ཆོའེ་ཚོག་རྒུན་ལ་ མང་ངེ་ ནག་ ལྟན་།
12
ཧ་ལམ་ ཏེ་རྒ་ ཏུའི་ལ་ རྒྱ་སྤོ་ ཧེ་རོད་འདེ་ ཆོའེ་ཚོག་རྒེ་ ཏེཏ་པ་ཅེན་ ཁ་ཅིག་ལ་ ནག་ ལྟན་ཅེ་ འགོ་ཟུག་། 2 ཁོའེ་, ཡོ་ཧཱ་ནན་ནེ་ ཨ་ཅོ་ ཡ་ཀུབ་ ར་ཡི་ ཉམ་པོ་ སེད་ཅུག་། 3 ཏེ་ ལེ་ཧ་རྒུ་ནི་ ཡ་ཧུ་འདཱ་པ་རྒུན་ ཐེད་པོ་ ཆ་ ཐོང་འདེ་ རྒྱ་སྤེ་ པི་ཏྲར་ལ་ ཟུམ་ཅུག་ ཏོ་ པེ་སག་རྒེ་ ཏུའི་ཤེན་ནེ་ ཏུའི་ལ་ སོང་། 4 པི་ཏྲར་ ཟུམ་འདེ་ ལྟིང་ནི་ ཧེ་རོད་འདེ་ ཁོང་ ཙོན་ཁང་ངེ་ན་ ཧར་ཤུག་, ཡང་ སྲུང་ཅེ་ལ་ མག་མི་ ཞི་ཅེན་ནི་ རྡེ་ ཞི་ལ་ ཁག་ ཀལ་། ཧེ་རོད་འདེ་ པེ་སག་རྒེ་ ཏུའི་ཤེན་ནི་ ལྟིང་ནི་ པི་ཏྲར་ མི་མང་ངེ་ འདུན་ལ་ ཁྱོང་འདེ་ ཁོང་ལ་ ཁྲིམ་ ཅེ་རྡེན་ སམ་།
5 པི་ཏྲར་ ཙོན་ནེ་ན་ ཡོད་ཟ་ནི་, ཆོའེ་ཚོག་པེ་ ཉིང་ ཏག་པ་ནི་ ཀོན་འཇོག་ལ་ ཁོང་ངེ་ཕི་ མོ་ལམ་ ཞུ་ཡོད་པེན་།
6 ཧེ་རོད་འདེ་ པི་ཏྲར་ མི་མང་ངེ་ འདུན་ལ་ ཁྲིམ་ཅེད་རྡེ་ཕི་ ཁྱོང་ངེ་སང་ ཚན་ ཅིག་རྒེ་ ངུལ་ལ་, ལྕ་རྟག་ ཉི་ལ་ རྡམ་འདེ་ ཁོང་ མག་མི་ ཉི་རྡེ་ པར་ལ་ ཉིད་ལ་ སོང་འདེ་ ཡོད་པེན་, ཡང་ ཙོན་ཁང་ངེ་ རྒོའེ་ཀ་ མག་མི་རྒུན་ སྲུྃ་རྡེ་ ཡོད་རྡེ་ ཏུའི་, 7 ཧུན་མེད་ལ་ ཀོན་འཇོག་རྒེ་ ཕོ་ཉ་ཞིག་ ཏེ་ཀ་ རྐྱོད་པེ་, ཏེ་ ནང་ སོན་ཏེ་ འོད་རྡེ་ ཀང་། ཏེ་ ཕོ་ཉ་རྦེ་ པི་ཏྲར་ རྒུལ་ལེ་ ཛེད་ཏེ་ ཁོང་ལ་ ཉིད་ཚེད་ ཡང་ མོལ་, “འགྱོ་སྤ་ ལོྃ་།” པི་ཏྲ་རེ་ ལག་པ་ ཏག་ཀ་ནེ་ ལྕ་རྟག་པོ་ ཀྲུལ་།
8 ཏེ་ནི་ ཕོ་ཉེ་ པི་ཏྲར་ལ་ མོལ་, “རང་ངེ་ རྐྱེ་ར་ ཅིང་ ཡང་ འཇའ་ཏོ་ ཀོན་།” པི་ཏྲ་རེ་ ཏེ་རྒ་རྦོ་ ཅོའེ་, ཡང་ ཕོ་ཉེ་ ཁོང་ལ་ མོལ་, “རང་ངེ་ ཙག་ཟེར་ ཀོན་ ཡང་ ངེ་ རྒྱབ་ནི་ ཤོག་།” 9 པི་ཏྲར་ ཕོ་ཉེ་ ལྟིང་འགྲྃ་ནི་ ཙོན་ཁང་ནི་ ཕི་ལོག་ལ་ རྐྱོད་, ཁོའེ་ ཕོ་ཉེ་ ཛེད་ཀན་རྒུན་ ཞལ་ཟིག་ཞིག་ ནོག་ སམ་, ཏོ་ ཚང་མ་ ངོའེ་སྤོ་ལ་ སོང་འདེ་ འིན་ཀན་འབོ་ རྡེན་ མ་ཆེ་། 10 ཁོང་ ཉ་ཧ་ རྒོ་སྲུང་པ་ ཏང་པོ་ རྡང་ ཉི་སྤེ་ འདུན་ནི་ སོང་འདེ་ ལྕག་རྡེ་ རྒྱེ་རྒོའེ་ཀ་ ལེཔ་, ཀའོ་ རྒྱལ་ས་ ཆོག་ལ་ པེ་རྡེ་ཡོད་པེན་། ཁོང་རྒུ་ནི་ཕི་ ཏེ་ རྒོ་ནི་ ཁོ་རང་ པེ་སོང་, ཁོང་རྒུན་ རྒོ་ནེ་ འབིང་འདེ་ འགྲུ་ལེན་ སོང་, ཡང་ སྲང་ངེ་ འཇུག་ལ་ ལེབ་རྦེ་རྡང་, ཕོ་ཉ་འབོ་ ཧུན་མེད་ལ་ ཁོང་ངེ་ འདུན་ནི་ ཏོག་རྐྱལ་།
11 ཏེ་ནི་ པི་ཏྲར་ལ་ ཧ་ཀོ་རྡེ་ མོལ་, “ཏ་ ང་ ཅང་ ཐེ་ཚོམ་ མེ་རག་, ཀོན་འཇོག་རྒེ་ ཁོ་རང་ངེ་ ཕོ་ཉ་ ཀ་ལེ་ ཛེད་ཏེ་ ཧེ་རོད་ ཏང་ ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུ་ནི་ ཅུའི་ངན་ནེ་ ང་ ཐར་ཤུག་རྒེ་ ཛེད་།”
12 པི་ཏྲ་རེ་ སོང་ཀན་རྒུན་ ཧ་ཀོ་རྡང་, ཁོང་ ཡོ་ཧཱ་ནན་ ཀ་འབོ་ལ་ མར་ཀུ་ལ་ ཟེར་རེ་ཡོད་པེན་ ཁོའེ་ ཨ་མ་ མར་ཡམ་མེ་ ཁང་པ་ རྐྱོད་། ཏུ་རུ་ སྤུན་ མང་པོ་ ཛོམ་འདེ་ མོ་ལམ་ ཞུ་ཡོད་པེན་། 13 པི་ཏྲ་རེ་ ཕི་ཏེ་ རྒོ་ རྡུང་རྦེ་, རོ་འདཱ་ ཟེར་ཧ་ནེ་ ཡ་ཏོ་ པོ་མོ་, རྒོ་ པེ་ལ་ ཡོྃ་། 14 ཁོ་ པི་ཏྲ་རེ་ ཧད་ ཤེ་རྦེ་ འི་ཟམ་ ཐེད་པོ་ སོང་ ཁོའེ་ རྒོ་ མ་པེ་ལ་ རྒྱུག་རྒེན་ ལོག་ཏེ་ སོང་འདེ་, “པི་ཏྲར་ ཕི་ལོག་ལ་ རྒོའེ་ཀ་ ཡོྃ་རྡེ་ རག་” ཟེར་།
15 སྤུན་རྒུ་ནི་ ལེན་ཏྃ་, “ཁྱེ་རང་ ཉོའེ་རྡེ་ ནོག་།” འིན་ན་ ཏེ་ པོ་མོ་རྦེ་ འུ་ཙུག་ ཏྃ་རྡེ་ རྡེན་འབའ་ ཁོང་ པི་ཏྲར་ འིན་འགྲག་ ཟེར་རྦེ་ ཁོང་རྒུ་ནི་ ཟེར་, “པི་ཏྲ་རེ་ ཕོ་ཉ་རྦོ་ འིན་འགྲོ་།”
16 འིན་ན་ པི་ཏྲ་རེ་ རྒོ་ རྡུང་ངེན་ འདེད་ ཡང་ རྒོ་ པེ་རྦེ་ པི་ཏྲར་ ཐོང་འདེ་ ཁོང་རྒུན་ ཧ་ལེ་། 17 པི་ཏྲ་རེ་ ལག་པ་ ཉམ་པོ་ ཁ་རོག་ཏེ་ འདེད་ཅེ་ལ་ ལྟའ་ ཅོའེ་, ཡང་ ཁོང་ ཙོབོ་ ཀོན་འཇོག་རྒེ་ ཙོན་ཁང་ནི་ ཕིང་ངེ་ ཛེད་ཀ་ནེ་ ཧོར་ ཤེད་རྡེ་ ཛེད་། ཡང་ “ཡ་ཀུབ་ ཏང་ སྤུན་རྒུན་ལ་ ཡུ་རྒུན་ ཤོད་” མོལ་རྡེ་ ཁོ་རང་ ཞེན་ ས་ཅ་ཞིག་ལ་ རྐྱོད་།
18 ནམ་ ཟ་ར་ཟི་རེ་ ལྃ་རྡེ་རྡང་ པི་ཏྲར་ མེད་པེ་, ཁོང་ ཉམ་པོ་ ཅི་ སོང་ སམ་འདེ་ མག་མི་རྒུན་ལ་ ཧ་ན་ཆོ་ནེ་ སོང་། 19 ཧེ་རོད་རྡེ་ པི་ཏྲར་ ཀང་ལུྃ་ས་ རྒྱ་ལེ་ ཅོའེ་རྡེ་ ཙལ་ཤུག་, འིན་ན་ ཁོང་ངེ་ ཧོར་ལ་ ཅང་ རྒྱུའི་ མ་སོང་འབེ་ ཁོའེ་ རྒོ་ སྲུང་པ་རྒུན་ལ་ ཏྲི་སོ་ ཏྃ་རྡེ་ ཁོང་རྒུན་ སེད་ཅེ་ ཀཱ་ ཏྃ་།
རྒྱ་སྤོ་ ཧེ་རོད་ ཤི་།
ཏེ་ནི་ ཧེ་རོད་, ཡ་ཧུ་འདཱ་ནི་ ཀཱེ་སར་རི་ཡ་ སོང་འདེ་ ཏུ་རུ་ ཞག་ ཁ་ཅིག་ འདེད་། 20 ཏ་ ཧེ་རོད་ལ་ ཏཱ་ཡིར་ རྡང་ སི་འདཱོན་ནེ་ མི་རྒུན་ ཉམ་པོ་ མ་སྲན་ཀྲེ་ སྲོ་ ཡོད་པེན་། ཏེ་ ཡུལ་ལེ་ འུ་རྐྱོང་རྒུན་ སྤེ་ར་ ཏང་ངེ་ལ་ ཡོྃ་, ཡང་ རྒྱ་སྤེ་ ལོ་ཁྱེལ་ཅེན་ནེ་ ལོན་པོ་ འབཱ་ལེ་ཏུའི་ ཆོག་རྐྱོར་ ཐོབ་ཏེ་ ཞིའི་རྡེ་ ཁྱོང་ཅེ་ཕི་ ཞུ་ཝ་ པུལ་, ཅེ་ཟེར་ནི་ ཟ་རྒྱུ་ ཉོ་ཅེ་ལ་ ཁོང་རྒུན་ ཧེ་རོད་རྡེ་ ཡུལ་ལེ་ཀ་ རག་ལེ་རྡེ་ ཡོད་པེན་།
21 འདམ་ཀ་ནེ་ ཞག་ལ་ ཧེ་རོད་འདེ་ རྒྱ་སྤེ་ ཀོའེ་ལག་ ཀོན་འདེ་ རང་ངེ་ ཁྲིའི་ཀ་ འདེད་ཏེ་ མི་མང་ལ་ སྤེ་ར་ ཏྃ་། 22 ཏེ་ མི་རྒུ་ནི་ ཀུ་ཅུ་ ཏང་ངེན་ ཟེར་, “འི་ སུང་ཧད་པོ་ མི་ མ་ནོག་ ཀོན་འཇོག་རྒེ་ ནོག་།” 23 ཧེ་རོད་ མི་མང་རྒུ་ནི་ ཀོན་འཇོག་ལ་ རྟོད་པ་ མ་ཕུལ་ལེ་ ཁོ་ རྟོད་པ་ པུལ་ཅེ་རྦོ་ལ་ ཐེད་ཅེ་ཀ་ནི་ ཏེ་རྒ་མ་རྒ་ ཀོན་འཇོག་རྒེ་ ཕོ་ཉེ་ ཁོ་ ཆེད་པ་ སལ་, ཡང་ འབུ་ཙིག་རྒེ་ ཁོའེ་ ཟུྃ་སྤོ་ ཀུ་ལེ་ ཀུ་ལེ་ ཁོ་ ཤི་ཤི་ཚུག་པ་ ཟོའེ་།
24 འིན་ན་ ཀོན་འཇོག་རྒེ་ ཀའ་ རྐྱེ་རྡེ་ ཕེ་ལེན་ སོང་།
25 འབཱར་ན་འབཱ་ རྡང་ ས་འུལ་ལེ་ མུལ་ རོག་ ཀལ་ཧན་འབོ་ ཆོའེ་ཚོག་རྒེ་ འུ་རྐྱོང་རྒུན་ལ་ ལྟེད་། ཏེ་ལྟིང་ནི་ ཁོང་རྒུན་ མར་ཀུ་ ཟེར་ཧ་ནེ་ ཡོ་ཧཱ་ནན་ ཁྲིད་ཏེ་ ཡེ་རུ་ཤ་ལེམ་ནི་ ལོག་ཏེ་ རྐྱོད་།