མ་ཤི་ཀེ་ ཧུ་ཚབ་རྒུ་ནི་ ཆག་ལེ་།
ཏམ་པེ་ ཐུག་ཡིད་རྡེ་ ཞལ་ཆེཏ་།
1
1-2 ཤེ་སྤེ་ ཐེའུ་ཕེ་ལུ་ ངེ་ འབྲི་ཧན་ནེ་ སྤེ་ཆ་ ཏང་པེ་ན་, ཡི་ཤུ་ ཀོན་འཇོག་རྒེ་ རྡེ་བ་ཅན་ ནེན་ནེན་ཚུག་པ་ ཁོང་ངེ་ ལབ་ཞ་ སལ་ཧན་ འདང་ ཆག་ལེ་ ཛེད་ཀན་ ཚང་མེ་ ཧོར་ལ་ འབྲི་རྡེ་ ཡོད་། རྡེ་བ་ཅན་ ནེན་ནེ་ ཛེ་རྡེ་སང་ ངུལ་ལ་, ཡི་ཤུའི་ ཁོ་རང་ངེ་ འདམ་མེ་ ཛེད་ཀ་ནེ་ ཧུ་ཚབ་རྒུན་ལ་ ཏམ་པེ་ ཐུག་ཡིད་ རྒྱུད་ཏེ་ ལབ་ཞ་ སལ་རྡེ་ འིན་འབེན་། 3 རྡུ་ངལ་ ནམ་འདེ་ ལྟིང་ནི་ ཡི་ཤུའི་ ཁོང་ སོན་པོ་ ཞང་ཧན་ནེ་ ལྟའ་ མང་པོ་ ཁོང་རྒུན་ལ་ ལྟན་ནེ་ ཛེད་ཏེ་, ཞག་ ཞིབ་ཅུ་ ཁོང་རྒུན་ལ་ ཁོ་རང་ ངོན་ཅུག་རྒེ་ ཛེད་ ཡང་ ཀོན་འཇོག་རྒེ་ རྒྱལ་སྲིད་རྡེ་ ཧོར་ལ་ ཤེད་རྡེ་ ཛེད་།
4 ལེན་ཅིག་ ལོབ་ཀྲུག་རྒུན་ ཉམ་པོ་ འདོན་ཏང་ འདོན་ནེ་ ཏུའི་ ཡི་ཤུའི་ མོལ་, “ངེ་ ཁྱི་ཞ་རྒུན་ལ་ ཟེར་ཧན་ ནང་ཞིན་, ངེ་ ཡབ་རྦེ་ ཞལ་ཆེཏ་ ཛེད་ཀན་འབོ་ ཐོབ་ཐོབ་ཚུག་པ་ ཁྱི་ཞ་ ཡེ་རུ་ཤ་ལེམ་ནི་ ཕི་ལོག་ལ་ མ་ཆ་། 5 ཡོ་ཧཱ་ནན་ནེ་ མི་རྒུན་ལ་ ཆུའི་ཁྲུའི་ ཏྃ་རྡེ་ འིན་འབེན་, འིན་ན་ ཞག་ ཁ་ཅིག་རྒེ་ན་ ཁྱི་ཞ་རྒུན་ལ་ ཏམ་པེ་ ཐུག་ཡིད་རྡེ་ ཁྲུའི་ཐོབ་རྦེན་།”
ཀོན་འཇོག་རྒེ་ ཡི་ཤུ་ རྡེ་བ་ཅན་ན་ ནེན་ནེ་ ཛེད་།
6 ཧུ་ཚབ་རྒུན་ ཡི་ཤུ་ ཉམ་པོ་ ཛོམ་འདེ་ ཡོད་ཟ་ནི་ ཁོང་རྒུ་ནི་ ཟེར་, “ཙོབོ་ལེ་, ཉེ་རང་ངེ་ ཨིས་ར་ཡེལ་པ་རྒུན་ལ་ རོམ་མེ་ ཝང་ནི་ ར་ཝང་ སལ་རྡེ་ ཨ་ཧོའེ་ རྒྱལ་སྲིད་པོ་ ལོག་ཏེ་ ཁྱོང་ངེ་ ཛེད་ཅེ་ ཏུའི་རྦོ་ འིན་ནེ་?”
7 ཡི་ཤུའི་ ཁོང་རྒུན་ལ་ མོལ་, “ཏེ་ ཏུའི་ཧབ་ ཏང་ ནེ་ལུག་རྒུན་ འདམ་མེ་ ཛེད་ཅེ་ ཝང་འབོ་ ཡབ་ ཅིག་པོ་ལ་ ཡོད་ཏེ་ ནོག་, ཡང་ ཁྱི་ཞ་ ཏོ་རྒུན་ ཤེ་རྒོའེ་ མེད་ཏེ་ ནོག་། 8 ཏམ་པེ་ ཐུག་ཡིད་ ཁྱི་ཞི་ཀ་ པབ་རྦེ་ ཏུའི་, ཁྱི་ཞ་རྒུན་ལ་ ཤུག་ ཐོབ་ཏེ་ ཁྱི་ཞ་རྒུ་ནི་ ཡེ་རུ་ཤ་ལེམ་, ཡ་ཧུ་འདཱ་ ཡུལ་ སོན་ཏེ་, ས་མ་རི་ཡཱ་ ཡང་ འཇིག་རྟེན་ སོན་ཏེ་ན་ ངེ་ སྤང་པོ་ ཏང་ངེན་།”
9 ཏེ་ ཚང་མ་ མོལ་རྡེ་ ལྟིང་ནི་ ཁོང་རྒུ་ནི་ མིག་རྒེ་ འདུན་ལ་ ཡི་ཤུ་ ནམ་ཀ་ ཁྱེར་རེ་ ཛེད་ཏེ་ སྲིན་ནེ་ ཀབ་རྦེ་ ཛེད་ ཡང་ ཁོང་རྒུ་ནི་ ཁོང་ འཇལ་ མ་ཉེན་། 10 ཁོང་རྒུ་ནི་ ཡི་ཤུ་ ནམ་ཀ་ ནེན་ནེ་ ཛེད་ཀན་འབོ་ལ་ ལྟོའེན་ འདེད་ཏེ་ ཡོད་ཟ་ནི་, ཧུན་མེད་ལ་ མི་ ཀོའེ་ ཀར་སྤོ་ ཀོན་ཀན་ ཉི་ ཁོང་རྒུ་ནི་ འདུན་ལ་ འཇལ་རྡེ་, 11 མོལ་ “འགཱ་ལིལ་པ་རྒུན་, ཅི་ཕི་ ནམ་ཀ་ ལྟོའེ་རྡེ་ འདེ་ཡོད་? ཀ་ཟུག་ ཁྱི་ཞི་ ཡི་ཤུ་ རྡེ་བ་ཅན་ ནེན་ནེ་ ཛེད་ཀན་འབོ་ ཐོང་, ཏེ་རྒ་ ཙོག་སེ་ ཁོང་ ཡང་ ལོག་ཏེ་ རྐྱོད་རྡེན་།”
ཡུ་འདཱེ་ ཚབ་ལ་ ཧུ་ཚབ་ ཧོ་ ཛེད་།
12 ཏེ་ ལྟིང་ནི་ ཁོང་རྒུན་ ཨོ་ལི་ཝེ་ རི་ཀ་ནི་a པབ་ཏེ་ ཡེ་རུ་ཤ་ལེམ་ལ་ ལོག་ཏེ་ རྐྱོད་, ཀའོ་ རྒྱལ་ས་ནི་ ཀྱེ་ལོ་མི་ཀྲར་ ཅིག་ ཐག་རིང་ལ་ ཡོད་པེན་། 13 ཏུ་རུ་ ལེབ་རྦེ་རྡང་, ཧུ་ཚབ་རྒུན་ ངུལ་ལ་ འདེད་ཏེ་ ཡོ་ཀ་ནེ་ ཁང་པེ་ ལྟང་ཏོག་ལ་ སོང་།
ཁོང་རྒུན་ པི་ཏྲར་, ཡོ་ཧཱ་ནན་, ཡ་ཀུབ་, ཨན་འགྲིརུ་, ཕི་ལིབ་, ཐོ་མཱ་, འབར་ཐོལ་མཱ་, མཏ་ཐ་, ཨལ་ཕཱེ་འུ་ པུ་ཙ་ ཡ་ཀུབ་, ཤི་མོན་ ཡུལ་འདེད་ཅེན་ རྡང་ ཡ་ཀུབ་རྦེ་ པུ་ཙ་ ཡུ་འདཱ་རྒུན་ འིན་འབེན་། 14 ཏེ་ ཧུ་ཚབ་ ཚང་མ་ སེམ་ ཅིག་ སོང་འདེ་ ཏུའི་རྒྱུན་ མོ་ལམ་ ཞུ་ལ་ ཛོམ་མེ་ཡོད་པེན་, ཞེན་ པོ་མོ་ ཁ་ཅིག་, ཡི་ཤུའི་ ཨ་མ་ མར་ཡམ་ འདང་, ཡི་ཤུའི་ ནོ་རྒུན་ལ་, ཁོང་རྒུན་ ཉམ་པོ་ ཛོམ་མེ་ཡོད་པེན་།
15 ལན་ཅིག་ ནམ་ ཏེཏ་པ་ཅེན་ནེ་ མི་ རྒྱ་རྡང་ ཉི་ཤུ་ ཛོམ་ ཏེ་ཏུའི་, པི་ཏྲར་ ལྃ་རྡེ་ མོལ་, 16 “སྤུན་རྒུན་ ཀ་ཟུག་ ཏམ་པེ་ སུང་རབ་རྦེ་ན་ འབྲི་ ཛེད་ཀན་ ནང་ཞིན་, ཏམ་པེ་ ཐུག་ཡིད་རྡེ་ རྒྱ་སྤོ་ འདཱ་འབིད་ རྒྱུད་ཏེ་ ཡུ་འདཱེ་ ཧོར་ལ་ ལུང་རྟན་ ཤེད་ཀན་རྒུན་ ཀྲུཔ་རྒོའེ་རྡེ་ ནོག་, ཀའོ་ ཡུ་འདཱ་རྦོ་ ཡི་ཤུ་ ཟུམ་ཀན་རྒུ་ནི་ ལམ་རྟན་པ་ འགྱུར་། 17 ཁོ་ ང་ཞི་ ཁྲོ་པ་ ཡང་ ཁོའེ་ ང་ཞ་ ཉམ་པོ་ ཞབ་རྟོག་ ཞུའི་རྡེ་ འིན་འབེན་།”
18 འིན་ན་ ཁོའེ་ ལེ་ངན་འབེ་ རིན་འབོ་ལ་ ཞིང་འཇིག་ ཉོའེ་, ཤི་རྡེ་ ཐང་ཀེ་ཀ་ ཀྲུལ་, ཁོའེ་ ཀྲོཏ་པ་ ཆེད་ཏེ་ ནང་ཅ་ ཚང་མ་ འབིང་། 19 ཡང་ ཏུ་ཟུག་ སོང་ཀན་འབོ་ ཡེ་རུ་ཤ་ལེམ་པ་ ཚང་མེ་ ཚོར་, ཏེ་ ཞིང་འབེ་ མིང་ལ་ ཨིབ་རི་པེ་ ཧད་རྡེ་ན་ ཨ་ཀེལ་འདཱ་མ་ ཏག་, ཀ་རྦེ་ ཏོན་འབོ་ ཁྲག་རྒེ་ ཞིང་ ནོག་།
20 པི་ཏྲ་རེ་ མོལ་, “སུང་འགུར་རེ་ སྤེ་ཆེ་ན་ ‘ཁོའེ་ ཁང་པེ་ན་ སུ་ལ་ མ་འདེད་ ཡང་ ཞིག་ཤིག་།’ སུང་འགུར་རེ་ ཞེན་ཡང་ མལ་ཞིག་རྒེ་ཀ་, ‘ཁོའེ་ ཝང་སྲུལ་ཅེ་ ཀོ་ས་ ཞེན་ཞིག་རྒེ་ ཁྱེར་རེན་’ འབྲི་ཛེད་ཏེ་ ནོག་།”
21-22 “ཏོ་རྦེ་ཕི་ ཙོབོ་ ཡི་ཤུ་ ཨ་ཧོ་རྒུན་ ཉམ་པོ་ ཡོད་ཟ་ནི་ ཡོ་ཧཱ་ནན་ནེ་ ཡི་ཤུ་ ཁྲུའི་སལ་ལེ་ ཏུའི་ ཁོང་ རྡེ་བ་ཅན་ ནེན་ནེན་ཚུག་པ་ ཏུའི་རྒྱུན་ ཨ་ཧོ་ ཉམ་པོ་ ཡོ་ཀན་རྒུ་ནི་ ཕྲོ་ནི་ ཨ་ཧོའེ་, ཡུ་འདཱེ་ ཚབ་ཅིག་ འདམ་རྒོའེ་། སུ་ཞིག་ འདམ་ནང་ ཁོ་ ཨ་ཧོ་ ཉམ་པོ་ ཡི་ཤུ་ སོན་པོ་ ཞང་ཧན་ནེ་ སྤང་པོ་ འགྱུར་རྒོའེ་།”
23 ཏེ་ནི་ ཁོང་རྒུ་ནི་ མི་ ཉི་ མིང་ འདམ་མེ་ལ་ ཁྱོང་, མིང་ ཅིག་པོ་ ཡོ་སེབ་ ཡང་ འབཱར་ས་འབེ་ ཀ་འབོ་ལ་ ཡུའི་ཏུའི་སང་ ཟེར་རེ་ཡོད་པེན་ ཡང་ མིང་ ཅིག་པོ་ མཏ་ཐི་ཡ་ འིན་འབེན་། 24-25 ཏེ་ནི་ ཁོང་རྒུ་ནི་ མོ་ལམ་ ཞུའི་, “ཀྱེ་ ཙོབོ་, ཉེ་རང་ངེ་ མི་ཚང་མེ་ ཉིང་ ཁྱེན་ནེ་ནོག་། ཧུ་ཚབ་རྦེ་ ལེ་ཧ་ ཕྃ་རྡེ་ འོའེ་སྤ་ འིན་ཀ་ནེ་ མལ་ལེ་ན་ སོང་ཀ་ནེ་ ཡུ་འདཱེ་ ཚབ་ལ་, ཡི་ཤུའི་ ཧུ་ཚབ་ ཏང་ ཞབ་རྟོག་ ཞུ་ཅེ་ཕི་ ཡུ་ ཉ་ཧེ་ ནང་ནི་ ཉེ་རང་ངེ་ འདམ་མེ་ ཛེད་ཀན་འབོ་ ང་ཞ་ ལྟན་ནེ་ ཛེད་།” 26 ཆོ་ལོ་ རིལ་རྡེ་ རྒྱེན་ ཏྃ་རྦེ་ མཏ་ཐི་ཡེ་ མིང་ འབིང་, ཡང་ ཁོ་ ཧུ་ཚབ་ ཅུག་ཅིག་རྒེ་ ཕྲོ་ སྲེ་།