༄༅། །ཀོ་རཱིན་ཐི་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་གཉིས་པ་བཞུགས་སོ།།
ཀོ་རཱིན་ཐི་གཉིས་པ་ལེའུ་
ངོ་སྤྲོད།
ཀོ་རཱིན་ཐི་གཉིས་པ་འདི་བྲིསཝ་ད་ པའུལ་གནམ་མེད་ས་མེད་འུ་སྡུག་སྟེ་འབད་རུང་ ཁོ་གིས་ དཀོན་མཆོག་ལུ་ དད་པ་དང་ བློ་གཏད་ དེ་ལས་རེ་བ་ཚུ་ མ་རྫོགས་པར་བྲིས་ནུག ཡི་གུ་འདི་ནང་འགྲོ་བ་མིའི་རང་བཞིན་དེ་ སྟོབས་ཤུགས་མེད་ཟེར་བའི་སྐོར་ལས་ ང་བཅས་ལུ་མཐོང་བཅུག་ནི་སྦེ་ཨིན་མས། དེ་ལས་གཙོ་བོ་གི་ཕྱག་ཞུཝ་ད་ ཁོ་གིས་དཀའ་སྡུག་མྱོང་སྟེ་འབད་རུང་ སེམས་གསོ་ཐོབ་ཡོད་པའི་སྐོར་ལས་ཡང་ འདི་ནང་བྲིས་ཏེ་འདུག ཁོ་ལུ་སྐྱོན་བཏགས་མི་ཚུ་ལུ་ ཁོ་གིས་ལན་མ་བཏུབ་བཏུབ་སྦེ་ རྐྱབ་པའི་སྐོར་ལས་དང་ ཁུངས་བཀལ་བའི་སྐོར་ལས་མཐོང་ཚུགས།
དེ་ལས་ ཡི་གུ་འདི་ནང་ སློབ་སྟོན་ཁག་ཆེ་ཏོག་ཏོ་ཚུ་ཐོབ་ཚུགས། དེ་ཚུ་ཡང་ ང་བཅས་དད་པ་ནང་ སྒྲིང་སྒྲིང་འགྱོཝ་ད་ དཀོན་མཆོག་གི་གཟི་བརྗིད་དེ་ ང་བཅས་ཀྱི་ནང་ན་ གཟུགས་བརྙན་ཤར་དོཝ་བཟུམ་སྦེ་མཐོང་ཚུགས་ཟེར་བའི་སྐོར་ལས་ དེ་ལས་ རང་ཁེ་རྒོ་མེད་པར་སྡོདཔ་ད་ལུ་ དཀོན་མཆོག་དེ་ ང་བཅས་ཀྱི་ནང་ན་ སྒྲིང་སྒྲིང་སྦེ་མཛད་གནང་མི་དེ་མཐོང་ཚུགས། དེ་མ་ཚད་ དཀོན་མཆོག་གིས་ ང་བཅས་ཆ་ཁྱབ་ལུ་ མཐུན་ལམ་བཟོ་ནི་གི་ལཱ་འགན་གནང་ཡོདཔ་དང་ ཁོ་གི་བྱམས་པ་གིས་ གཏམ་བཟང་བཤད་ནི་ལུ་ སྙིང་རུས་ག་དེ་སྦེ་བསྐྱེད་བཅུགཔ་ཨིན་ན་ དེ་ཚུ་ག་ར་གི་སྐོར་ལས་ཐོབ་ཚུགས་ ཨ་ནི་ཡི་གུ་འདི་ནང་ལས་ གཙོ་བོ་གི་ཕྱག་ཞུ་མི་ཚུ་དང་ འུ་སྡུག་ ཐང་ཆད་ དེ་ལས་སེམས་ཤི་སྟེ་སྡོད་མི་ཚུ་ལུ་ སེམས་གསོ་སྦོམ་ཐོབ་ཚུགས།།