ཡ་ཧུ་འདཱ་པེ་ ཚོག་འདུའི་ན་ པ་འུ་ལུའི་ སྤང་པོ་།
23
པ་འུ་ལུའི་ ཡ་ཧུ་འདཱ་པེ་ ཚོག་འདུའི་ ཐུའི་མི་རྒུན་ལ་ ཟི་རྡེ་ མོལ་, “ཡ་ཧུ་འདཱ་པེ་ སྤུན་རྒུན་, ཏི་རིང་ཚུག་པ་ ངེ་, ཀོན་འཇོག་རྒེ་ ཧུན་འདུན་ལ་ སེམ་ ལག་མེ་ མི་ཙེ་ པུད་པེན་།”
2 ཏོ་ ཚོར་རེ་རྡང་, ལ་མ་ ཆོན་མོ་ ཨ་ན་ནི་ཡཱེ་ པ་འུ་ལུའི་ འདུན་ལ་ ལང་འདེ་ ཡོ་ཀ་ནེ་ མི་རྒུན་ལ་ ཁོང་ལ་ འགྲམ་ལྕག་ ཏོང་ ཟེར་། 3 ཏེ་ནི་ པ་འུ་ལུའི་ ཁོ་ མོལ་, “ངའིན་པ་, ཀར་སི་ ཧུའི་ཧན་ནེ་ སིག་པ་, ཡུ་རྦེ་ ལེན་ ཁྱེ་རང་ལ་ ཀོན་འཇོག་རྒེ་ ས་ལེན་། ཀཱ་ཁྲིམ་ ནང་ཞིན་ ང་ ཁྲིམ་ཅེད་རྡེ་ལ་ ཁྱེ་རང་ ཏེ་རྒ་ འདེད་ཏེ་ མ་ནེ་, ཁྱེ་རང་ངེ་ ང་ རྡུང་ཅེ་ལ་ ཀཱ་ ཏྃ་རྡེ་ ཀཱ་ཁྲིམ་པོ་ ཅག་འདུག་།”
4 པ་འུ་ལུའི་ འདུན་ལ་ ཡོ་ཀན་རྒུ་ནི་ ཁོང་ལ་ ཟེར་, “ཁྱེ་རང་ངེ་ ཀོན་འཇོག་རྒེ་ ལ་མ་ ཆོན་མོ་ལ་ ངན་པ་ ཟེར་ཤེ་ ཧམ་བ་ ཅོའེན་ནེ་།”
5 པ་འུ་ལུའི་ ལེན་སལ་, “ཡ་ཧུ་འདཱ་པ་ སྤུན་རྒུན་ ང་ ཁོང་ ལ་མ་ ཆོན་མོ་ འིན་ཀན་འབོ་ རྒྱུའི་ མེད་པེན་། སུང་རབ་རྦེ་ན་ ‘ཁྱི་ཞི་ ཁྱི་ཞ་རང་ངེ་ ཝང་སྲུལ་པ་ ངན་པ་ ཟེར་ མ་རྒོའེ་’ འབྲི་ཛེད་ཏེ་ འདུག་།”
6 པ་འུ་ལུ་ལ་ ཚོག་འདུའི་ན་ ཁ་ཅིག་ ས་འདུ་ཀི་པ་ ཡང་ ཁ་ཅིག་ པ་རུ་ཤི་པ་ འིན་ཀན་འབོ་ རྒྱུའི་ཡོད་པེན་། ཁོང་ངེ་ ཀུ་ཅུ་ སལ་རྡེ་ མོལ་, “ཡ་ཧུ་འདཱ་པེ་ སྤུན་རྒུན་, ང་ པ་རུ་ཤི་པ་ འིན་, ཡང་ ངེ་ ཨ་རྦ་ལ་ འིན་། ངེ་ ཤི་ཀན་རྒུན་ སོན་པོ་ ལྃ་ཤེ་ན་ རེ་ཝ་ པོར་ཤེའོ་ ང་ འེ་ཀ་ ཁྲིམ་ཅེད་རྡེ་ལ་ ཁྱོྃ་རྡེ་ ནོག་།”
7 ཏུ་ཟུག་ མོལ་ལེ་རྡང་, པ་རུ་ཤི་པ་ རྡང་ ས་འདུ་ཀི་པ་ མི་མང་ངེ་ན་ ཟེར་ཟེར་ ཧོཔ་ སོང་, ཡང་ ཚོག་འདུའི་ན་ ཁག་ཉི་ པུད་ 8 པ་རུ་ཤི་པ་རྒུ་ནི་ ཤི་ཀན་རྒུན་ སོན་པོ་ ལང་ཤེ་, ཕོ་ཉ་ རྡང་ སེམ་ཉིད་རྒུན་ ཡོ་ཀག་ ཟེ་རེ་ནོག་, འིན་ན་ ས་འདུ་ཀི་པ་རྒུ་ནི་ ཏོ་རྒུ་ནི་ཀ་ ཏེཏ་པ་ ཅོའོ་ མག་ 9 ཚོག་འདུའི་ན་ ཟི་ངིལ་ སྲན་ཀྲེ་ ཞུའུ་, ཡང་ པ་རུ་ཤི་པེ་ ཆོའེ་ཁྲིམ་ལ་ ཁེ་སྤེ་ མི་ ཁ་ཅིག་ ལྃ་རྡེ་ ས་འདུ་ཀི་པ་རྒུ་ནི་ རྒྱཔ་འགལ་ སྲན་ཀྲེ་ ཅོའེ་རྡེ་ ཟེར་, “ང་ཞ་ འི་ མི་རྦེ་ན་ ཅང་ རྐྱོན་ མ་ཐོབ་, ཀལ་ཏེ་ ཕོ་ཉ་ཞིག་ ཡང་ སེམ་ཡིད་ ཅིག་རྒེ་ ཁོང་ལ་ སྤེ་ར་ ཏྃ་རྡེ་ ཡོད་ནི་ ཅི་ སོང་?” 10 ཛིང་མོ་ མ་ སོག་པོ་ སོང་འབེ་, མག་ལྟོང་ངེ་ སྤོན་འབེ་ ཏོ་རྒུ་ནི་ པ་འུ་ལུ་ ཚེད་ཚེད་ ཅོའེ་ མི་ཏང་ངེ་ སམ་ཏེ་ འཇིའི་། ཁོའེ་ མག་མི་རྒུན་ལ་ ཡོག་ལ་ སོང་, ཡང་ ཝང་ ཉམ་པོ་ ཚོག་འདུའི་ ཕྲོ་ནི་ པ་འུ་ལུ་ རྐྱོབ་འདེ་ ཀྱི་ལེ་ན་ ཁྱེར་ ཟེར་རྡེ་ ཀཱ་ ཏྃ་། 11 ཏེ་རྒ་ ཚེན་ལ་ ཙོབོ་ ཡི་ཤུ་ པ་འུ་ལུའི་ འདུན་ལ་ འཇལ་ཏེ་ མོལ་, “ཧམ་བ་ ཅོའེ་, ཡེ་རུ་ཤ་ལེམ་མེ་ན་ ངེ་ཕི་ སྤང་པོ་ ཏང་ཀན་ ཙོག་སེ་ ཁྱེ་རང་ངེ་ རོམ་མེ་ རྒྱལ་སེ་ ནང་ལ་ ངེ་ཕི་ སྤང་པོ་ ཏང་རྒོའེ་།”
པ་འུ་ལུ་ སེད་ཅེ་ ཅུའི་ངན་ ལྡིང་།
12 ལྟིང་མེ་ཞག་པོ་ ང་ཏོག་ནི་ ཡ་ཧུ་འདཱ་པ་རྒུན་ ཅུའི་ངན་ ལྡིང་ཅེ་ལ་ ཛོམ་ ཡང་ ནའ་ ཁུར་རྡེ་ ནམ་ཚུག་པ་ པ་འུ་ལུ་ མི་སེད་ ཏེ་ཏེ་ཚུག་པ་ ཁོང་རྒུ་ནི་ མི་ཟ་ ཡང་ མི་ཐུང་ ཟེར་། 13 ཏེ་ ཅུའི་ངན་འབེ་ན་ ཧ་ལམ་ མི་ ཞིབ་ཅུ་སང་ མང་ངེ་ ཐུའི་། 14 ཁོང་རྒུན་ ལ་མ་ ཆོན་མོ་ རྡང་ ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུན་ས་ སོང་འདེ་ ཟེར་, “ནམ་ཚུག་པ་ པ་འུ་ལུ་ སེད་ མི་སེད་ ཏེ་ཏེ་ཚུག་པ་ ང་ཞི་ ཅང་ མི་ཟ་ ཟེར་རྡེ་ ཀོན་འཇོག་རྒེ་ ཧུན་འདུན་ལ་ ནའ་ སྲན་ཀྲེ་ ཁུར་རྡེ་ འིན་། 15 ཏ་ ཉེ་རང་ འདང་ ཡ་ཧུ་འདཱ་པེ་ ཚོག་འདུའི་, མག་ལྟོང་ངེ་ སྤོན་འབོ་ལ་ པ་འུ་ལུའི་ ཤའ་རྦོ་ ཡང་ ངུལ་ལེ་སང་ རྒྱ་ལེ་ ཅོའེ་ཏེ་ སར་ཤོད་ ཅོ་ཅེ་ལ་ ཁོ་ ཉེ་ཞ་ ཡོད་ས་ ཁྱོང་ མོལ་། ང་ཞི་ ཁོ་ ལམ་ལ་ སེད་རྡེན་།”
16 འིན་ན་ ཏེ་ ཅུའི་ངན་འབོ་ པ་འུ་ལུའི་ སྲིང་མོའེ་ པུ་ཙ་ ཚོར་རྦེ་ ཁོ་ རྒྱུག་ཏེ་ ཀྱི་ལེ་ན་ སོང་འདེ་ པ་འུ་ལུ་ལ་ ཤེད་། 17 ཏེ་ནི་ པ་འུ་ལུའི་ ཏེ་ཀ་ ཡོ་ཀ་ནེ་ མག་མི་རྒྱེ་ སྤོན་འབོ་ཞིག་ལ་ འབོའེ་རྡེ་, “འི་ ཁྱོག་ཏོང་འབོ་ མག་ལྟོང་ངེ་ སྤོན་འབེ་ཀ་ ཁྱེར་, ཁོ་ སྤེ་ར་ ཁག་ཅེན་ཞིག་ ཤེད་རྒོ་ཤེ་ འདུག་” མོལ་། 18 ཁོའེ་ ཏེ་ ཁྱོག་ཏོང་འབོ་ མག་ལྟོང་ངེ་ སྤོན་འབེ་ཀ་ ཁྱེར་རྡེ་ ཞུའི་, “ཙོན་པ་ པ་འུ་ལུའི་ ང་ འབོའེ་རྡེ་ འི་ ཁྱོག་ཏོང་འབོ་ ཉེ་རང་ངེ་ཀ་ ཁྱེར་, ཟེ་རེ་རག་, ཅེ་ཟེར་ནི་ ཁོ་ ཉེ་རང་ལ་ སྤེ་ར་ཞིག་ ཤེད་ཅེ་ འདུག་།”
19 ཏེ་ནི་ མག་ལྟོང་ངེ་ སྤོན་འབེ་, ཁྱོག་ཏོང་འབོ་ ལག་པ་ ཐམ་འདེ་ སོ་སོ་ ཁྱེར་རྡེ་ འདྲི་, “ཁྱེ་རང་ངེ་ ང་ ཅི་ ཤེད་ཅེ་ཡོད་?”
20 ཁོའེ་ ཟེར་, “ཡ་ཧུ་འདཱ་པ་རྒུ་ནི་ རྐྱོན་ ཀོལ་རྡེ་ པ་འུ་ལུའི་ ཤའ་རྦོ་ལ་ ངུལ་ལེ་སང་ རྒྱ་ལེ་ ཅོའེ་རྡེ་ སར་ཤོད་ ཏང་ཅེ་ལ་ ཐོ་རེ་ ཁོང་ ཚོག་འདུའི་ འདུན་ལ་ ཁྱོང་ ཟེར་རྡེ་ ཉེ་རང་ལ་ ཞུ་ཝ་ པུལ་ཅེ་ལ་ ཁ་ཆམ་། 21 ཁོང་ངེ་ ཞུ་ཝ་རྦོ་ ཉེན་ནེ་ མ་ཛེད་ ཅེ་ཟེར་ནི་ ཡ་ཧུ་འདཱ་པ་ ཞིབ་ཅུའི་སང་ མང་ངེ་ཞིག་ པ་འུ་ལུ་ལ་ སྤུང་འགོལ་ ཅོ་ཅེ་ལ་ སྲུྃ་རྡེ་, ནམ་ཚུག་པ་ ཁོང་ མི་སེད་ ཏེ་ཏེ་ཚུག་པ་ མི་ཟ་ ཡང་ མི་ཐུང་ ཟེར་རྡེ་ ཁོང་རྒུ་ནི་ ནའ་ ཁུར་རྡེ་ འདེད་། ཁོང་རྒུན་ ཀྲལ་འགྲིག་ ཅོའེ་རྡེ་ ཉེ་རང་ངེ་ ཁོང་ངེ་ ཞུ་ཝ་ ལག་ལེན་ལ་ ཁྱོང་ཅེ་ལ་ སྲུྃ་རྡེ་ འདེད་།” 22 མག་ལྟོང་ངེ་ སྤོན་འབེ་ ཁྱོག་ཏོང་ ལོག་ཏེ་ ཀལ་ལེན་ ཀཱ་ ཏྃ་, “ཁྱེ་རང་ངེ་ ང་ འི་ ཁྲིན་འབོ་ ཁྱོྃ་རྦེན་ ཟེར་རྡེ་ སུ་ལ་ མ་ཤེད་།”
པ་འུ་ལུ་ ཀཱེ་སར་རི་ཡ་ ཀལ་།
23 ཏེ་ནི་ ཁོའེ་ མག་མི་རྒྱེ་ སྤོན་འབོ་ ཉི་ལ་ འབོའེ་རྡེ་ ཟེར་, “ར་ཡི་ ཁུར་ཧན་ ཉིབ་རྒྱ་, ལྟ་ ཞོན་ཀན་ རྡུན་ཅུ་ རྡང་ འདུང་ ཁུར་ཧན་ ཉིབ་རྒྱེ་ མག་མི་རྒུན་ ཏི་རིང་ ཚེན་ནེ་ ཆུ་ཙོད་ རྒུ་པེ་ཀ་ ཀཱེ་སར་རི་ཡ་ ཆ་ཅེ་ལ་ ཀྲལ་འགྲིག་ ཅོའེ་། 24 པ་འུ་ལུ་ལ་ ཞོན་ཅེ་ལ་ ལྟ་ཞིག་ ཏོང་ ཡང་ ཁོ་ ཀ་ལོན་ ཕེ་ལིག་རྒེ་ཀ་ ཁམ་ཟང་ ལེབ་ཅུག་།” 25 ཁོའེ་ འི་ ཡི་རྒེ་རྦོ་ལ་ ཀལ་,
26 “ངེ་ ཀོལོ་འདི་འུ་ ལི་སི་ཡེ་, སི་ཝ་ཅེན་ ཀ་ལོན་ ཕེ་ལིག་ལ་ འཇུ་ ཞུ་ཡོད་།”
27 “འི་ མིའུ་ ཡ་ཧུ་འདཱ་པ་རྒུ་ནི་ ཟུམ་འདེ་ སེད་ཅེ་ ཡོད་པེན་, འིན་ན་ ཁོ་ རོམ་པ་ འིན་ཀན་འབོ་ རྒྱུའི་ཆ་རྡང་, ང་ མག་མི་རྒུན་ ཉམ་པོ་ སོང་འདེ་ ཁོ་ རྐྱོབ་རྦེན་། 28 ཁོའེ་ཀ་ ཅི་ ཉེད་ཀལ་ ཀལ་རྡུག་ ལྟ་ཅེ་ལ་ ངེ་ ཁོ་ ཡ་ཧུ་འདཱ་པེ་ ཚོག་འདུའི་ འདུན་ལ་ ཁྱེར་རྦེན་། 29 པ་འུ་ལུའི་ཀ་ ཉེད་ཀལ་རྦོ་ ཁོ་རང་རྒུ་ནི་ ཀཱ་ཁྲིམ་མེ་ ཧོར་ལ་ འིན་ཀན་འབོ་ ང་ ཧ་ཀོ་, འིན་ན་ ཏེ་ ཉེད་ཀལ་རྦོ་, ཁོ་ ཙོན་ཁང་ལ་ ཧར་ཤེ་ ཡང་ སེད་ཅེ་ འོའེ་སྤ་ མི་འདུག་། 30 ང་ འི་ མི་རྦེ་ རྒྱཔ་འགལ་ལ་ ཅུའི་ངན་ ལྡིང་འདུག་ ཟེར་རྡེ་ རྒྱུའི་ཆ་རྡང་, ངེ་ ཏེ་རྒ་མ་རྒ་ ཁོ་ ཉེ་རང་ངེ་ཀ་ ཀལ་རྦེན་, ཡང་ ཁོ་ལ་ ཉེད་ཀལ་ ཀལ་ཧན་རྒུན་ལ་ ཁོའེ་ རྒྱབ་རྒལ་ལ་ ཟེར་ཧན་རྒུན་ ཉེ་རང་ངེ་ཀ་ སོང་འདེ་ ཤོད་ ཟེར་རྡེ་ ཀཱ་ ཏྃ་རྦེན་།”
31 ཏེ་རྒ་ ཀཱ་ ཏང་ཀན་ ནང་ཞིན་ མག་མི་རྒུ་ནི་ པ་འུ་ལུ་ ཚེན་ལ་ ཨན་ཏི་པ་ཏྲི་ རྒྱལ་ས་ཚུག་པ་ ཁྱེར་། 32 ལྟིང་མེ་ཞག་པོ་ པ་འུ་ལུ་ ལྟ་ ཞོན་ཀན་ མག་མི་རྒུན་ལ་ ལྟེད་ཏེ་ ཞེན་ མག་མི་རྒུན་ ལོག་ཏེ་ ཀྱི་ལ་ སོང་། 33 ལྟ་པ་ མག་མི་རྒུན་ ཀཱེ་སར་རི་ཡ་ ལེབ་རྦེ་རྡང་, ཁོང་རྒུ་ནི་ ཡི་རྒེ་རྦོ་ ཀ་ལོན་ལ་ ཏྃ་རྡེ་ པ་འུ་ལུ་ ཁོ་ ལྟད་། 34 ཀ་ལོན་ནེ་ ཡི་རྒེ་རྦོ་ སིལ་རྡེ་ པ་འུ་ལུ་ལ་ ཀ་ ཡུལ་ནེ་ འིན་ ཟེར་ཏེ་ འདྲི་། ཁོ་ ཁོང་ སི་ལི་སི་ཡཱ་ནི་ འིན་ཀན་འབོ་ རྒྱུའི་ཆ་རྡང་, 35 ཁོའེ་ ཟེར་, “ཁྱེ་རང་ལ་ ཉེད་ཀལ་ ཀལ་ཧན་རྒུན་ ལེབ་རྦེ་རྡང་, ངེ་ ཁྱེ་རང་ངེ་ ཤའ་རྦོ་ ཉེན་ནེན་།” ཡང་ ཁོའེ་ པ་འུ་ལུ་ ཧེ་རོད་འདེ་ ཁར་རེ་ན་ པོར་རྡེ་ མག་མི་ སྲུང་ཀན་རྒུན་ ཏང་ཅེ་ལ་ ཀཱ་ ཏྃ་།