ཏི་མོ་ཐི་ལ་ པ་འུ་ལུའི་ ཆག་འབྲི་ ཏང་པོ་།
པ་འུ་ལུའི་ ཆོག་ནེ་ འཇུ་ ཞུའི་།
1
ཨ་ཧོ་རྒུ་ནི་ རྐྱབ་འགོན་ ཀོན་འཇོག་ ཏང་ ཨ་ཧོ་རྒུན་ལ་ རེ་ཝ་ སལ་ཧ་ནེ་ མ་ཤི་ཀ་ ཡི་ཤུའི་, ང་ པ་འུ་ལུ་ མ་ཤི་ཀ་ ཡི་ཤུའི་ ཧུ་ཚབ་ལ་ ཧོ་ ཛེད་།
2 ངེ་ ཏེཏ་པེ་ན་ རྡེན་འབེ་ པུ་ཙ་ འིན་ཀ་ནེ་ ཏི་མོ་ཐི་ ཁྱེ་རང་ལ་ འབྲི་འིན་། ཀོན་འཇོག་ ཡབ་ ཏང་ ཨ་ཧོ་རྒུ་ནི་ ཙོབོ་ ཡི་ཤུ་ མ་ཤི་ཀེ་ ཁྱེ་རང་ལ་ ཐུག་ཞེ་, ཉིང་ཞེ་ རྡང་, ཞིའི་རྡེ་ སལ་ལེ་ ཛེད་ཤིག་།
3 ང་ མ་ཀེ་འདོ་ནི་ཡཱ་ ཆ་ཟ་ནི་, ངེ་ ཁྱེ་རང་ལ་ ཨེ་ཕེ་སུའི་ན་ འདེད་ཅེ་ རྡང་ ཀོན་འཇོག་རྒེ་ ཧོར་ལ་ ཟུའི་མ་ ལབ་ཞ་ ཏང་ཀན་རྒུན་ རྒག་ཅེ་ལ་ མ་སྲན་ཀྲེ་ སེམ་རུའི་ ཅུག་པེན་། 4 ཡང་ ཟུའི་མེ་ སྲུང་ངུ་ རྡང་ ཁོ་རང་རྒུ་ནི་ ཕར་རྒྱུད་རྡེ་ ཐོ་རིང་མོ་རྒུ་ནི་ ཧོར་ལ་ ཀྲཔ་ ཅོའེན་ ཏུའི་ ཀོད་ལ་ མི་ཏང་ཅེ་ལ་ ཀཱ་ ཏོང་། ཏེ་ ལེ་ཧ་རྒུ་ནི་ མི་རྒུན་ལ་ ཀོན་འཇོག་རྒེ་ཕི་ ཏེཏ་པ་ཅེན་ནེ་ མི་ཙེ་ཞིག་ པུད་ཅེ་ན་ ཡ་ཏོ་ ཅོའོ་ མག་, འིན་ན་ ཏོན་མེད་རྡེ་ ཁྲུག་པ་ ཆ་ཅུག་རྒེ་ནོག་།
5 ངེ་ ལབ་ཞེ་ མིག་ཞི་རྦོ་ ཏེཏ་པ་ ཡོ་ཀན་ ཚང་མ་ ཉིང་ ལག་མོ་, སེམ་ ཟང་པོ་ རྡང་ རྡེན་འབེ་ ཏེཏ་པ་རྒུ་ནི་ ཡོང་ཀ་ནེ་ ཡ་ཤེ་ ཀང་ཅེ་པོ་ འིན་། 6 འིན་ན་ འི་ ཟུའི་མེ་ ལོབ་རྦོན་རྒུ་ནི་ ཏེ་ ལབ་ཞ་ ཟང་པོ་ ཚང་མ་ལ་ རྒྱབ་ ལོག་ཏེ་ ཏོན་མེད་རྡེ་ འགོར་རྒྱན་རྒུ་ནི་ཀ་ ཀྲོའེ་རྡུར་ ཅོ་རུག་། 7 ཆོའེ་ཁྲིམ་ལ་ ཁེ་སྤེ་ ལོབ་རྦོན་རྒུན་ འགྱུར་ཤེ་ འདོད་པ་ ཉམ་པོ་, ཁོང་རྒུ་ནི་ ཏོ་རྒུན་ ཐེ་ཚོམ་ མེད་རྡེ་ ཤེད་ནྃ་, ངོའེ་སྤོ་ལ་ ཁོང་རྒུ་ནི་ ཤེད་ཀན་འབོ་ ཁོ་རང་རྒུན་ལ་ ཧ་མ་ཀོ་ ནོག་།
8 ཀལ་ཏེ་ ཆོའེ་ཁྲིམ་འབོ་ ཀོན་འཇོག་རྒེ་ ཐབ་ ནང་ཞིན་ལ་ ཀོལ་ནི་, ཟང་པོ་ འིན་ཀན་འབོ་ ཨ་ཧོ་རྒུན་ལ་ རྒྱུའི་ནོག་། 9 ཅེ་ཟེར་ནི་ ཀཱ་ཁྲིམ་འབོ་ ལེ་ཧ་ ཀྲང་པོ་ ཅོ་ཀན་རྒུ་ནི་ཕི་ མ་ཅོ་ལ་ ཁྲིམ་ མེ་ཀན་, རྒྱཔ་འགལ་ ཅོ་ཀན་, ཀོན་འཇོག་རྒེ་ འཇི་སྤེ་ན་ མ་འགྲུལ་ཀན་ འདང་ རྡིག་ཅེན་རྒུན་ མ་ཚེད་, ཅང་ ཏམ་པ་ མི་སིག་ཀན་, ཏམ་པ་རྒུན་ སོག་པོ་ ཅོ་ཀན་, ཨ་རྦ་ ཡང་ ཨ་མ་ སེད་ཀན་ ཡང་ མི་སེད་ཀན་རྒུ་ནི་ཕི་ ཅོའེ་རྡེ་ ནོག་། 10 ཀཱ་ཁྲིམ་འབོ་ ལུའི་འབྲེལ་ ངན་པ་ ཅོ་ཀན་, པུ་ཙ་ རྡང་ པུ་ཙེ་ པར་ལ་ ཡང་ པོ་མོ་ རྡང་ པོ་མེ་ པར་ལ་ ལུའི་འབྲེལ་ ཅོ་ཀན་རྒུན་, ཚེ་ཡོག་རྒེ་ཕི་ མི་རྒུན་ ཙོང་ཀན་, ཟུན་འཇེན་, ཁྲིམ་ཁུང་ངེ་ན་ སྤང་པོ་ ཟུན་ ཏང་ཀན་ འདང་ ལབ་ཞ་ ཟང་པེ་ རྒྱབ་ལོག་ ཅོ་ཀན་རྒུ་ནི་ཕི་ ནོག་། 11 ཏོ་རྒུ་ནི་ རྒྱཔ་འགལ་ ཅོ་ཀ་ནེ་ ལབ་ཞ་ ཟང་པོ་རྒུན་, ཟི་ཞིད་ཅེན་ནེ་ ནེ་ཚུལ་ ཟང་པོ་ནི་ ཆ་ནོག་, ཀའོ་ ཅིན་ལབ་ཅེན་ནེ་ ཀོན་འཇོག་རྒེ་ ངེ་ ལག་ལ་ ལྟེད་རྡེ་ ཛེད་ཏེ་ འིན་།
ཀོན་འཇོག་རྒེ་ ཉིང་ཞེ་ཕི་ ཐུག་ཞེ་ཆེ་ ཞུའི་།
12 མ་ཤི་ཀ་ ཡི་ཤུ་ ཨ་ཧོ་རྒུ་ནི་ ཙོབོ་ ཀ་རྦེ་ ང་ ཁོ་རང་ངེ་ ཆག་ལེ་རྒུན་ ཛེད་ཅེ་ལ་ ཤུག་ སལ་ལེ་ ཛེད་, ཁོང་ལ་ ངེ་ ཐུག་ཞེ་ཆེ་ ཞུ་འིན་། ཁོང་ངེ་ ང་ ལོ་ཁྱེལ་ཅེན་ནེ་ མི་ཞིག་ སི་རྒེ་ ཛེད་ཏེ་ ཁོ་རང་ལ་ ཞབ་རྟོག་ ཞུ་ཅེ་ཕི་ ཧོ་ ཛེད་། 13 ཞེན་ ང་ ཏེཏ་ལོག་ ཞུ་ཀན་, ཏེཏ་པ་ཅན་རྒུན་ལ་ ནག་ལྟན་འདེ་ ནོད་རྐྱལ་ཧན་ འིན་འདེ་ལ་, ཀོན་འཇོག་ལ་ ངེ་ཀ་ ཉིང་ཞེ་ རྐྱེ་ ཛེད་, ཅེ་ཟེར་ནི་ ཏོ་རྒུན་ ངེ་ མ་ཤི་ཀ་ ཏེཏ་པ་ མ་ཅོ་ཀན་ འདང་ རྡེན་འབེ་ ལབ་ཞ་རྒུན་ མི་ཤེ་ཀན་ ཡོད་ ཏུའི་ལ་ ཅོའེ་རྡེ་ འིན་འབེན་། 14 འོ་, ཨ་ཧོ་རྒུ་ནི་ ཙོབོ་, ཙམ་ཤིག་རྒེ་ ཉིང་ པེ་རྡེ་ སལ་ཧན་ འདང་ ཐུག་ཞེ་ཅེན་ཞིག་ ཞུ་རྡེ་ མི་འདུག་། ཁོང་ངེ་, ང་ མ་ཤི་ཀ་ ཡི་ཤུ་ནི་ སོང་ཀ་ནེ་ ཏེཏ་པ་ རྡང་ ཤེ་སྤ་ ཧང་ངེ་ ཛེད་།
15 འི་ ཞལ་ཏ་རྒུན་ རྡེན་འབའ་ འིན་འབེ་, མི་ཚང་མེ་ ཏོ་རྒུ་ནི་ཀ་ རྡེན་ཆེ་ཤེ་ ཅོ་རྒོའེ་ཤེ་ ནོག་, “མ་ཤི་ཀ་ ཡི་ཤུ་རྦོ་ རྡིག་ཅེན་རྒུན་ལ་ ཐར་པ་ སལ་ཅེ་ཕི་ འཇིག་རྟེན་ཀ་ ཕེབ་ཀག་།” ཏོ་ རྡིག་ཅེན་རྒུ་ནི་ ཕྲོ་ནི་ ང་ ཚང་མེ་སང་ ཐུ་ཤོག་རྦོ་ འིན་འབེན་། 16 འིན་ན་ ང་ མ་ཤི་ཀ་ ཡི་ཤུའི་ ཁོ་རང་ངེ་ ཟོད་པ་ཅེན་ནེ་ ཆོན་མེ་ སྤེ་ཞིག་རྒེ་ ཚུལ་ལ་, རྡིག་ཅེན་ ཐུ་ཤོག་རྦོ་ ཀོལ་ལེ་ ཛེད་ཅེ་ཕི་ ཀོན་འཇོག་རྒེ་ ངེ་ཀ་ ཉིང་ཞེ་ རྐྱེ་ ཛེད་། ཏེ་ སྤེ་རྦོ་ ཡི་ཤུའི་ཀ་ ཏེཏ་པ་ ཅོ་ནི་, ཐ་མེད་པེ་ མི་ཙེ་ ཐོབ་ཉེན་ཅེའོ་ ཞེན་མ་རྒུན་ལ་ ཧ་ཀོ་ཉེ་ནེན་། 17 ཁོང་ནི་ ཐ་མེད་པེ་ རྒྱ་སྤོ་, འཇལ་ མ་འཇལ་ཀན་, མ་ནི་ མི་ཀྲོྃ་ཀན་, ཡང་ ཁོ་རང་ ཅིག་པོ་ ཀོན་འཇོག་ ཞུ་རྡེ་ནོག་། ཁོང་ལ་ སི་ཝ་ རྡང་ སྤལ་རྒུན་, ཏུའི་རྒྱུན་ནི་ཏུའི་རྒྱུན་ ཐོབ་ཤིག་། ཨ་མེན་།
ཏི་མོ་ཐི་ ཁག་རྒུན་།
18 ངེ་ པུ་ཙ་ ཏི་མོ་ཐི་, ཁྱེ་རང་ངེ་ ཧོར་ལ་ ངུལ་ལ་ ལུང་རྟན་ ཤེད་ཀན་ ནང་ཞིན་, ངེ་ འི་ ལབ་ཞ་རྒུན་ ཁྱེ་རང་ལ་ ཏང་ངེ་ཡོད་། འི་ ལབ་ཞ་རྒུ་ནི་, ཁྱེ་རང་ལ་ ཙོབོ་རྡེ་ མག་ཐབ་རྦེ་ན་ རྒྱལ་ཁ་ ཐོབ་ཅེ་ལ་ ཡ་ཏོ་ ཐོབ་ཤིག་། 19 མ་ཤི་ཀེ་ན་ ཁྱེ་རང་ངེ་ ཏེཏ་པ་འབོ་ རྟེམ་པོ་ ཐམ་འདེ་ འདོད་, ཡང་ ཁྱེ་རང་ངེ་ སེམ་ རྐྱོན་མེད་ པོར་, ཅེ་ཟེར་ནི་ མི་ ཁ་ཅིག་རྒེ་ འི་ ལབ་ཞ་འབོ་ ཕང་ཅེ་ཀ་ནི་, ཁོང་རྒུ་ནི་ ཏེཏ་པ་རྦོ་ མེ་ཀན་ སོང་འདེ་ ནོག་། 20 ཧེ་མི་ནེ་ཡུ་ རྡང་ ཨ་ལེག་ཟན་འདེར་ ཉ་ཧ་, ཏོ་རྦེ་ སྤེ་ཞིག་ ནོག་། ཁོང་རྒུན་ལ་ ཀོན་འཇོག་ལ་ ཏེཏ་ལོག་ མི་ཅོ་ཤི་པོ་ ཧ་ཀོ་ཅེ་ཕི་, ངེ་ ཁོང་རྒུན་ ཆོའེ་ཚོག་རྒེ་ ཕྲོ་ནི་ ཕིང་འདེ་ རྡུད་རྡེ་ ལག་ལ་ ལྟེད་པེན་།