༄༅། །ག་ལ་ཏི་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་བཞུགས་སོ།།
ག་ལ་ཏི་ལེའུ་
ངོ་སྤྲོད།
ག་ལ་ཏི་དེ་ ཁྲོམ་གཅིག་གི་མིང་མེན་པར་ ཁྲོམ་ལེ་ཤ་ཡོད་མི་ ས་གནས་སྦོམ་གཅིག་གི་མིང་ཨིན་མས། ཀོ་རཱིན་ཐི་གི་ཁྲོམ་ཁར་བྱུང་དོཝ་བཟུམ་སྦེ་རང་ པའུལ་བྱོན་ཚར་བའི་ཤུལ་ལས་ སློབ་དཔོན་གཞན་ཚུ་འོངས་ཏེ་ དདཔ་ཅན་ཚུ་གིས་ ཡ་ཧུ་ད་པའི་ལུགས་སྲོལ་ཚུ་སྒྲིག་དགོ་ཟེར་ ག་ལ་ཏི་ནང་སྟོན་དོ་ཡོདཔ་ཨིན་མས། གཙོ་བོ་རང་ ཡ་ཧུ་ད་པའི་རྟགས་བཀལ་དགོ་ཟེར་སྟོན་དོཝ་ཡོདཔ་ཨིན་མས། དེ་ཚུ་ལུ་བལྟ་སྟེ་ པའུལ་སེམས་ཕམ་སྟེ་ ཁོང་ལུ་བཅོ་ཁ་རྐྱབ་ནིའི་དོན་ལས་ ཡི་གུ་ནང་ ང་བཅས་ཁིརཱིས་ལུ་དད་པ་སྐྱེདཔ་ད་ སྒྲིགས་ལམ་དང་ལུགས་སྲོལ་ཚུ་སྲུང་ནི་ལས་ རང་དབང་ཐོབ་སྟེ་ཡོད། དེ་གིས་མ་ཚད་ དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཐོབ་ཨིན་ཟེར་མཐོང་ཚུགས།
ང་བཅས་ལུ་སྣ་འཁྱིད་མི་དེ་ དཀོན་མཆོག་གི་ཐུགས་ཉིད་ཨིན། དེ་ལས་ ང་བཅས་ཀྱིས་ཁོ་ལུ་ཉནམ་ད་ ཕྲངམ་དང་འཛོལ་བ་ཚུ་ག་ཅི་ཨིན་ན་ ཁོ་རང་གིས་ང་བཅས་ལུ་སྟོན་གནང་འོང་། ཡེ་ཤུ་པའི་ཆོས་ལུགས་དེ་ འབད་དགོཔ་དང་ འབད་མ་དགོཔ་ག་ཅི་ཨིན་ན་ འདི་གི་སྐོར་ལས་མེན་པར་ ཁིརཱིས་ང་བཅས་ཀྱི་ནང་ན་བཞུགསཔ་ལས་བརྟེན་ཏེ་ ང་བཅས་མི་ག་བཟུམ་གཅིག་ཨིན་ན་ དེ་གི་སྐོར་ལས་ཨིན། ད་རུང་ པའུལ་གྱི་མི་ཚེ་ནང་ དད་པ་བསྐྱེད་ཚར་བའི་ཤུལ་ལས་ ག་ཅི་རང་བྱུང་ཡི་ག་ དེ་གི་སྐོར་ལས་ཡང་ ག་ལ་ཏི་གི་ཡི་གུ་ནང་མཐོང་ཚུགས།།