེ་ཤ་ གཅིག་ཁར་བསྡུ་སྒྲིག་འབད་དེ་ཡོད། གཏམ་བཟང་གི་དེབ་བཞི་གི་གྲལ་ལས་ ལོ་རྒྱུས་ཚངམ་སྦེ་ཡོད་མི་དེ་ ལུ་ཀ་ཨིན་མས། འདི་ནང་ ཡེ་ཤུ་སྐུ་མ་འཁྲུངས་པའི་ཉིན་མ་ལས་འགོ་བཙུགས་ཏེ་ ཞིང་ཁམས་ལུ་མ་བྱོན་ཚུན་ཚོད་ཀྱི་སྐོར་ལས་ཐོབ་ཚུགས་པས། ལྷག་པར་དུ་ གཏམ་བཟང་གི་དེབ་བཞི་གི་གྲལ་ལས་ དེབ་རིང་ཤོས་དེ་ ལུ་ཀ་གི་དེབ་དེ་ཨིན་ དེབ་འདི་ཡ་མཚན་ཆེ་ཏོག་ཏོ་གཅིག་ཨིན་མས།