ཟཀ་ཀཱ་ཡ་ ཁྲལ་ནེན་ཀ་ནེ་ ཧོར་།
19
ཡི་ཤུ་ ཡེ་རི་ཀོ་ ཀྲོང་ཁྱེར་ རྒྱུད་ཏེ་ རྐྱོད་ཟ་ནི་, 2 ཏུ་རུ་ ཁྲལ་ནེན་ཀ་ནེ་ སྤོན་འབོ་ ཟཀ་ཀཱ་ཡ་ ཟེར་ཧན་ མི་ ཆུག་པོ་ཞིག་ ཡོད་པེན་། 3 ཁོ་ ཡི་ཤུ་ འཇལ་ཤེ་ འདོད་པ་ ཡོད་པེན་, འིན་ན་ མི་ཚོག་ ཏང་ ཁོའེ་ རྒོ་རྦོ་ ཆུང་ཙེ་ ཡོད་ཅེ་རྦེ་ ཡི་ཤུ་ འཇལ་ མ་ཉེན་ 4 ཁོ་ ངུལ་ལ་ རྒྱུག་རྒེན་ ཡི་ཤུ་ ལྟ་ཅེ་ལ་ ཁོང་ རྐྱོད་ཅེ་ཅེན་ནེ་ ལམ་མེ་ཀ་ ཡོ་ཀ་ནེ་ སི་ཀ་མོར་རེ་ ལྕང་མེ་ཀ་ ཛག་།5 ཡི་ཤུ་ ཏེ་ མལ་རྦེ་ཀ་ ལེབ་རྦེ་རྡང་, ལྟག་ལ་ ཟི་རྡེ་ ཁོ་ མོལ་, “ཟཀ་ཀཱ་ཡ་, ཡོག་ལ་ འགྱོ་སྤ་ པབ་ཏེ་ ཤོག་། ཏི་རིང་ ང་ ཁྱེ་རང་ངེ་ ཁང་པ་ འབྲང་ས་ འདེད་ཅེ་རག་།” 6 ཏེ་ནི་ ཁོ་ འགྱོ་སྤ་ པབ་ཏེ་, མ་ ཐེད་པོ་ ཉམ་པོ་ ཡི་ཤུ་ ཁོ་རང་ངེ་ ཁང་པ་ རྒ་སུའི་ ཞུའི་། 7 ཏུ་རུ་ ཡོ་ཀ་ནེ་ མི་ཚང་མེ་ ཏོ་ ཐོང་འདེ་ མ་རྒ་མོ་རྒེ་ ཤེད་རྡེན་ ཟེར་, “ཁོང་ མི་ རྡིག་ཅེན་ ཉམ་པོ་ ཞུ་རྡེ་ རྐྱོད་།”
8 ཟཀ་ཀཱ་ཡ་ ལྃ་རྡེ་ ཙོབོ་ ཡི་ཤུ་ལ་ ཟེར་, “ཙོབོ་ལེ་ ཟི་རྡང་ ང་ ཡོ་ཀ་ནེ་ ནོར་ ཕེད་པོ་ ངེ་ ཉལ་རྦ་ཅེན་ལ་ ཏང་ངེན་ ཡང་ ཀལ་ཏེ་ ངེ་ སུ་ཞིག་ལ་ འགོ་ཧོར་རྡེ་ མུལ་ ནེན་འདེ་ ཡོད་ནི་, ཏོ་རྦེ་ ཞི་ལྡབ་ ངེ་ ལོག་ཏེ་ ཏང་ངེན་།”
9 ཡི་ཤུའི་ ཁོ་ མོལ་, “ཏི་རིང་ འི་ ཁང་པེ་ན་ ཐར་པ་ ལེབ་ཏེ་ འིན་ ཅེ་ཟེར་ནི་ ཁོ་ ཨབ་ར་ཧམ་མེ་ ཕར་རྒྱུད་ ནོག་། 10 མི་རིག་རྒེ་པུ་ རྐྱལ་ཧན་རྒུན་ ཙལ་ཤེ་ རྡང་ རྐྱོབ་ཅེ་ལ་ ཡོྃ་རྡེ་ འིན་།”
ཡོག་པོ་ ཅུའི་ སྲུང་ངུ་།
11 མི་རྒུ་ནི་ ཉེན་ནེན་ ཡོད་ཟ་ནི་, ཡི་ཤུའི་ ཁོང་རྒུན་ལ་ སྲུང་ངུ་ཞིག་ ཤེད་རྡེ་ ཛེད་ ཅེ་ཟེར་ནི་ ཁོང་ ཡེ་རུ་ཤ་ལེམ་ རྒྱལ་སེ་ ཉེ་མོ་ལ་ ཡོད་པེན་ ཡང་ མི་རྒུ་ནི་ ཀོན་འཇོག་རྒེ་ རྒྱལ་སྲིད་ ཏེ་རྒ་ཟ་ནི་ ངོན་ཅེ་ ནོག་ སམ་མེ་ཡོད་པེན་། 12 ཁོང་ངེ་ མོལ་, “ཧུ་ཀྲག་ཅིག་ ཡུལ་ ཐ་རིང་ཞིག་ལ་ རྒྱ་སྤེ་ ཀོ་ས་ ནེན་འདེ་ ལོག་ཏེ་ ཡོང་ཅེ་ལ་ སོང་། 13 ཁོ་ ཆ་སང་ ངུལ་ལ་ ཁོ་རང་ངེ་ ཡོག་པོ་ ཅུ་ འབོའེ་རྡེ་, ཁོང་ རེ་རེ་ལ་ ལྡ་ སུམ་མེ་ ལ་ཆེ་ པེ་ནེ་ འདྲན་འདྲ་ ཏྃ་རྡེ་ ཟེར་, ‘ང་ ལོག་ཏེ་ ཡོང་ཡོང་ཚུག་པ་ འི་ པེ་ནེ་འབོ་ ཉོ་ཚོང་ ཅོ་ལ་ ཀོལ་།’ 14 འིན་ན་ ཏེ་ ཡུལ་ལེ་ མི་ཚང་མེ་ ཁོ་ སོག་པོ་ ཅོའེ་རྦེ་, ཁོའེ་ ལྟིང་འགྲྃ་ནི་ མི་ ཁ་ཅིག་, ‘འི་ མིའུ་ ང་ཞི་ རྒྱ་སྤོ་ ཅོ་ལ་ ང་ཞ་རྒུན་ ཐེད་རྡེ་ མེ་རག་ ཟེ་རེ་ལ་ ཀལ་།’”
15 “འིན་ན་ ཁོ་ རྒྱ་སྤོ་ འགྱུར་རྡེ་ ལོག་ཏེ་ ཡོྃ་། ཏེ་ནི་ ཚོང་ ཏྃ་རྡེ་ ཙམ་ ཁྱེ་ ཐོབ་ཏོག་ ལྟ་ཅེ་ལ་ ཁོའེ་ པེ་ནེ་ ཏང་ཀ་ནེ་ ཡོག་པོ་རྒུན་ འབོའེ་། 16 ཡོག་པོ་ ཏང་པོ་ ཡོྃ་རྡེ་ ཟེར་, ‘སྤོན་འབོ་ལེ་, ཉེ་རང་ངེ་ པེ་ནེ་ ཏང་ཀན་འབེ་ ཅུ་ལྡབ་པོ་ ང་ འཇོར་།’”
17 “སྤོན་འབེ་ ཁོ་ ཟེར་, ‘རྒྱལ་ལེ་ ཅོའེ་, ཡོག་པོ་ ཟང་པོ་, ཁྱེ་རང་ ཉུང་ཙེ་ཞིག་རྒེ་ན་ ལོ་ཁྱེལ་ཅེན་ ལུའི་རྦེ་, ཁྱེ་རང་ལ་ ངེ་ རྒྱལ་ས་ ཅུའི་ཀ་ ཝང་ཆ་ ཏང་ངེ་ཡོད་།’”
18 “ཡོག་པོ་ ཉི་སྤ་འབོ་ ཡོྃ་རྡེ་ ཟེར་, ‘སྤོན་འབོ་ལེ་, ཉེ་རང་ངེ་ པེ་ནེ་ ཏྃ་ཧན་འབོ་ ང་ལྡབ་པོ་ ང་ འཇོར་།’”
19 “སྤོན་འབེ་ ཁོ་ ཟེར་, ‘ཁྱེ་རང་ལ་ རྒྱལ་ས་ ངེ་ཀ་ ཝང་ཆ་ ཏང་ངེ་ཡོད་།’”
20 “ཏེ་ནི་ ཡོག་པོ་ སུམ་པ་ ཡོྃ་རྡེ་ ཟེར་, ‘སྤོན་འབོ་, ཉེ་རང་ངེ་ པེ་ནེ་ ངེ་ ལག་པི་ན་ ཏུམ་འདེ་ རྦེ་རྡེ་ པོར་རྦེན་, ཏ་ ལོག་ཏེ་ ནམ་། 21 ང་ ཉེ་རང་ལ་ འཇིའི་ ཅེ་ཟེར་ནི་ ཉེ་རང་ སྤོན་འབོ་ ཉིང་ཞེ་ མེ་ཀན་, མ་ཏྃ་ལ་ ནེན་ཀན་ འདང་ མ་ཏབ་ཀན་ཀ་ནི་ ངེ་ཀན་ ནོག་།’”
22 “སྤོན་འབེ་ ཁོ་ ཟེར་, ‘ཡོག་པོ་ ངན་པ་, ཁྱེ་རང་ངེ་ ཟེར་ཧན་རྒུན་ རྒྱུད་ཏེ་ ངེ་ ཁྱེ་རང་ལ་ ཁྲིམ་ཅེད་རྡེན་། ང་ ཉིང་ཞེ་ མེ་ཀན་ ཡང་ ང་ མ་ཏྃ་ལ་ ནེན་ཀན་ འདང་ མ་ཏབ་ཀན་ཀ་ནི་ ངེ་ཀན་ འིན་ཀན་འབོ་ རྒྱུའི་ཡོད་ཏེ་ལ་, 23 ཁྱེ་རང་ངེ་ ངེ་ པེ་ནེའོ་ མུལ་ཛོད་ཁང་ངེ་ན་ ཅི་ཕི་ མ་ཏྃ་རྦེན་? ཀལ་ཏེ་ ཏང་རྦེན་ནི་, ང་ ཡོྃ་རྡེ་ ཁྱེཔ་སྃ་ ཉམ་པོ་ ང་རང་ པེ་ནེ་ ནེན་འདེ་ ཡོད་ཁྲོ་།’”
24 “ཏེ་ནི་ སྤོན་འབེ་ ཏེ་རྒ་ ལང་འདེ་ ཡོ་ཀན་རྒུན་ལ་ ཟེར་, ‘ཁོའེ་ཀ་ནི་ པེ་ནེའོ་ ནེན་འདེ་ ཅུ་ལྡབ་ འཇོར་ཧན་འབོ་ལ་ ཏོང་།’”
25 “ཁོང་རྒུ་ནི་ ཟེར་, ‘སྤོན་འབོ་, ཁོའེ་ ལག་ལ་ ཅུ་ལྡབ་ མང་ངེ་ པེ་ནེ་ ཡོད་ཏེ་ ནོག་།’”
26 “སྤོན་འབོའེ་ ལེན་ཏྃ་, ‘འོ་ནེ་, ཏང་ཀན་འབོ་ རྒྱ་ལེ་ ཅོའེ་རྡེ་ ཀོལ་ཧན་རྒུན་ལ་ མང་ངེ་ ཏང་ངེན་, འིན་ན་ མ་ཀོལ་ཧན་རྒུ་ནི་ཀ་ནི་ ཉུང་ཙེ་ ཡོ་ཀན་འབོ་ལ་ ཁྱེར་རེན་། 27 ཏ་ ང་ རྒྱ་སྤོ་ འགྱུར་རྡེ་ ཁོང་རྒུ་ནི་ཀ་ ཝང་སྲུལ་ མ་ཐེད་ཀ་ནེ་ ངེ་ འགྲ་ཝོ་རྒུན་ ངེ་ འདུན་ལ་ ཁྱོྃ་རྡེ་ སོད་།’”
ཡི་ཤུ་ རྒྱ་སྤེ་ ཚུལ་ལ་ རྒ་སུའི་ ཞུའི་།
28 ཏོ་རྒུན་ མོལ་ ཚར་རེ་རྡང་ ཡི་ཤུའི་ ལོབ་ཀྲུག་རྒུ་ནི་ ངུལ་ངུལ་ལ་ ཡེ་རུ་ཤ་ལེམ་ལ་ རྐྱོད་། 29 ཁོང་ ཨོ་ལི་ཝེ་ རི་ཀ་a ཡོ་ཀན་ འབེད་ཕ་འགེ་ རྡང་ འབེད་ཐཱ་ནི་ ཀྲོང་ཁྱེར་ལ་ ལེབ་ཀྱི་ ཡོད་རྡེ་རྡང་, ཡི་ཤུའི་ ཁོ་རང་ངེ་ ལོབ་ཀྲུག་ ཉི་ ངུལ་ལ་ ལམ་ཅུག་རྒེ་ ཛེད་ཏེ་, 30 མོལ་, “འ་ ཀྲོང་ཁྱེར་རེ་ན་ སོང་, ཏུ་རུ་ ལེབ་རྦེ་རྡང་, སུ་ལ་ མ་ཞོན་ཀ་ནེ་ པུང་ངུ་ ཅོ་རྦ་ཞིག་ ཏ་རྡེ་ ཐོང་ཅེན་, ཏོ་ ཀྲོལ་རྡེ་ འི་རུ་ ཁྱོང་། 31 ཀལ་ཏེ་ སུ་ཞིག་རྒེ་, ‘ཁྱི་ཞི་ པུང་ངུ་ ཅོ་རྦ་འབོ་ ཅི་ཕི་ ཀྲོལ་ལེ་ཡོད་’ ཟེར་ནི་, ‘ཙོབོ་ལ་ རྒོའེ་ཤེ་ འདུག་’ ཟེར་།”
32 ངུལ་ལ་ ཀལ་ཧ་ནེ་ ལོབ་ཀྲུག་རྒུན་ སོང་འདེ་ ཡི་ཤུའི་ མོལ་ཧན་ ནང་ཞིན་ ཐོང་། 33 པུང་ངུ་ ཅོ་རྦའོ་ ཀྲོལ་ཟ་ནི་ ཏོ་རྦེ་ རྡག་པོ་རྒུ་ནི་ ཁོང་རྒུན་ལ་ འདྲི་, “པུང་ངུ་ ཅོ་རྦ་འབོ་ ཅི་ཕི་ ཀྲོལ་ལེ་ཡོད་?”
34 ཁོང་རྒུ་ནི་ ལེན་ཏྃ་, “ཙོབོ་ལ་ རྒོའེ་ཤེ་ འདུག་།” 35 ཏེ་ནི་ ཁོང་རྒུ་ནི་ པུང་ངུ་ ཅོ་རྦ་འབོ་ ཡི་ཤུ་ས་ ཁྱོྃ་རྡེ་ ཁོ་རང་རྒུ་ནི་ ཀོའེ་ ཏོ་ལ་ ལྟེད་ཏེ་ ཡི་ཤུ་ ཏོ་རྦེ་ཀ་ རྐྱོན་།
36 ཡི་ཤུ་ རྐྱོད་ཟ་ནི་, མི་རྒུ་ནི་ རང་རང་ངེ་ ཀོའེ་ ཁོང་ རྐྱོད་སེ་ ལམ་མེ་ཀ་ ཏིང་། 37 ཁོང་ ཨོ་ལི་ཝེ་ རི་ནི་ ཡོག་ལ་ ཆ་ཀ་ནེ་ ལམ་མེ་ མལ་ལེ་ ཉེ་མོ་ལ་ ལེབ་རྦེ་རྡང་, ཁོང་ལ་ འགྲྃ་རྡེ་ ཡོང་ཀན་ ཚང་མེ་, ཁོང་ངེ་ ཧ་ལེ་ཤེ་ ཛེད་པ་རྒུན་ ཐོང་ཅེ་ཀ་ནི་ རྒ་མོ་ ཉམ་པོ་ ཀོན་འཇོག་ལ་ རྟོད་པ་ པུལ་ཅེ་ འགོ་ཟུག་ཏེ་ ཟེར་,
38 “ཙོབོ་ ཀོན་འཇོག་རྒེ་ ཚན་ཀ་
རྐྱོད་ཀ་ནེ་ རྒྱ་སྤོ་ ཅིན་ལབ་ཅེན་།
རྡེ་བ་ཅན་ནེ་ན་ ཞིའི་རྡེ་ ཏང་ ནམ་ཀེ་ ཐོ་ཤོག་རྦོ་
ཞུ་ཧ་ནེ་ ཀོན་འཇོག་ལ་ སྤལ་ ཁྱོང་ངེན་།”
39 ཏེ་ མི་ཚོག་རྡེ་ ཕྲོ་ནི་ པ་རུ་ཤི་པ་ ཁ་ཅིག་རྒེ་ ཡི་ཤུ་ ཟེར་, “ལོབ་རྦོན་ལེ་, ཉེ་རང་ངེ་ ལོབ་ཀྲུག་རྒུན་ལ་ ཀབ་རྐྱོན་ ཛེད་ཏེ་ ཏུ་ཟུག་ ཟེར་ཤེ་ནི་ རྒག་རྒེ་ ཛེད་རྡང་།”
40 ཁོང་ངེ་ ལེན་སལ་, “ངེ་ ཁྱི་ཞ་ ཟེ་འིན་, ཀལ་ཏེ་ ཁོང་རྒུན་ ཅེཔ་ཁ་རོག་ཏེ་ འདེད་ནི་, འི་ རྡོ་རྒུ་ནི་ ཀུ་ཅུ་ ཏྃ་རྡེ་ རྟོད་པ་ པུ་ལེན་།”
ཡི་ཤུ་ ཡེ་རུ་ཤ་ལེམ་པ་རྒུ་ནི་ཕི་ ཤུམ་མེ་ ཛེད་།
41 ཡེ་རུ་ཤ་ལེམ་མེ་ རྒྱལ་སེ་ ཉེ་མོ་ ལེབ་རྦེ་རྡང་ རྒྱལ་ས་ ཟི་རྡེ་ ཡི་ཤུ་ ཤུམ་མེ་ ཛེད་ 42 ཡང་ ཁོང་ངེ་ མོལ་, “ཀལ་ཏེ་ ཁྱི་ཞ་ ཡེ་རུ་ཤ་ལེམ་པ་རྒུ་ནི་ ཏི་རིང་ངེ་ ཞག་ལ་ ཞིའི་རྡེ་ ཐོབ་ཅེ་ ལམ་འབོ་ ཤེ་རྦེན་ནི་, ཁྱི་ཞ་ ཐོབ་ཏེ་ ཡོད་ཁྲོ་ འིན་ན་ ཏག་ས་ ཏོ་ ཁྱི་ཞ་རྒུ་ནི་ མིག་ནི་ རྦེ་རྡེ་ པོར་རྡེ་ ནོག་། 43 ཁྱི་ཞ་རྒུན་ཀ་ ཏེ་ ཞག་པོ་ ལེབ་རྦེན་ ནམ་ ཁྱི་ཞི་ འགྲ་ཝོ་རྒུ་ནི་ ཁྱི་ཞི་ རྒྱལ་ས་ ཀྱིར་ ཧོར་རྡེ་ སིག་པ་ སིག་ཏེ་ ཆོག་ ཚང་མ་ནི་ ཁྱི་ཞི་ཀ་ སྤུང་འགོལ་ ཅོའེན་། 44 རྒྱལ་ས་རྦོ་ ཞིག་རྡེ་ མི་རྒུན་ སེད་ཏེ་ མེ་ཀན་ ཅོའེན་། རྡོ་ ཅིག་ ཏང་ ཅིག་ཀ་ སག་ཏེ་ མི་ལུའི་ ཅེ་ཟེར་ནི་ ཀོན་འཇོག་ ཁྱི་ཞ་ རྐྱོབ་རྦ་ རྐྱོད་ཀ་ནེ་ ཏུའི་རྦོ་ ཁྱི་ཞ་རྒུ་ནི་ ངོ་ མ་ཤེ་།”
ཚོང་པ་རྒུན་ ཀོན་འཇོག་རྒེ་ ཁང་པེ་ ནང་ནི་ ཕིང་ངེ་ ཛེད་།
45 ཏེ་ནི་ ཡི་ཤུ་ ཀོན་འཇོག་རྒེ་ ཁང་པ་ལ་ རྐྱོད་ཏེ་, སྲོག་ཆོད་ལ་ པུལ་ཅེ་ སེམ་ཅེན་ ཙོང་ཀན་རྒུན་ ཕིང་ཅེ་ འགོ་ཟུག་ ཛེད་། 46 ཡི་ཤུའི་ ཁོང་རྒུན་ལ་ མོལ་, “ཏམ་པེ་ སུང་རབ་རྦེ་ན་ ཀོན་འཇོག་རྒེ་ མོལ་ལེ་ ཛེད་ཏེ་ འདུག་, ‘ངེ་ ཁང་པ་ མོ་ལམ་ ཞུ་ཅེ་ ཁང་པ་ ཟེ་རེན་’, འིན་ན་ ‘ཁྱི་ཞ་རྒུ་ནི་ འི་རྦོ་ ཅག་པ་རྒུ་ནི་ འབའ་ཝོ་ ཅོའེ་རྡེ་ འདུག་།’”
47 ཞག་ཏང་ ཁོང་ངེ་ ཀོན་འཇོག་རྒེ་ ཁང་པེ་ན་ ལབ་ཞ་ སལ་ལེ་ ཛེ་རྡེ་ཡོད་པེན་། ལ་མ་ འུ་རྐྱོང་རྒུན་, ཆོའེ་ཁྲིམ་ལ་ ཁེ་སྤ་རྒུན་ འདང་ ཡུལ་མི་ འུ་རྐྱོང་རྒུ་ནི་ ཁོང་ སེད་ཅེ་ ཐབ་ ཙལ་ཤེ་ འགོ་ཟུག་། 48 འིན་ན་ ཁོང་རྒུན་ལ་ ཧབ་ མ་ཐོབ་ ཅེ་ཟེར་ནི་ ཡི་ཤུའི་ ལབ་ཞ་ ཆུང་ཙེ་ཞིག་ལ་ ལུའི་ མ་ཤུག་རྒེ་ ཉེན་ཅེ་ལ་ མི་ཚང་མ་ ཐེད་རྡེ་ཡོད་པེན་།