༄༅། །སྐུ་ཚབ་ཡོ་ཧ་ནཱན་གྱིས་བྲིས་མི་ཡི་གུ་གཉིས་པ་བཞུགས་སོ།།
ཡོ་ཧ་ནཱན་གཉིས་པ་ལེའུ་
ངོ་སྤྲོད།
ཡོ་ཧ་ནཱན་གྱི་བྲིས་མི་ཡི་གུ་ གཉིས་པ་འདི་ བཙག་འཐུ་མཛད་མི་ཨམ་གཅིག་ལུ་གཏང་ནུག ན་འཐན་སྦེ་བལྟ་བ་ཅིན་ ཨ་ནི་ཨམ་འདི་ མི་མེན་པར་ སྐུ་ཚབ་ཁོ་རང་གི་བདག་འཛིན་འབད་མི་ ཆོས་ཚོགས་གཅིག་འོང་ནི་ཨིན་མས། ཡི་གུ་འདི་ནང་ ཡེ་ཤུ་འདི་ མི་གི་ལུས་ནང་མ་འབྱོན་ཟེར་སླབ་མི་ སློབ་དཔོན་རྫུས་མ་ཚུ་འོངས་ཏེ་ སྟོན་མི་སློབ་སྟོན་ཚུ་ལས་ ན་འཐན་རིགཔ་བསྒྱིམ་ཟེར་ ཉེན་བརྡ་ འབད་ནུག དེ་ལས་ཆོས་ཚོགས་ཀྱིས་ བལྟ་དགོཔ་ཚུ་ཡང་ ག་ཅི་རང་ཨིན་ན་ཟེར་བ་ཅིན་ ཆོས་ཚོགས་ནང་འོང་མི་ཚུ་གིས་ ཆོས་ག་ཅི་རང་སྟོན་དོ་ག་དང་ ག་དེམ་ཅིག་སྦེ་ ཡེ་ཤུ་ཁིརཱིས་ཀྱི་སྟོན་མི་ སློབ་སྟོན་བདེན་པ་ཚུ་ མ་སྟོནམ་འདྲཝ་ཅིག་འབད་བ་ཅིན་ ཁོང་ལུ་བསུ་ལེན་མ་འབད་ཟེར་ ཡོ་ཧ་ནཱན་གྱིས་བྲིས་ནུག།