པ་འུ་ལུ་ ཐེ་ས་ལོ་ནི་ཀེ་ལ་ རྐྱོད་།
17
ཏེ་ ལྟིང་ནི་ པ་འུ་ལུ་ རྡང་ སེ་ལེ་ ཉ་ཧ་ ཨམ་ཕི་པོ་ལི་ རྡང་ ཨ་པོ་ལོ་ནི་ཡཱ་ ཀྲོང་ཁྱེར་རྒུན་ རྒྱུད་ཏེ་ ཐེ་ས་ལོ་ནི་ཀེ་ རྒྱལ་ས་ ལེཔ་, ཏུ་རུ་ ཡ་ཧུ་འདཱ་པེ་ འདུ་ཀང་ཞིག་ ཡོད་པེན་། 2 པ་འུ་ལུ་, ཁོ་རང་ངེ་ ལོབ་ ནང་ཞིན་ འདུ་ཀང་ངེ་ན་ རྐྱོད་, ཡང་ ངལ་ཚོའེ་ རྡུན་ཞག་ སུམ་ ཙུག་པ་ ཏུ་རུ་ ཡོ་ཀན་རྒུན་ ཉམ་པོ་ ཏམ་པེ་ སུང་རབ་རྦེ་ ཧོར་ལ་ ཀྲོའེ་རྡུར་ ཛེད་། 3 ཁོང་ངེ་ སུང་རབ་རྦེ་ ནང་ནི་ མ་ཤི་ཀ་ རྡུ་ངལ་ ཉུང་རྒོའེ་ཤེ་ རྡང་ ཤི་ཀན་རྒུ་ནི་ ཕྲོ་ནི་ སོན་པོ་ ཞྃ་རྒོ་ཤེའོ་ ཧ་ཀོ་ཅུག་ཏེ་ ནེན་ཏེན་ འིན་ཀན་འབོ་ ལྟན་ནེ་ ཛེད་ ཡང་ མོལ་, “ངེ་ སྤང་པོ་ ཏང་ཀ་ནེ་ ཡི་ཤུ་རྦོ་ ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ ནོག་།” 4 ཡ་ཧུ་འདཱ་པ་ ཁ་ཅིག་, འགི་རིག་པ་ ཀོན་འཇོག་རྒེ་ འཇིག་ རྡང་ སི་ཝེ་ན་ འགྲུལ་ཧན་ མང་པོ་ རྡང་ ཏེ་ ཡུལ་ལེ་ སི་ཝ་ཅེན་ པོ་མོ་ མང་ཉུང་ཞིག་ལ་ ཁོང་ངེ་ ཆོའེ་ཤེད་ཀན་འབོ་ རྡེན་འབའ་ འིན་ཀན་འབོ་ ཧ་ཀོ་རྡེ་ པ་འུ་ལུ་ རྡང་ སེ་ལེ་རྒུ་ནི་ ཕྲོ་ འདྲེའེ་།
5 འིན་ན་ ཡ་ཧུ་འདཱ་པ་རྒུན་ལ་ ཕྲ་རྡོག་ ཡོྃ་ཏེ་ ཁྲོམ་མེ་ན་ ཁོར་རེན་ འདེད་ཀ་ནེ་ མི་ སོག་པོ་ མང་ཉུང་ཞིག་ རྡུའི་རྡེ་ ཁྱོྃ་, ཡང་ རྒྱལ་སེ་ན་ ཟི་ངིལ་ ཕིང་ཅུག་། ཁོང་རྒུ་ནི་ མི་ཚོག་རྒེ་ ཕྲོ་ ཁྱོང་ཅེ་ལ་ པ་འུ་ལུ་ རྡང་ སེ་ལེ་རྒུན་ ཙལ་ལེན་ ཡ་སོན་ནི་ ཁང་པེ་ སྤུང་འགོལ་ ཅོའེ་། 6 ཁོང་རྒུན་ མ་ཐོབ་རྦེ་, ཁོང་རྒུ་ནི་ ཡ་སོན་ འདང་ ཞེན་ མ་ཤི་ཀ་པ་ ཁ་ཅིག་ རྒྱལ་སེ་ ཝང་སྲུལ་པ་རྒུ་ནི་ འདུན་ལ་ ཀྲུད་རྡེན་ ཁྱེར་, ཡང་ ཀུ་ཅུ་ ཏང་ངེན་ ཟེར་ “མི་ ཉི་ འཇིག་རྟེན་ སོན་ཏེ་ན་ ཟི་ངིལ་ འཇིག་རྟེན་ སོན་ཏེ་ན་ ཧི་ལིང་ ཕིང་འདེ་, ཏ་ འི་རུ་ ཨ་ཧོའེ་ རྒྱལ་ས་ ལེབ་ཏེ་ ནོག་། 7 ཡ་སོན་ནེ་ ཁོང་རྒུན་ ཁོ་རང་ངེ་ ཁང་པེ་ན་ འདེད་ཅུག་, ཡང་ ཡི་ཤུ་ ཟེར་ཧ་ནེ་ ཞེན་ཡང་ རྒྱ་སྤོ་ཞིག་ ཡོད་ ཟེར་རྡེ་ ཁོང་རྒུ་ནི་ རོམ་མེ་ རྒྱ་སྤེ་ ཁྲིམ་མེ་ རྒྱཔ་འགལ་ ཅོའེ་རྡེ་ ནོག་།”
8 ཏེ་ སྤེ་ར་འབོ་ ཚོར་རེ་རྡང་ མི་མང་ འདང་ ཡུལ་ལེ་ ཝང་སྲུལ་པ་རྒུ་ནི་ན་ སྲོ་ཤི་སྲོ་ནག་ ཡོྃ་། 9 ཡང་ ཝང་སྲུལ་པ་རྒུ་ནི་ ཡ་སོན་ འདང་ ཁོའེ་ ཁྲོ་པ་ ཏེཏ་པ་ཅན་རྒུན་ལ་ མུལ་ ཆེད་པ་ ཅེད་ཏེ་ པུད་ཏྃ་།
པ་འུ་ལུ་ རྡང་ སེ་ལེ་ འབེ་རེ་ཨཱ་ རྒྱལ་ས་ རྐྱོད་།
10 ཏེ་རྒ་ ཚེན་ལ་ ཏུ་རུ་ ཡོ་ཀ་ནེ་ ཏེཏ་པ་ཅན་རྒུ་ནི་ པ་འུ་ལུ་ རྡང་ སེ་ལེ་ འབེ་རེ་ཨཱ་ ཟེར་སེ་ ས་ཅེ་ཀ་ ལམ་ཅུག་། ཏུ་རུ་ ལེབ་རྦེ་རྡང་ ཁོང་རྒུན་ ཡ་ཧུ་འདཱ་པེ་ འདུ་ཀང་ངེ་ན་ རྐྱོད་། 11 འབེ་རེ་ཨཱ་པ་རྒུན་ ཐེ་ས་ལོ་ནི་ཀ་པ་རྒུན་ ཙོག་སེ་ ཉིང་ ཀྱོང་པོ་ མི་འདུག་པེན་, ཅེ་ཟེར་ནི་ ཁོང་རྒུ་ནི་ པ་འུ་ལུའི་ ལབ་ཞ་ མ་ ཐེད་པོ་ ཉམ་པོ་ ཉེན་། ཡང་ ཏམ་པེ་ སུང་རབ་རྒུན་ ཞག་ཏང་ སིལ་རྡེ་ ཁོང་ངེ་ མོལ་ཧན་རྒུན་ ནེན་ཏེན་ ནོག་རྒེ་ མག་ ལྟ་ཅེ་ལ་ སར་ཤོད་ ཅོ་ཡོད་པེན་། 12 ཡ་ཧུ་འདཱ་པ་ མང་པོ་ མ་ཚེད་ འགི་རིག་པ་ པུ་ཙ་ རྡང་ པོ་མོ་ སི་ཝ་ཅེན་ མང་པོ་ཞིག་ལ་ ཏེཏ་པ་ ཅོའེ་།
13 འིན་ན་ ཐེ་ས་ལོ་ནི་ཀེ་ན་ ཡོ་ཀ་ནེ་ ཡ་ཧུ་འདཱ་པ་རྒུན་ལ་ པ་འུ་ལུའི་ ཀོན་འཇོག་རྒེ་ ཀའ་ འབེ་རེ་ཡཱ་ ཡུལ་ལེ་ན་ ཤེད་ཏུག་ ཟེར་རྡེ་ ཚོར་རེ་རྡང་, ཁོང་རྒུན་ ཏུ་རུ་ལ་ སོང་འདེ་, པ་འུ་ལུའི་ རྒྱཔ་འགལ་ལ་ ཟེར་རྡེ་ མི་མང་ངེ་ན་ སྲུག་སྤེར་ ཏྃ་རྡོག་། 14 ཏེ་རྒ་མ་རྒ་ ཏུ་རུ་ ཡོ་ཀ་ནེ་ ཏེཏ་པ་ཅན་རྒུ་ནི་ པ་འུ་ལུ་ རྒྱམ་ཚོ་ ཐ་མེ་ མལ་ལ་ ལམ་ཅུག་ལ་ ཁྱེར་, འིན་ན་ སེ་ལེ་ རྡང་ ཏི་མོ་ཐི་ འབེ་རེ་ཡཱེ་ན་ ཞུའུ་། 15 པ་འུ་ལུ་ ལམ་ཅུག་ལ་ ཆ་ཀན་རྒུན་ ཨེ་ཐེན་ རྒྱལ་ས་ཚུག་པ་ ཁོང་ ལམ་ཅུག་ལ་ སོང་, ཡང་ སེ་ལེ་ རྡང་ ཏི་མོ་ཐི་ ཉ་ཧ་ ཙམ་ཐུབ་ འགྱོ་སྤ་ པ་འུ་ལུ་ས་ ཡོང་ཅེ་ལ་ ཁྲིན་ ཁུར་རྡེ་ ལོག་ཏེ་ ཡོྃ་།
ཨེ་ཐེན་ནི་ན་ པ་འུ་ལུའི་ ཆོའེ་ཤེད་རྡེ་ ཛེད་།
16 པ་འུ་ལུ་ ཨེ་ཐེན་ནི་ན་ སེ་ལེ་ རྡང་ ཏི་མོ་ཐི་ཕི་ སྲུྃ་རྡེ་ ཡོད་ཟ་ནི་ ཏེ་ རྒྱལ་སའོ་ ཧུན་འདྲེ་ ཀང་འདེ་ ཟིའི་རྦེ་ ཁོང་ ཐུག་རྐྱོ་མོ་ སོང་། 17 ཏོ་རྦེ་ཕི་ ཞག་ཏང་ ཁོང་ངེ་ ཡ་ཧུ་འདཱ་པེ་ འདུ་ཀང་ངེ་ན་ ཡ་ཧུ་འདཱ་པ་རྒུན་ འདང་ ཀོན་འཇོག་རྒེ་ འཇིའི་ རྡང་ སི་ཝེ་ན་ འགྲུལ་ཧ་ནེ་ འགི་རིག་པ་རྒུན་ ཉམ་པོ་ ཁྲོའེ་རྡུར་ ཡང་ ཁྲོམ་མེ་ན་ ཡོ་ཀ་ནེ་ མི་རྒུན་ལ་ ཆོའེ་ཤེད་རྡེ་ ཛེད་།
18 ཏུ་རུ་ ཨེ་པི་ཀུར་ རྡང་ རྟོ་འི་ཀེ་ ཚེན་རིད་པ་རྒུ་ནི་a པ་འུ་ལུ་ ཉམ་པོ་ ཁྲོའེ་རྡུར ཏང་ཅེ་ འགོ་ཟུག་ ཅོའེ་རྡེ་ ཁ་ཅིག་རྒེ་, “ཁོའེ་ ཅི་ ཆོལ་འབེ་ སྤེ་ར་ ཟེ་རེ་ནོག་” ཡང་ ཁ་ཅིག་རྒེ་, “ཁོའེ་ ཞེན་མ་ ཀོན་འཇོག་རྒུ་ནི་ ཧོར་ལ་ ཤེད་ཏེ་ འིན་ཏིག་འདུག་” ཟེར་, ཅེ་ཟེར་ནི་ པ་འུ་ལུའི་ ཡི་ཤུ་ རྡང་ ཤི་ཀན་རྒུན་ སོན་པོ་ ལང་ཤེ་ ཧོར་ལ་ ནེ་ཚུལ་ ཟང་པོ་ ཤེད་རྡེ་ ཛེད་།
19 ཏེ་ནི་ ཁོང་རྒུ་ནི་ པ་འུ་ལུ་ འགི་རིག་པེ་ འདུ་ཀང་ ཨ་རི་ཀོ་པེ་ ཟེར་ས་ ཁྲིད་ཏེ་ ཁྱེར་, ཡང་ ཁོང་ལ་ ཟེར་, “ཏ་ ང་ཞ་, ཁྱེ་རང་ངེ་ ཤེད་ཀ་ནེ་ ལབ་ཞ་ སོ་མ་རྦེ་ ཧོར་ལ་ ཤེད་རྡེ་ ཛེད་། 20 ཁྱེ་རང་ངེ་ ཟེར་ཧན་རྒུན་ ཡམ་ཚེན་ སྤེ་ར་ རིག་ རག་, ཏོ་རྒུ་ནི་ ཏོན་འབོ་ ང་ཞ་ ཧ་ཀོ་ཉིན་ རག་།” 21 ཨེ་ཐེན་ནི་ ཡུལ་སྤ་ རྡང་ ཕི་ལོག་ནི་ ཡོྃ་རྡེ་ ཏུ་རུ་ འདེད་ཀན་ ཚང་མེ་ རང་ངེ་ ཏུའི་ མང་ཆེ་འབོ་ སམ་བ་ སོ་མ་ ཤེད་ཅེ་ རྡང་ ཉེན་ཅེ་ན་ པུད་རྡེ་ཡོད་པེན་།
22 ཏེ་ནི་ པ་འུ་ལུ་ ཨ་རི་ཀོ་པེ་ འདུ་ཀང་ངེ་ ཞུང་ལ་ ཞྃ་རྡེ་ མོལ་, “ཨེ་ཐེན་པ་རྒུན་, ངེ་ ཐོང་ཅེ་ལ་ ཁྱི་ཞ་ ཅི་ས་ཐོག་ནི་ མ་ ཆོའེ་སྤ་ འདུག་། 23 ཁྱི་ཞི་ རྒྱལ་སེ་ན་ འགྲུལ་ཟ་ནི་ ང་ རྒྱལ་ས་ སོན་ཏེའོ་ ཧུ་འདྲ་ རྡང་ ཆོད་པ་ པུལ་ཅེ་ ཆོད་ཁྲི་རྒུན་ ཀང་འདེ་ ཐོང་, ཡང་ ཆོད་ཁྲི་ ཅིག་ཅིག་རྒེ་ཀ་, ‘རྒྱུའི་མེད་ ཀོན་འཇོག་ལ་’ ཟེར་རྡེ་ འབྲི་ཀན་ཞིག་ ང་ ཐོང་། ཁྱི་ཞ་རྒུ་ནི་ མ་ཤེ་རྡེ་ ཅོལ་ཧན་ནེ་ ཏེ་རྒ་ ཀོན་འཇོག་རྒེ་ ཧོར་ལ་ ངེ་ ཤེད་རྡེན་།”
24 “འི་ འཇིག་རྟེན་ འདང་ ཏེ་ན་ ཡོ་ཀན་ ཚང་མ་ ཛེད་ཀ་ནེ་ ཀོན་འཇོག་, ཁོང་ ས་ རྡང་ ནམ་ཀེ་ ཙོབོ་ ཞུ་རྡེ་ནོག་། ཁོང་ མི་ སིག་ཀ་ནེ་ ཀོན་འཇོག་རྒེ་ ཁང་པ་རྒུ་ནི་ན་ ཞུ་རྒེ་ མག་། 25 ཀལ་ཏེ་ མི་, ཁོང་ངེ་ རྒོའེ་ཤེ་ན་ ཞབ་རྟོག་ ཞུའིན་ སམ་ནི་, ཞུ་ མི་ཉེན་ ཅེ་ཟེར་ནི་ ཁོང་ལ་ རྒོའེ་ཤེ་ མ་ནི་ མེ་ཀག་། ཁོང་ངེ་ ཚང་མ་ལ་ སྲོག་ ཏང་ མི་ཙེ་ མ་ཚེད་ ཅི་ཚང་མ་ སལ་ལེ་ ཛེ་རྡེ་ནོག་། 26 ཁོང་ངེ་ ཁོ་རང་ངེ་ ཆག་ནི་ ཛེད་ཀ་ནེ་ མི་ ཅིག་ནི་, འི་ འཇིག་རྟེན་ སོན་ཏེ་ མིར་རྒྱུད་ ཚང་མ་ ཆ་ཤུག་རྒེ་ ཛེད་, ཁོང་རྒུ་ནི་ ཛེད་ཅེ་ཕི་སང་ ངུལ་ལ་ ཁོང་རྒུན་ ཀ་རུ་ འདེད་ཅེན་ ནམ་ ལུའི་ཤེན་ འི་ཟུག་ལ་ ཐག་ཅེད་ ཛེད་།”
27 “མི་རྒུ་ནི་ ཀོན་འཇོག་ ཙལ་ན་ ཐོབ་ཅེ་ལ་ ཁོང་ངེ་ ཏེ་ ཚང་མ་ ཅོའོ་ ཛེད་, འིན་ན་ ཀོན་འཇོག་རྦོ་ ནེན་ཏེན་ལ་ ཨ་ཧོ་ རེ་རེ་ ཐག་རིང་ལ་ མེད་རྡེ་ ནོག་། 28 ཅེ་ཞུ་ནི་ ཨ་ཧོ་རྒུན་ ཁོང་ངེ་ན་ འགྲུ་ལེན་, མི་ཙེ་ པུད་རྡེན་, སོན་པོ་ ལུའི་ཏེ་ ནོག་, ཀ་ཟུག་ ཁྱི་ཞི་ ཙོམ་པ་པོ་ ཁ་ཅིག་རྒེ་ ཟེར་རྡུག་, ‘ཨ་ཧོ་རྒུན་ ཁོང་ངེ་ ཕྲུ་རྒུ་ ནོག་།’ 29 ཨ་ཧོ་རྒུན་ ཀོན་འཇོག་རྒེ་ ཕྲུ་རྒུ་ འིན་ཅེ་ཀ་ནི་ ཨ་ཧོ་རྒུ་ནི་ ཀོན་འཇོག་, མི་ ཁྱུད་ ཏང་ སམ་བ་ རྒྱུད་ཏེ་ ཅོའེ་ཧ་ནེ་ སེར་ ཡང་ མུལ་ ཡང་ རྡོ་ ཧུ་འདྲ་ ནོག་ སམ་ མི་རྒོའེ་།”
30 “ངུལ་མེ་ ཏུའི་ལ་ ཀོན་འཇོག་རྒེ་ ཏེ་ ཧ་འགྲང་ ལེ་ཧ་རྒུན་ལ་ ནྃ་མེད་ ཛེད་, འིན་ན་ ཏ་ ཁོང་ངེ་ ཀང་ལུྃ་ས་ ཡོ་ཀ་ནེ་ མི་ཚང་མ་ལ་ རྡིག་པ་ ཕྃ་རྡེ་ སེམ་འགྱུར་ཤེ་ལ་ ཀཱ་ སལ་ལེ་ ཛེད་། 31 ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ ཞག་ལ་ ཁོང་ངེ་ འདམ་མེ་ ཛེད་ཀ་ནེ་ མི་ ཡི་ཤུ་ རྒྱུད་ཏེ་ འཇིག་རྟེན་པ་ ཚང་མེ་ཀ་ ཤའ་ ཅེད་རྡེན་, ཡང་ ཤི་ཀན་རྒུ་ནི་ ཕྲོ་ནི་ ཁོང་ སོན་པོ་ ལང་ངེ་ ཛེད་ཏེ་ མི་ཚང་མ་ལ་ ཏོ་ ཀྲང་པོ་ འིན་ཀན་འབོ་ ལྟན་ནེ་ ཛེད་།”
32 ཤི་ཀན་རྒུ་ནི་ ཕྲོ་ནི་ སོན་པོ་ ལྃ་ཤེ་ ཧོར་ལ་ ཚོར་རེ་རྡང་, ཁ་ཅིག་རྒེ་ ཧབ་རྒོད་ ཏྃ་, འིན་ན་ ཁ་ཅིག་རྒེ་, “ལྟིང་མ་ཞིག་ འི་ ཧོར་ལ་ ང་ཞ་ ཏ་རུང་ངེ་ ཉེན་ཉིན་རག་” ཟེར་། 33 ཏེ་ ལྟིང་ནི་ པ་འུ་ལུ་ ཁོང་རྒུ་ནི་ ཕྲོ་ནི་ འབིང་འདེ་ རྐྱོད་། 34 མི་ ཁ་ཅིག་རྒེ་ ཁོང་ངེ་ ལབ་ཞ་ ཡིད་ཆེ་རྡེ་ ཡི་ཤུ་ མ་ཤི་ཀེ་ཀ་ ཏེཏ་པ་ ཅོའེ་། ཏེ་ཕྲོ་ ཨ་རི་ཀོ་པེ་ ཚོག་སྤེ་ ཐུའི་མི་ འདི་འོ་ནི་སི་འུ་ ཟེར་ཧན་, འདཱ་མ་རི་ ཟེར་ཧ་ནེ་ པོ་མོ་ རྡང་ ཞེན་མ་རྒུན་ ཡོད་པེན་།