ཡི་ཤུ་ ཀ་ལོན་ པི་ལ་ཏུ་ཀ་ ཁྱེར་།
23
ཏེ་ནི་ ཡ་ཧུ་འདཱ་པེ་ ཚོག་འདུའི་ ཐུའི་མི་ སོན་ཏེ་ ལྃ་རྡེ་ ཡི་ཤུ་ རོམ་པེ་ ཀ་ལོན་ པི་ལ་ཏུའི་ཀ་ ཁྱེར་། 2 ཁོང་རྒུ་ནི་ ཡི་ཤུ་ ཉེད་ ཀ་ལེན་ ཟེར་, “འི་ མི་རྦེ་ མི་རྒུན་ལ་ རོམ་མེ་ རྒྱ་སྤོ་ལ་ ངོ་ལོག་ ཅོ་ཅུག་ཏེ་ ཁྲལ་ མ་ཤལ་ ཡང་ ཁོ་རང་ ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་, རྒྱ་སྤོ་ འིན་ ཟེར་རྡུག་།”
3 ཏེ་ནི་ ཀ་ལོན་ པི་ལ་ཏུ་ ཡི་ཤུ་ འདྲི་, “ཁྱེ་རང་ ཡ་ཧུ་འདཱ་པེ་ རྒྱ་སྤོ་ འིན་ནེ་?”
ཁོང་ངེ་ ལེན་སལ་, “འིན་, ཉེ་རང་ངེ་ ཟེར་ཧན་འབོ་ འིན་།”
4 འིན་ན་ པི་ལ་ཏུ་ ལ་མ་ འུ་རྐྱོང་རྒུན་ འདང་ མི་ཚོག་རྒུན་ལ་ ཟེར་, “ང་ འི་ མི་རྦེ་ན་ རྐྱོན་ ཅང་ ཐོང་ངེ་ མི་འདུག་།”
5 ཁོང་རྒུ་ནི་ འུ་ཙུག་ ཏྃ་རྡེ་ ཟེར་, “འི་ མི་རྦེ་ ཁོ་རང་ངེ་ ལབ་ཞ་ རྒྱུད་ཏེ་ ཡ་ཧུ་འདཱེ་ ཡུལ་ཞོང་ སོན་ཏེ་ མི་རྒུན་ ཁྲུག་ ཤུག་, འགཱ་ལིལ་ལེ་ ཡུལ་ནི་ འགོ་ཟུག་ཏེ་ འི་ཚུག་པ་ ལེཔ་།”
6 ཏོ་ ཚར་རྡེ་ པི་ལ་ཏུ་, ཁོ་ འགཱ་ལིལ་པ་ ནོག་རྒེ་ ཟེར་རྡེ་ འདྲི་། 7 ཁོང་ ཧེ་རོད་འདེ་ ཝང་ངེ་ ཡོག་ལ་ འིན་ཀན་འབོ་ ཁོ་ རྒྱུའི་ཆ་རྡང་ ཁོའེ་ ཡི་ཤུ་ ཧེ་རོད་ས་ ཀལ་, ཏེ་ཏུའི་ལ་ ཧེ་རོད་ ཡེ་རུ་ཤ་ལེམ་མེ་ན་ ཡོད་པེན་།
ཡི་ཤུ་ ཧེ་རོད་འདེ་ འདུན་ལ་ ཁྱོྃང་།
8 ཧེ་རོད་ལ་ ཡི་ཤུ་ ཐུག་ཅེ་ ཧབ་ ཐོབ་པེ་ ཧོཔ་ཅིག་ ཐེད་ ཅེ་ཟེར་ནི་ ཁོ་ ཁོང་ངེ་ ཧོར་ལ་ ཚོར་རྡེ་ ཏུའི་ མང་པོ་ཞིག་ནི་ཕ་ལ་ ཡི་ཤུ་ འཇལ་རྡེ་ ཁོང་ཀ་ནི་ ལྟའ་ཞིག་ ལྟ་ཅེ་ འདོད་པ་ ཆོན་མོ་ ཡོད་པེན་། 9 ཁོའེ་ ཡི་ཤུ་ ཏྲི་ཝ་ མང་པོ་ འདྲི་ འིན་ན་ ཁོང་ངེ་ ལེན་ ཅིག་ལ་ མ་སལ་། 10 ཏེ་ཀ་ ཡོ་ཀ་ནེ་ ལ་མ་ འུ་རྐྱོང་རྒུན་ འདང་ ཆོའེ་ཁྲིམ་ལ་ ཁེ་སྤ་རྒུ་ནི་ སྲོའེ་ན་ ཀུ་ཅུ་ ཏྃ་རྡེ་ ཁོང་ལ་ ཉེད་ཀལ་ ཀལ་ལེན་ འདེད་། 11 ཧེ་རོད་ ཏང་ ཁོའེ་ མག་མི་རྒུ་ནི་ ཡི་ཤུ་ ཁྲེལ་རྦ་ ལྟན་འདེ་ ཧབ་རྒོད་ ཏྃ་, ཏེ་ནི་ ཁོང་ལ་ ནམ་ཟ་ ཀྲག་པོ་ ཧོན་འདེ་ པི་ལ་ཏུ་ས་ ལོག་ཏེ་ ཀལ་། 12 ཏེ་ ཞག་ལ་ པི་ལ་ཏུ་ རྡང་ ཧེ་རོད་ ཡ་ཏོ་ འགྱུར་, ངུལ་ལ་ ཁོང་ ཉ་ཧ་ ཐུན་ནེ་ མེད་པེན་།
མི་སེད་ པུད་ ཡང་ ཡི་ཤུ་ ཤི་ཅེ་ ཆེད་པ་ ཕོག་།
13 ཏེ་ནི་ པི་ལ་ཏུ་ ལ་མ་ འུ་རྐྱོང་རྒུན་, ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུན་ འདང་ མི་རྒུན་ འབོའེ་རྡེ་, 14 ཁོང་རྒུན་ལ་ ཟེར་, “ཁྱི་ཞ་རྒུ་ནི་ འི་ མི་རྦེ་ མི་རྒུན་ལ་ རོམ་མེ་ རྒྱ་སྤོ་ལ་ ངོ་ལོག་ ཅོ་ཅུག་ཀ་ནེ་ ཉེད་ཀལ་ ཀལ་རྡེ་ ངེ་ འདུན་ལ་ ཁྱོྃ་། ངེ་ ཁྱི་ཞི་ འདུན་ལ་ ཁོ་ སར་ཤོད་ ཏྃ་རྡེ་ལ་, ཁོའེ་ན་ ཁྱི་ཞ་རྒུ་ནི་ ཀལ་ཧ་ནེ་ ཉེད་ ཅང་ མ་ཐོབ་། 15 ཧེ་རོད་ལ་ ཅང་ ཉེད་ མ་ཐོབ་རྦེ་, ངེ་ཀ་ ལོག་ཏེ་ ཀལ་ཧན་འབོ་ ཁྱི་ཞི་ ཐོང་ངེན་ ནོག་, ཁོ་ སེད་རྒོ་ཤེ་ རྐྱོན་འཇིག་ ཅང་ ཐོབ་རྦེ་ མི་འདུག་། 16 ཏེ་རྒ་རྦེ་ཕི་ལ་ ཁོ་ རྟལ་ལྕག་ རྒྱབ་ཅུག་ཏེ་ པུད་རྡེན་། 17 འི་ ཏུའི་ཤེན་ནེ་ ཧབ་ལ་ ཙོན་པ་རྒུ་ནི་ ཕྲོ་ནི་ ཅིག་ པུད་ཏང་ཅེ་ ཁྲིམ་ ཡོད་པེན་།”
18 ཁོང་ ཚང་མ་ ཅིག་ སོང་འདེ་ ཀུ་ཅུ་ ཏང་ངེན་ ཟེར་, “འི་ མིའུ་ སེད་རྡེ་ ཁྱེར་ ཡང་ འབཱ་ར་འབཱ་ ང་ཞི་ཕི་ པུད་རྡེ་ ཛེད་།” 19 ཡེ་རུ་ཤ་ལེམ་མེ་ རྒྱལ་སེ་ན་ རོམ་མེ་ ཝང་སྲུལ་རྦེ་ ངོ་ལོག་ ཅོའེ་རྡེ་ མི་ སེད་ཅེ་རྦེ་ འབཱ་ར་འབཱ་ ཙོན་ལ་ ཧར་རྡེ་ འིན་འབེན་། 20 པི་ལ་ཏུ་ལ་ ཡི་ཤུ་ པུད་ཅེ་ འདོད་པ་ ཡོད་པེ་ ཡང་ མི་ཚོག་ལ་ འདྲི་, 21 འིན་ན་ ཁོང་རྒུ་ནི་ མང་ངེ་ ཀུ་ཅུ་ ཏང་ངེན་ ཟེར་, “ཁོ་ རྐྱང་ཤིང་ལ་ རྐྱོང་, རྐྱང་ཤིང་ལ་ རྐྱོང་།”
22 པི་ལ་ཏུ་ ལེན་ སུམ་པ་ ཁོང་རྒུན་ལ་ ཟེར་, “ཅི་ཕི་, ཁོའེ་ ལེ་ངན་ ཅི་ཅོའེ་? སེད་རྒོ་ཤེ་ རྐྱོན་འཇིག་ ཁོའེ་ན་ ང་ ཅང་ མ་ཐོབ་། ཏོ་རྦེ་ཕི་ ངེ་ ཁོ་ རྟལ་ལྕག་ རྒྱབ་ཅུག་ཏེ་ པུད་རྡེན་།”
23 ཁོང་ ཚང་མེ་ ཆེད་མེད་ལ་ ཧད་ ཐོན་པེ་ན་ ཁོ་ རྐྱང་ཤིང་ལ་ རྐྱོང་ ཟེར་རྡེ་ ཀུ་ཅུ་ ཏྃ་, ཡང་ ཁོང་རྒུ་ནི་ ཀུ་ཅུ་ ཏང་ཀན་འབོ་ ཁྲང་པོ་ ལུའི་། 24 པི་ལ་ཏུ་ ཁོང་རྒུ་ནི་ ཟེར་ཧན་ ནང་ཞིན་ ཅོའེ་། 25 ངོ་ལོག་ ཅོའེ་རྡེ་ མི་ སེད་ཅེ་རྦེ་ ཙོན་ལ་ ཧར་ཧ་ནེ་ མི་ ཁོང་རྒུ་ནི་ པུད་ ཟེར་ཧན་འབོ་ པུད་ ཡང་ ཁོང་རྒུ་ནི་ འདོད་པེ་ ནང་ཞིན་ ཡི་ཤུ་ རྐྱང་ཤིང་ཀ་ རྐྱང་ཅེ་ལ་ ལྟེད་།
ཡི་ཤུ་ རྐྱང་ཤིང་ངེ་ཀ་ རྐྱང་།
26 ཡི་ཤུ་ ཁྲིད་ཏེ་ ཁྱེར་ཟ་ནི་ མག་མི་རྒུ་ནི་ འགམ་ཡུལ་ནི་ ཡོང་ཀ་ནེ་ ཀི་རིན་པ་ ཤི་མོན་ ཟུམ་ ཡང་ རྐྱང་ཤིང་འབོ་ ཀལ་རྡེ་ ཡི་ཤུའི་ ལྟིང་འགྲྃ་ནི་ འགྲུལ་ཤུག་། 27 མི་ཚོག་ མང་པོ་ཞིག་ ཡི་ཤུའི་ རྒྱབ་ནི་ ཡོྃ་, ཁོང་རྒུ་ནི་ ཕྲོ་ ཡི་ཤུའི་ཕི་ རྡུག་པོ་ ཅོའེ་རྡེ་ ངུའིན་ ཡོ་ཀ་ནེ་ པོ་མོ་རྒུན་ལ་ ནོག་། 28 ཡི་ཤུའི་ རྒྱབ་ལ་ ཟི་རྡེ་ ཁོང་རྒུན་ལ་ མོལ་, “ཡེ་རུ་ཤ་ལེམ་མེ་ པོ་མོ་རྒུན་ ངེ་ཕི་ མ་ངུ་, ཁྱི་ཞ་རང་ འདང་ ཁྱི་ཞི་ ཕྲུ་རྒུ་རྒུ་ནི་ཕི་ ངུའི་། 29 ཏུའི་རྦོ་ ལེབ་རྦེན་, ནམ་ ཁྱི་ཞ་རྒུ་ནི་ ཟེ་རེན་, ‘ཕྲུ་རྒུ་ མ་རྐྱེ་ཀན་, ཅང་ཀོག་རྒེ་ན་ ཕྲུ་རྒུ་ མ་ཁུར་ཧན་ འདང་ འོ་མ་ མ་ལྟེར་ཀ་ནེ་ པི་རྦི་, ཅིན་ལབ་ཅེན་ འིན་།’ 30 ཏེ་ཏུའི་ལ་ མི་རྒུ་ནི་ རི་རྒུན་ལ་ ཟེ་རེན་, ‘ང་ཞི་ཀ་ རྡིབ་ཤིག་རྒང་’, ཡང་ ཀྲག་རྒུན་ལ་ ‘ང་ཞ་ ཀབ་ཤིག་རྒང་།’ 31 ཀལ་ཏེ་ ལྕང་མ་ ངོན་པོ་ ཡོད་ཟ་ནི་ མི་རྒུ་ནི་ འི་ཟུག་ ཅོ་ནི་, ཏེ་ནི་ ལྕང་མ་ ཧམ་འདེ་ ལྟིང་ནི་ ཁོང་རྒུ་ནི་ ཅི་ མི་ཅོ་?”
32 ཁྲིམ་ ཅག་ཀ་ནེ་ ཞེན་མ་ ཉི་རྡང་ སེད་ཅེ་ལ་ ཡི་ཤུ་ ཉམ་པོ་ ཁྲིད་ཏེ་ ཁྱེར་། 33 འགོའེ་ རུའི་སྤ་ ཟེར་ཧ་ནེ་ མལ་ལེ་ཀ་ ལེབ་རྦེ་རྡང་, མག་མི་རྒུ་ནི་ ཡི་ཤུ་ རྐྱང་ཤིང་ངེ་ཀ་ རྐྱང་, ཁོང་ ཉམ་པོ་ ཁྲིམ་ ཅག་ཀ་ནེ་ མི་ ཉ་ཧ་ལ་ རྐྱང་ཤིང་ངེ་ཀ་ རྐྱང་, ཅིག་པོ་ ཁོང་ངེ་ ཡོའེ་སྤ་ ཡང་ ཅིག་པོ་ ཡོའེ་མེ་ རྐྱང་།
34 ཡི་ཤུའི་ མོལ་, “ཡབ་ལེ་, ཁོང་རྒུན་ལ་ ཤག་སྤ་ སལ་ ཅེ་ཟེར་ནི་ ཁོང་རྒུ་ནི་ ཅི་ ཅོའེན་ ཡོ་ཀན་འབོ་ མ་ཤེ་ཀན་ ཅོའེ་རྡེ་ ནོག་།” མག་མི་རྒུ་ནི་ ཁོང་ངེ་ ནམ་ཟ་ རྒོ་ཅེ་ལ་ རྒྱེན་ ཏྃ་།
35 མི་རྒུ་ནི་ སོང་ཀན་ ཚང་མ་ ལྟོའེན་ འདུག་ འིན་ན་ འུ་རྐྱོང་རྒུ་ནི་ ཁྲེལ་རྒོད་ ཏང་ངེན་ ཟེར་, “ཁོའེ་ ཞེན་མ་རྒུན་ རྐྱོབ་, ཀལ་ཏེ་ ཁོ་ ཀོན་འཇོག་རྒེ་ མ་ཤི་ཀ་ འདམ་མེ་ ཛེད་ཀན་འབོ་ འིན་ནི་ ཁོ་རང་ རྐྱོབ་ཅུག་རྒང་།” 36 ཡང་ མག་མི་རྒུ་ནི་ལ་ ཚིག་ ཏང་ངེན་ ཁོང་ངེ་ འདུན་ལ་ ཡོྃ་རྡེ་ ཁོང་ལ་ རྒུན་འགྲུམ་མེ་ ཁོའེ་ རྐྱུར་མོ་ ཏྃ་ 37 ཡང་ ཟེར་, “ཀལ་ཏེ་ ཁྱེ་རང་ ཡ་ཧུ་འདཱ་པེ་ རྒྱ་སྤོ་ འིན་ནི་, རང་ རྐྱོབ་རྦང་།” 38 ཁོང་ངེ་ ཨུའི་ ལྟག་ལ་ “འི་ མིའུ་ ཡ་ཧུ་འདཱ་པེ་ རྒྱ་སྤོ་ འིན་” འབྲི་རྡེ་ ཡོད་པེན་།
39 རྐྱང་ཤིང་ངེ་ཀ་ རྐྱང་ཀ་ནེ་ ཁྲིམ་ཅག་ཀན་ ཅིག་པེ་ ཁོང་ལ་ ཚིག་ ཏྃ་རྡེ་ ཟེར་, “ཁྱེ་རང་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ མན་ནེ་? ཁྱེ་རང་ འདང་ ང་ཞ་ རྐྱོབ་རྦང་།”
40 ཞེན་ ཅིག་པེ་ ཁོ་ ཁར་རྐྱག་ ཏྃ་རྡེ་ ཟེར་, “ཁོང་ ཙོག་སེ་ ཁྱེ་རང་ལ་ ཤི་ཅེ་ ཆེད་པ་ ཕོག་ཏེ་ལ་ ཀོན་འཇོག་རྒེ་ ཁྲིམ་ཅེད་ལ་ འཇིའི་རྡེ་ མེ་རག་རྒེ་? 41 ཨ་ཧོ་ ཉ་ཧ་ ཨ་ཧོའེ་ ལེ་ཧ་ ངན་པ་ ཅོ་ཀ་ནེ་ འོའེ་སྤེ་ ཆེད་པ་ ཕོག་ཏེ་ ནོག་, འིན་ན་ འི་ མི་རྦེ་ ངན་པ་ ལེ་ཧ་ ཅང་ ཅོའོ་ མ་ཛེད་།” 42 ཏེ་ནི་ ཁོའེ་ ཡི་ཤུ་ལ་ ཟེར་, “ཙོབོ་ལེ་, ཉེ་རང་ ཉེ་རང་ངེ་ རྒྱལ་སྲིད་རྡེ་ན་ རྐྱོད་རྡེ་རྡང་, ང་ འི་ཏུ་ པོ་རེ་ ཛེད་།”
43 ཡི་ཤུའི་ ལེན་སལ་, “ངེ་ ཁྱེ་རང་ལ་ རྡེན་འབའ་ ཟེ་འིན་, ཏི་རིང་ ཁྱེ་རང་ ང་ ཉམ་པོ་ རྡེ་བ་ཅན་ན་ ལེབ་རྦེན་།”
ཡི་ཤུ་ ཀྲོྃ་།
44 ཉི་མེ་ཀུང་ ཧ་ལམ་ ཆུ་ཙོད་ སུམ་པ་ཚུག་པ་ ཡུལ་ སོན་ཏེ་ མུན་ཀྲག་ སོང་། 45 ཉི་མེ་ འོད་ མེ་ཀན་ སོང་ ཡང་ ཀོན་འཇོག་རྒེ་ ཁང་པེ་ ཡོ་ལ་ ལྟག་ནི་ ཡོག་ཚུག་པ་ ཆེད་ཏེ་ པོ་ཉི་ སོང་། 46 ཏེ་ནི་ ཡི་ཤུའི་ ཧད་ ཐོན་པོ་ན་ མོལ་, “ཀྱེ་ ཡབ་, ངེ་ སེམ་ཡིད་ ཉེ་རང་ངེ་ ཆག་ལ་ ལྟེད་རྡེ་ཡོད་” ཏུ་ཟུག་ མོལ་ ཚར་རེ་རྡང་ ཁོང་ ཀྲོྃ་།
47 མག་མི་རྒྱེ་ སྤོན་འབེ་ སོང་ཀན་རྒུན་ ཐོང་འདེ་ ཀོན་འཇོག་ལ་ རྟོད་པ་ པུ་ལེན་ ཟེར་, “འི་ མིའུ་ ཀྲང་པོ་ མི་ཞིག་ འིན་ཀན་འབོ་ ནེན་ཏེན་ ནོག་།” 48 ཏུ་རུ་ རྐྱང་ཤིང་ལ་ རྐྱང་ཅེ་ ལྟ་ལ་ ཡོང་ཀ་ནེ་ མི་ཚང་མེ་ སོང་ཀན་ ཚང་མ་ ཐོང་ངེ་རྡང་ ཀྲང་ རྡུང་ཏང་ངེན་ ལོག་ཏེ་ སོང་ 49 འིན་ན་ འགཱ་ལིལ་ལེ་ ཡུལ་ནི་ ཡི་ཤུའི་ ལྟིང་འགྲྃ་ནི་ ཡོང་ཀ་ནེ་ པོ་མོ་རྒུན་ ཐེའེ་རྡེ་ ཁོང་ ཤེ་ཧན་ ཚང་མེ་ ཐག་རིང་ལ་ འདེད་ཏེ་ སོང་ཀན་རྒུན་ ལྟོའེ་།
ཡི་ཤུའི་ སྤུར་ སྤུར་ཧང་ངེ་ན་ པོ་རེ་ ཛེད་།
50 ཏ་ ཡ་ཧུ་འདཱ་པེ་ ཚོག་འདུའི་ ཐུའི་མི་ ཡོ་སེབ་ ཟེར་ཧ་ནེ་ ཀྲང་པོ་ རྡང་ ཟང་པོ་ མི་ཞིག་ ཡོད་པེན་, 51 ཁོང་རྒུ་ནི་ ཐབ་ ཏང་ ལེ་ཧ་རྒུན་ལ་ ཁོའེ་ ཁ་མ་ཆམ་། ཁོ་ ཡ་ཧུ་འདཱེ་ ཀྲོང་ཁྱེར་ ཨ་རི་མ་ཐཱ་པ་, ཀོན་འཇོག་རྒེ་ རྒྱལ་སྲིད་ ལེབ་ཅེ་ལ་ སྲུྃ་རྡེ་ ཡོད་པེན་། 52 ཁོ་ པི་ལ་ཏུ་ཀ་ སོང་འདེ་ ཡི་ཤུའི་ སྤུར་ ཁོ་ སལ་ ཟེར་རྡེ་ ཞུ་ཝ་ པུལ་། 53 སྤུར་ རྐྱང་ཤིང་ངེ་ཀ་ནི་ སྤབ་ཏེ་ རེ་ ཀུའི་སྤོ་ན་ ཏུམ་ ཡང་ ཀྲག་རྒེ་ན་ ཧོའེ་ཧ་ནེ་ སྤུར་ཧང་ རོ་ མ་ནི་ མ་པོར་ཧན་ཞིག་རྒེ་ན་ ཁོང་ངེ་ སྤུར་རྦོ་ པོར་། 54 ཏེ་ ཞག་པོ་ ངལ་ཚོའེ་རྡེ་ཕི་ ཀྲལ་ཅོ་ཅེ་ ཡང་ ངལ་ཚོའེ་ ཞག་པོ་ འགོ་ཟུག་ ཆ་ཀྱི་ ཡོད་པེན་།
55 འགཱ་ལིལ་ལེ་ ཡུལ་ཞོང་ནི་ ཡི་ཤུ་ ཉམ་པོ་ ཡོང་ཀ་ནེ་ པོ་མོ་རྒུན་ ཡོ་སེབ་རྦེ་ རྒྱབ་རྒྱབ་ནི་ སོང་ ཡང་ ཡི་ཤུའི་ སྤུར་ པོ་རེ་ ཛེད་ཀ་ནེ་ སྤུར་ཧང་འབོ་ ཐོང་། 56 ཏེ་ནི་ ཁོང་རྒུན་ ཁང་པ་ ལོག་ཏེ་ ཡོྃ་ ཡང་ སྤུར་ལ་ ཧུ་ཅེ་ཕི་ ཏྲི་ཞིམ་ཅེན་ནེ་ མར་ རྡང་ མར་ནག་ ཀྲལ་འགྲིག་ ཅོའེ་། ཀཱ་ཁྲིམ་ ནང་ཞིན་ ཁོང་རྒུན་ ངལ་ཚོའེ་ ཞག་ལ་ ངལ་ཚོའེ་རྡེ་ འདེད་།