ཕི་ལེ་མོན་ལ་ པ་འུ་ལུའི་ ཆག་འབྲི་།
པ་འུ་ལུའི་ ཆོག་ནི་ འཇུ་།
1
འི་ ཡི་རྒེ་རྦོ་ མ་ཤི་ཀ་ ཡི་ཤུའི་ ཏོན་ལ་ ཙོན་པ་ པ་འུ་ལུ་ རྡང་ ཨ་ཧོའེ་ སྤུན་ ཏི་མོ་ཐི་ ཆོག་ནི་ འིན་།
ངེ་ ང་ཞ་ ཉམ་པོ་ ལེ་ཧ་ ཅོ་ཀན་ ཁྲོ་པ་ ཤེ་སྤ་ ཕི་ལེ་མོན་ལ་ འབྲི་ཡོད་། 2 ཡང་ ང་ཞི་ སྲིང་མོ་ ཨ་ཕི་ཡཱ་, མ་ཤི་ཀེ་ཕི་ མག་མི་ ཁྲོ་པ་ སྤུན་ ཨར་ཀིབ་པུ་ རྡང་ ཁྱེ་རང་ངེ་ ཁང་པེ་ན་ ཛོམ་མེན་ ཡོ་ཀ་ནེ་ ཆོའེ་ཚོག་ལ་ འབྲི་ཡོད་།
3 ཨ་ཧོའེ་ ཀོན་འཇོག་ ཡབ་ ཏང་ ཙོབོ་ ཡི་ཤུ་ མ་ཤི་ཀ་རྒུ་ནི་ ཁྱི་ཞ་རྒུན་ལ་ ཐུག་ཞེ་ རྡང་ ཞིའི་རྡེ་ སལ་ཤིག་།
པ་འུ་ལུའི་ མོ་ལམ་ འདང་ ཐུག་ཞེ་ཆེ་ ཞུའི་།
4 ཕི་ལེ་མོན་ ཁྱེ་རང་ངེ་ཕི་ མོ་ལམ་ ཞུ་ཟ་ནི་, ངེ་ ཏུའི་རྒྱུན་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུ་ཡོད་, 5 ཅེ་ཟེར་ནི་ ཁྱེ་རང་ངེ་ ཙོབོ་ ཡི་ཤུའི་ན་ ཏེཏ་པ་ རྡང་, ཀོན་འཇོག་རྒེ་ མི་ ཚང་མེ་ཕི་ ཏམ་པ་ ཚང་མེ་ཕི་ ཤེ་སྤ་ ཡོ་ཀན་འབེ་ ཧོར་ལ་ ཚོར་། 6 མ་ཤི་ཀེ་ ཨ་ཧོ་རྒུན་ལ་ སལ་ལེ་ ཛེད་ཀན་ ཅིན་ལབ་ ཚང་མ་ ཁྱེ་རང་ལ་ ཉིང་ངེ་ ཐིལ་ནི་ ཧ་ཀོ་རྡེ་, ཞེན་མ་རྒུན་ ཉམ་པོ་ ཁྱེ་རང་ངེ་ ཏེཏ་པ་རྦོ་ རྒོ་ཉེན་ཅེ་ལ་ ངེ་ མོ་ལམ་ ཞུ་ཡོད་། 7 ཁྱེ་རང་ངེ་ ཤེ་སྤེ་, ང་ སེམ་རུའི་ རྡང་ རྒ་མོ་ མང་པོ་ རྡང་, ཅེ་ཟེར་ནི་ ངེ་ སྤུན་, ཁྱེ་རང་ངེ་ ཀོན་འཇོག་རྒེ་ ཏམ་པེ་ མི་རྒུ་ནི་ ཉིང་ལ་ སེམ་རུའི་ ཏྃ་རྡེ་ ནོག་།
པ་འུ་ལུའི་ ཨོ་ནེ་སི་མུ་ཕི་ ཞུ་ཝ་།
8 ཏོ་རྦེ་ཕི་ ཞེན་ཏེ་ མ་ཤི་ཀེ་ན་ ངེ་ ཁྱེ་རང་ལ་ འོའེ་སྤ་འབོ་ ཅོའེ་ ཟེར་རྡེ་ ཀཱ་ཏང་ཅེ་ ཝང་ ཡོད་རྡེ་, 9 ཨ་ཧོའེ་ ཤེ་སྤ་ ཅོའེ་རྡེ་ ངེ་ ཁྱེ་རང་ལ་ འི་ ཞུ་ཝ་རྦོ་ འིན་། ང་ པ་འུ་ལུ་ མི་རྒན་ཞིག་ ཏང་ མ་ཤི་ཀ་ ཡི་ཤུའི་ ཞབ་རྟོག་ ཞུ་ཅེ་རྦེ་, ཏག་ས་ ཙོན་པ་ཞིག་ འིན་འབེ་, 10 ཁྱེ་རང་ལ་, ངེ་ པུ་ཙ་ ཙོག་སེ་ ཨོ་ནེ་སི་མུའི་ ཏོན་ལ་ ཞུ་ཝ་ ཞུ་ཡོད་། འི་རུ་ ཙོན་ཁང་ངེ་ན་ ཡོད་ཟ་ནི་, ཏེཏ་པེ་ན་ ང་ ཁོའེ་ ཨ་རྦ་ འགྱུར་། 11 ངུལ་ལ་ ཨོ་ནེ་སི་མུ་a ཁྱེ་རང་ངེ་ཕི་ ཕན་མི་ཐོག་ཞིག་ ཡོད་པེན་, འིན་ན་ ཏ་ ཏག་ས་ ཨ་ཧོ་ ཉ་ཧེ་ ཏོན་ལ་, ཁོ་ ཧོཔ་ ཕན་ཏོག་ཅེན་འཇིག་ འགྱུར་རྡེ་ ནོག་། 12 ཞེན་ ཁོ་ ངེ་ ཉིང་འབོ་ འིན་ན་, ངེ་ ཁོ་ ཁྱེ་རང་ས་ ལོག་ཏེ་ ལམ་ཅུག་རྒེན་།
13 ནེ་ཚུལ་ ཟང་པོ་ ཤེད་ཅེ་ ཅོའེ་རྡེ་ ང་ འི་རུ་ ཙོན་ཁང་ངེ་ན་ ཡོད་ཟ་ནི་, ཁོའེ་ ང་ ཁྱེ་རང་ངེ་ ཚབ་ ཅོའེ་རྡེ་ ཡ་ཏོ་ ཅོ་ཅེ་ཕི་, ཁོ་ འི་རུ་ ང་རང་ ཉམ་པོ་ པོར་ཤེ་ འདོད་པ་ རག་། 14 འིན་ན་ ཁྱེ་རང་ངེ་ཀ་ནི་ རྒོང་སྤ་ མེད་པེ་, ངེ་ ཅང་ཀ་ ཅོ་ཉིན་ མེ་རག་། ཁྱེ་རང་ལ་ ཝང་ ཏྃ་རྡེ་ མན་, ཐེད་པོ་ ཉམ་པོ་ ང་ ཡ་ཏོ་ ཅོ་ཅེ་ འདོད་པ་ ཅོའེན་། 15 ཅི་ རྒྱུའི་, ཁོ་ ཁྱེ་རང་ ཉམ་པོ་ ཞག་ ཁ་ཅིག་ པེ་རྡེ་ འདེད་ཅེ་ རྒྱུ་ཚན་འབོ་, ཁྱེ་རང་ལ་ ཏུའི་རྒྱུན་ནེ་ཕི་ ཁོ་ ལོག་ཏེ་ ཐོབ་ཅེའོ་ མ་ནེ་ཧེ་? 16 ཏི་ནི་ཕ་ལ་ ཁོ་ ཁྱེ་རང་ངེ་ ཚེ་ཡོག་ ཙོག་སེ་ མ་ནོག་, ཚེ་ཡོག་རྒེ་སང་ ཁག་ཅེན་, ཤེ་སྤ་ སྤུན་ཞིག་ ནོག་། ཁོ་ མིག་ས་ལེ་ ངེ་ཕི་ རིན་ཅེན་ཞིག་ འིན་, འིན་ན་ ཁོ་ མི་ཞིག་ ཡང་ ཙོབོ་རྡེ་ན་ ཁྲོ་པ་ སྤུན་ཞིག་ འིན་ཅེ་རྦེ་, ཁོ་ ཁྱེ་རང་ངེ་ཕི་ལ་ མང་ངེ་ རིན་ཅེན་ཞིག་ ནོག་།
17 ཏེ་ནི་ ཀལ་ཏེ་ ང་ ཁྱེ་རང་ ཉམ་པོ་ ཀོན་འཇོག་རྒེ་ ཆག་ལེ་ན་ ཁྲོ་པ་ཞིག་ ཐེ་ཡོད་ནི་, ཁོ་ རྒ་སུའི་ ཞུའི་, ཀ་ཟུག་ ཁྱེ་རང་ངེ་ ང་ རྒ་སུའི་ ཞུའི་རྡེ་ ཡོད་ཁྲོ་། 18 ཀལ་ཏེ་ ཁོའེ་ ཁྱེ་རང་ལ་ ནོར་ཁྲུལ་ཞིག་ ཅོའེ་རྡེ་ ཡོད་ནི་, ཡང་ ཁྱེ་རང་ངེ་ཀ་ནི་ ཅི་ཏོང་ ཁྱེར་རྡེ་ ཡོད་ནི་, ཏོ་རྒུན་ ང་ པུ་ལོན་ལ་ ཀལ་ན་ འགྲིག་། 19 ཏ་ ཏག་ས་ ང་ པ་འུ་ལུའི་ ང་རང་ངེ་ ལག་པ་ནི་ འི་རྦོ་ འབྲི་ཡོད་, ངེ་ ཏེ་ པུ་ལོན་འབོ་ ཤལ་ལེན་། ཁྱེ་རང་ངེ་ པུ་ལོན་ ཏང་ཧན་འབོ་ མང་པོ་ ནོག་། ཅེ་ཟེར་ནི་ ང་ རྒྱུད་ཏེ་ ཁྱེ་རང་ལ་ ཐ་མེད་པེ་ མི་ཙེ་ ཐོབ་ཏེ་ འི་ནོག་།
20 འོ་ནེ་ ངེ་ སྤུན་ལེ་, འཇུ་འཇུ་ ཙོབོ་རྡེ་ན་ ངེ་ ཕན་ཏོག་རྡེ་ཕི་ འི་རྦོ་ ཅོའེ་། མ་ཤི་ཀེ་ན་ ང་ འི་ སེམ་རུའི་རྦོ་ ཏོང་།
21 ཁྱེ་རང་ལ་ ངེ་ ཅོ་ཅེ་ལ་ ཟེར་རྡེ་ ཡོ་ཀན་ ཚང་མ་ ཀྲུཔ་ཅུག་ཅེ་ མ་ཚེད་, ཏེ་སང་ མང་ངེ་ ཅོའེ་ ལོ་ཁྱེལ་ ཉམ་པོ་, ངེ་ འི་ ཡི་རྒེ་རྦོ་ འབྲི་ཡོད་། 22 ཡང་ སྤེ་ར་ཞིག་, འཇུ་འཇུ་ ངེ་ཕི་ ནང་འཇིག་ ཀྲལ་འགྲིག་ ཅོའེ་, ཅེ་ཟེར་ནི་ ཀོན་འཇོག་རྒེ་ ཁྱེ་རང་ངེ་ མོ་ལམ་ལ་ ལེན་སལ་རྡེ་ ང་ འགྱོ་སྤ་ ཁྱེ་རང་ས་ ལོག་ཏེ་ ཡོང་ཅུག་རྒེ་ ཛེད་ཅེ་ རེ་ཝ་ རག་།
པ་འུ་ལུའི་ ལྟིང་འཇུག་རྒེ་ འཇུ་།
23 མ་ཤི་ཀ་ ཡི་ཤུའི་ ཞབ་རྟོག་ ཞུའི་ཧན་ནེ་ ཨེ་པབ་རེ་, ངེ་ ཁྲོ་པ་ ཙོན་པེ་, ཁྱེ་རང་ལ་ འཇུ་ ཞུ་རུག་། 24 ཡང་ ཏེ་རྒ་ ཟུག་རྒེ་ ངེ་ ལེ་ཧ་ ཅོ་ཀན་ ཁྲོ་པ་ མར་ཀུའི་, ཨ་རི་ཏར་ཀུ་, འདེ་མཱ་ རྡང་ ལུ་ཀ་རྒུ་ནི་ལ་ འཇུ་ ཞུ་རུག་།
25 ངེ་ མོ་ལམ་ ཞུ་ཡོད་, ཙོབོ་ ཡི་ཤུ་ མ་ཤི་ཀེ་ ཁྱེ་རང་ལ་ ཐུག་ཞེ་ སལ་ཤིག་༎