༄༅། །ཀོ་རཱིན་ཐི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་དང་པ་བཞུགས་སོ།།
ཀོ་རཱིན་ཐི་དང་པ་ལེའུ་
ངོ་སྤྲོད།
ཀོ་རཱིན་ཐི་དང་པ་དང་གཉིས་པ་འདི་ ཀོ་རཱིན་ཐི་གི་ཁྲོམ་ནང་ཡོད་མི་ཆོས་ཚོགས་ལུ་ བྲིས་བྲིསཝ་ཨིན་མས། ཁྲོམ་འདི་ནང་ པའུལ་གྱིས་ ལོ་ཕྱེད་དང་གཉིས་དེ་ཅིག་ ཡེ་ཤུ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལས་ སློབ་སྟོན་འབད་ནུག དེ་ལས་ ཁོ་ས་གནས་གཞན་ཁར་ གཏམ་བཟང་བཤད་པ་འགྱོ་ཚར་བའི་ཤུལ་ལས་ མི་ལ་ལུ་ཅིག་ ཆོས་ཚོགས་ནང་འོངས་ཏེ་ སློབ་སྟོན་སོ་སོ་སྦེ་སྟོན་ཏེ་ ཆོས་ཚོགས་ནང་ན་ མ་སྒྲིགཔ་ལེ་ཤ་རང་བྱུང་ནུག
ལྷག་པར་དུ་ ཆོས་ཚོགས་འདི་ནང་གི་འཐུས་མི་གཅིག་གིས་ ངོ་ཚ་བའི་སྡིག་པ་འབད་དེ་ པའུལ་གྱིས་ མི་དེ་ལུ་སྲ་ཀྲག་སྦེ་ཡི་གུ་བྲིས་བཏང་སྟེ་བཅོ་ཁ་རྐྱབ་ནུག གནད་དོན་འདི་གིས་ པའུལ་དང་ཆོས་ཚོགས་ཀྱི་བར་ན་ མ་སྒྲིགཔ་སྦོམ་ཐོན་ནུག དེ་འབདཝ་ལས་ ཡི་གུ་འདི་ནང་ པའུལ་དང་ཆོས་ཚོགས་ཀྱི་བར་ན་ ལོ་རྒྱུས་སླབ་པའི་སྐོར་ལས་དང་ ཁོ་གིས་འབད་བ་ཅིན་ ཆོས་ཚོགས་ཀྱི་ནང་ན་སྒྲིགཔ་བཟོ་སྟེ་ ཡར་རྒྱས་འགྱོ་ནིའི་མནོ་བསམ་དང་ རེ་བ་ཡོད་པའི་སྐོར་ལས་ཨིན་མས།
དེ་ལས་ཡི་གུ་དེ་ནང་ལུ་ གཙོ་བོའི་ཚོགས་སྟོན་གྱི་སྐོར་ལས་སློབ་སྟོན་དང་ ག་དེམ་ཅིག་སྦེ་ མི་གཞན་གྱིས་ ང་བཅས་ལུ་སྐུ་ལུ་ཕུལ་མི་ཚོགས་རེ་བྱིན་པ་ཅིན་ ག་དེ་སྦེ་འབད་དགོཔ་ཨིན་ན་དང་ དེ་མ་ཚད་ གཉེན་རྐྱབ་ནི་ཨིན་ན་ ཡང་ན་རང་རྐྱངམ་སྦེ་སྡོད་ནི་ཨིན་ན་ འདི་ཚུ་གི་སྐོར་ལས་ཡོད། ལེའུ་ལ་ལུ་ནང་ དམ་པའི་ཐུགས་ཉིད་ཀྱི་གསོལ་རས་ཀྱི་སྐོར་ལས་ཡོད། བྱམས་པ་གི་སྐོར་ལས་ ལེའུ་ཡ་མཚན་ཆེ་ཏོག་ཏོ་གཅིག་ཡོད། དེ་ལས་ ལོག་གསོན་པོ་སྦེ་ལོང་ནིའི་སྐོར་ལས་དང་ ཤི་ཚར་བའི་ཤུལ་ལས་ ང་བཅས་ཀྱི་ལུས་འདི་ ག་དེ་སྦེ་འགྱུར་ནི་ཨིན་ན་ དེ་ཚུ་གི་སྐོར་ལས་ཐོབ་ཚུགས།།