༄༅། །ཨི་ཕི་སི་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་བཞུགས་སོ།།
ཨི་ཕི་སིཔ་ལེའུ་
ངོ་སྤྲོད།
པའུལ་གྱིས་བྲིས་མི་ཡི་གུ་ཚུ་གི་གྲལ་ལས་ ཨི་ཕི་སི་ལུ་བྲིས་མི་དེ་ གཞན་དང་མ་འདྲ་བའི་ཡི་གུ་ གཏིང་ཟབ་དྲགས་ཅིག་ཨིན་མས། འདི་ནང་ དཀོན་མཆོག་གིས་ ང་བཅས་ལུ་བྱམས་པ་མཛད་དེ་ ཁིརཱིས་ལུ་ང་བཅས་ཀྱིས་དད་པ་བསྐྱེད་བའི་ཐོག་ལས་ ང་བཅས་སྐྱབས་ཐོབ་ནིའི་འཆར་གཞི་མཛད་གནང་ཡོདཔ་མ་ཚད་ ཁོ་ལུ་དད་པ་བསྐྱེད་མི་ཆ་མཉམ་དང་གཅིག་ཁར་ ང་བཅས་བཟའ་ཚན་གཅིག་སྦེ་མཛད་ནིའི་སྐོར་ལས་ ལོ་རྒྱུས་ཚུ་ཡོད། ད་རུང་ང་བཅས་དདཔ་ཅན་ཚུ་གི་བར་ན་ མཐུན་ལམ་གཅིག་མཐུན་བཞག་དགོ་བའི་སྐོར་ལས་དང་ མི་རེ་རེ་གིས་ག་ར་ལུ་ དད་པ་ནང་ཡར་རྒྱས་འགྱོ་ཞིན་ན་ ཁིརཱིས་བཟུམ་སྦེ་འགྱུར་ནིའི་དོན་ལས་ ཕན་གྲོགས་འབད་དགོ་པའི་སྐོར་ལས་ཡོད། དེ་མ་ཚད་ ཁིརཱིས་ལུ་ ངན་པ་གི་དབང་དང་འབངས་ཚུ་ལས་ རྒྱལ་ཁ་ཐོབ་ནིའི་དབང་ཚད་ཡོདཔ་ལས་བརྟེན་ཏེ་ ང་བཅས་ཆ་ཁྱབ་ཀྱིས་ཡང་ དཀོན་མཆོག་གི་དགྲ་ཆས་ལག་ལེན་འཐབ་སྟེ་ སྒྲིང་སྒྲིང་སྦེ་སྡོད་ནི་དང་ ངན་པའི་དབང་ཚུ་ ཕམ་གཏང་པའི་དབང་ཚད་གནང་ཡོད་ཟེར་ པའུལ་གྱིས་སྟོན་གནང་སྟེ་ཡོད།