༄༅། །སྐུ་ཚབ་པའུལ་གྱིས་རོམ་མི་ལུ་གཏང་མི་ཡི་གུ་བཞུགས་སོ།།
རོམ་མི་ལེའུ་
ངོ་སྤྲོད།
པའུལ་གྱིས་བྲིས་མི་ཡི་གུ་ཚུ་གི་གྲལ་ལས་ རིང་ཤོས་འདི་ རོམ་མི་ལུ་གཏང་མི་ཡི་གུ་འདི་ཨིན། ཡི་གུ་འདི་ རོམ་གྱི་ཁྲོམ་ཁར་སྡོད་མི་ དདཔ་ཅན་ཚུ་ལུ་བྲིས་བྲིསཝ་ཨིན་མས། དེབ་འདི་ནང་ ཁོ་གིས་ ང་བཅས་ཀྱི་སྡིག་པ་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་ལེ་ཤ་རང་སླབ་ཡོད་པའི་ཁར་ ང་བཅས་འབད་ཐབས་མེད་པར་སྡོད་པའི་རིང་ལུ་ དམ་པའི་ཐུགས་ཉིད་ཀྱི་དབང་ཤུགས་ཀྱིས་ ང་བཅས་ལུ་རྒྱལ་ཁ་གནང་སྟེ་ དབང་ཤུགས་ཅན་ལུ་ འགྱུར་གནང་བའི་སྐོར་ལས་ བཤད་དེ་བྲིས་ནུག
དེ་ལས་ པའུལ་གྱིས་ཁོ་རའི་མི་སེར་ ཨཱིས་ར་ཨཱེལ་པ་ཚུ་གི་སྐོར་ལས་ ཁོང་ག་ར་སྐྱབས་ཐོབ་བཅུག་ཟེར་ པའུལ་ཁོ་རང་རེ་བ་བསྐྱེད་དེ་སྡོདཔ་ཨིན་ཟེར་བྲིས་ནུག ཡི་གུ་འདི་ནང་ཡང་ པའུལ་གྱིས་ ང་བཅས་ཀྱི་དད་པ་འདི་ ཡེ་ཤུ་ལུ་བསྐྱེདཔ་ད་ སྡིག་བཤགས་ཐོབ་ནི་དང་ དཀོན་མཆོག་གི་གཟིགས་སར་ ཁོ་རའི་ཐུགས་དང་ལྡན་པའི་ མི་ཕྲངམ་སྦེ་མཛད་གནང་བའི་སྐོར་ལས་ པའུལ་གྱིས་ན་འཐན་སྦེ་དྲན་པ་བཏོན་ འགྲེལ་བཤད་བརྐྱབས་ཏེ་བྲིས་ནུག།