༄༅། །ཡོ་ཧ་ནཱན་གྱིས་བྲིས་མི་གཏམ་བཟང་བཞུགས་སོ།།
ཡོ་ཧ་ནཱན་ལེའུ་
ངོ་སྤྲོད།
ཡོ་ཧ་ནཱན་གྱི་གཏམ་བཟང་འདི་ གཏམ་བཟང་གཞན་དང་ མ་འདྲཝ་སྦེ་ཡོདཔ་ཨིན། འདི་ནང་ ཡེ་ཤུ་གི་གསུང་གྲོས་ ཡུན་རིངམ་སྦེ་གནང་མི་དང་ ཆོས་གསུངས་མི་ཚུ་ ཁོ་རང་དང་གཅིག་ཁར་ ཨ་རྟག་རང་འབྲེལ་བ་འཐབ་མི་སློབ་མ་གཅིག་གིས་ ཡིག་ཐོག་བཀོད་དེ་བཞག་ཡོདཔ་ཨིན་མས། སློབ་མ་འདི་ ཡོ་ཧ་ནཱན་ཁོ་རང་ཨིན་མས། གཏམ་བཟང་འདི་ནང་ ཡེ་ཤུ་འདི་ དཀོན་མཆོག་གི་ དབང་ཚད་ཅན་གྱི་སྲས་སྦེ་ སྟོནམ་ཨིནམ་མ་ཚད་ ཁོ་རང་གི་འགྲོ་བ་མི་ལུ་ཡང་ བྱམས་པ་དང་བརྩེ་བ་མཛད་དེ་ཡོད་མི་ཚུ་ ང་བཅས་ཀྱིས་མཐོང་ཚུགསཔ་ཨིན།
ཡོ་ཧ་ནཱན་གྱིས་ ཡེ་ཤུ་འཁྲུངས་པའི་སྐོར་ལས་ མ་འདྲཝ་སྦེ་ཡང་སྟོན་ཏེ་ཡོད། ག་ར་མཛད་གནང་མི་ དཀོན་མཆོག་ མིའི་ལུས་ནང་བྱོན་པའི་སྐོར་ལས་དང་ འཛམ་གླིང་གི་གནག་དུང་ནང་ འོད་ཤར་བ་བྱོན་པའི་སྐོར་ལས་དང་ ཡེ་ཤུ་འདི་ ལམ་དང་ བདེན་པ་དང་ ཚེ་ཨིན་ཟེར་བའི་སྐོར་ལས་བྲིས་ཏེ་ཡོད། གཏམ་བཟང་འདི་ནང་ ཁག་ཆེ་ཤོས་ཀྱི་སློབ་སྟོན་གཞན་ ག་ཅི་ཡོད་ག་ཟེར་བ་ཅིན་ དམ་པའི་ཐུགས་ཉིད་ཀྱི་སྐོར་ལས་ཡོད།།