ཐ་མེ་ ཏུའི་རྡེ་ ལྟའ་རྒུན་།
24
ཡི་ཤུ་ ཀོན་འཇོག་རྒེ་ ཁང་པ་ནི་ འབིང་འདེ་ རྐྱོད་རྡེ་ ཡོད་ཟ་ནི་ ཁོང་ས་ ལོབ་ཀྲུག་རྒུན་ ཡོྃ་རྡེ་ ཀོན་འཇོག་རྒེ་ ཁང་པ་ ཧ་ལེ་ཤེ་ སིག་ཏེ་ ཡོ་ཀན་འབོ་ ཡི་ཤུ་ ལྟན་ནེ་ ཛེད་། 2 ཡི་ཤུའི་ ཁོང་རྒུན་ལ་ མོལ་, “འི་ ཚང་མ་ ཁྱི་ཞ་ ཐོང་འདུག་རྒེ་? ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་, འི་ རྡོ་ ཅིག་ ཏང་ ཅིག་ཀ་ སག་ཏེ་ མི་ལུའི་, ཚང་མ་ ཞིག་རྒེན་།”3 ཨོ་ལི་ཝེ་ རི་ཀ་ ཡི་ཤུ་ ཞུ་རྡེ་ ཡོད་ཟ་ནི་, ལོབ་ཀྲུག་རྒུན་ ཁོང་ ཅིག་པོ་ ཡོད་ས་ ཡོྃ་རྡེ་ འདྲི་, “ང་ཞ་ ཤེད་རྡེ་ ཛེད་རྡང་ ཏོ་ ནམ་ ཆེན་? ཉེ་རང་ འཇིག་རྟེན་ནི་ཀ་ ལོག་ཏེ་ རྐྱོད་ཅེ་ ཡང་ ཏུའི་ ཐ་མེ་ ལྟའ་རྦོ་ ཀ་ཟུག་ ཀྲིག་ ཡོང་ངེན་?”
4 ཡི་ཤུའི་ ལེན་སལ་, “སུ་ཞིག་ལ་ ཁྱི་ཞ་ འགོམ་ཧོར་ ཏང་མི་ཅུག་ཅེ་ལ་ ཤང་ ཅོའེ་, 5 ཅེ་ཟེར་ནི་ ངེ་ མིང་ ཁུར་རྡེ་ ང་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ འིན་ ཟེར་ཧན་ མང་པོ་ཞིག་ ཡོྃ་རྡེ་ མི་ མང་པོ་ འགོམ་ཧོར་ ཏང་ངེན་། 6 ཡང་ ཁྱི་ཞ་རྒུ་ནི་ མག་ ཏང་ མག་རྒེ་ ཧོར་ལ་ འུ་ཡ་རྒུན་ ཚོར་རེ་རྡང་, འཇིའི་ མ་འཇིའི་ཧེ་; ཏོ་རྒུན་ ཆ་རྒོའེ་, འིན་ན་ ཐ་མེ་ ཏུའི་ ཏ་རུང་ མི་ལེབ་། 7 རྒྱལ་ཁབ་ ཅིག་ ཏང་ ཅིག་རྒེ་ ཡང་ རྒྱལ་སྲིད་ ཅིག་ ཏང་ ཅིག་རྒེ་ རྒྱཔ་འགལ་ལ་ མག་ ཏང་ངེན་། ས་ཅ་ མང་པེ་ན་ ལོར་ཧོན་, འཇར་ནེད་རྒུན་ འདང་ སང་འགུལ་ ཡོང་ངེན་། 8 འིན་ན་ ཏོ་ ཚང་མ་རྦོ་ ཕྲུ་རྒུ་ རྐྱེ་ཅེ་ འགོ་ཟུག་རྒེ་ ཟུར་མོ་ ཙོག་སེ་ འིན་།”
9 “ཏེ་ནི་ ཁྱེ་ཞི་ རྡུ་ངལ་ ལྟན་ཅེ་ལ་ ལྟེད་ཏེ་ སེད་རྡེན་། ཁྱི་ཞི་ ངེ་ན་ ཏེཏ་པ་ ཅོ་ཅེ་རྦེ་ རྒྱལ་ཁབ་ ཚང་མེ་ མི་རྒུ་ནི་ ཁྱི་ཞ་རྒུན་ལ་ སོག་པོ་ ཅོའེན་། 10 ཏེ་ཏུའི་ལ་ མི་ མང་པེ་ ངེ་ན་ ཏེཏ་པ་ ཅོ་ཀན་འབོ་ ཕང་ངེན་ ཡང་ ཁོ་རང་ ཅིག་ ཏང་ ཅིག་ལ་ སོག་པོ་ ཅོའེ་རྡེ་ འགྲ་ཝེ་ ལག་ལ་ ལྟེ་རྡེན་། 11 ཟུའི་མེ་ ལུང་རྟོན་པ་ མང་པོ་ ཡོྃ་རྡེ་ མི་ མང་པོ་ འགོམ་ཧོར་ ཏང་ངེན་། 12 འཇིག་རྟེན་ནེ་ན་ སེམ་ངན་ རྒྱེ་ཤེ་རྦེ་ མང་པོ་ཞིག་རྒེ་ ཀོན་འཇོག་ ཏང་ མི་རྒུ་ནི་ཕི་ ཡ་ཤ་འབོ་ ཉམ་མེན་། 13 འིན་ན་ ཐ་མ་ཚུག་པ་ ངེ་ཀ་ ཏེཏ་པ་ རྟེམ་པོ་ པོར་ཧན་རྒུན་ ཐ་རེན་། 14 རྒྱལ་ཁབ་ ཚང་མེ་ མི་རྒུ་ནི་ ཚོར་ཤེ་ཕི་ འཇིག་རྟེན་ སོན་ཏེ་ན་ རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ ནེ་ཚུལ་ ཟང་པོ་ ཤེད་རྡེན་, ཏེ་ཏུའི་ལ་ ཐ་མ་ ལེབ་རྦེན་།”
15 “ཁྱི་ཞི་, ལུང་རྟོན་པ་ འདཱ་ནི་ཨེལ་ལེ་ ཏམ་པེ་ སུང་རབ་རྦེ་ན་ འབྲི་ ཛེད་ཀན་ ‘ཁམ་ལོག་ ཀྲིཔ་ ཅོ་ཀན་འབོ་’ ཏམ་པེ་ ཀོན་འཇོག་རྒེ་ ཁང་པེ་ན་ ཐོང་ངེ་རྡང་, སིལ་ཧན་རྒུ་ནི་ ངེ་ ཟེར་ཤེ་ཅེན་རྒུ་ནི་ཀ་ ནྃ་ ཏོང་། 16 ཡ་ཧུ་འདཱེ་ ཡུལ་ཞོང་ངེ་ན་ འདེད་ཀན་རྒུན་ རི་རྒུན་ལ་ ཤོར་རྒོའེ་། 17 ཁང་པེ་ ཁ་ཏོཏ་ལ་ ཡོ་ཀན་རྒུན་ ཡོག་ལ་ པབ་ཏེ་ ཁང་པེ་ན་ ནོར་རྒུན་ ནེན་ནེ་ལ་ མ་ཆ་། 18 ཞིང་ངེ་ཀ་ ལེ་ཧ་ ཅོའེན་ ཡོ་ཀན་རྒུན་ ལོག་ཏེ་ ཁང་པ་ ཀོའེ་ལག་ ཁྱོང་ངེ་ལ་ མ་ཆ་། 19 ཏེ་ཏུའི་ལ་ རྐྱེ་ཅེ་མ་ རྡང་ ཕྲུ་རྒུ་ལ་ འོ་མ་ ཏང་ཀ་ནེ་ ཨ་མ་རྒུན་ལ་ ཙམ་ཤིག་རྒེ་ འཇི་སྤ་ ནོག་། 20 ཁྱི་ཞ་ ཤོར་ཤེ་ ཏུའི་རྦོ་ རྒུན་ཏུའི་ ཡང་ ངལ་ཚོའེ་ ཞག་ལ་ མི་ཆ་ཤེ་ལ་ མོ་ལམ་ ཞུའི་། 21 ཏེ་ཏུའི་ལ་ འི་ཟམ་ རྡུག་ངལ་ ཀྲག་པོ་ ཆེན་, ཀའོ་ འཇིག་རྟེན་ ཛེད་པེ་ནེ་ཕ་ལ་ ཏག་ས་ཚུག་པ་ མ་ཆ་ ནོག་ ཡང་ ལྟིང་ཞིན་ལ་ མི་ཆ་། 22 ཀལ་ཏེ་ ཏེ་ཏུའི་རྦོ་ ཉུང་ཙེ་ མ་ཛེད་པེ་ནི་ སུ་ཞིག་ལ་ སོན་པོ་ ལུའི་རྡེ་ མེད་ཁྲོ་, འིན་ན་ འདམ་མེ་ ཛེད་ཀན་རྒུ་ནི་ ཏོན་ལ་ ཏེ་ཏུའི་རྦོ་ ཉུང་ཙེ་ ཅོའོ་ ཛེད་།”
23 “ཏེ་ཏུའི་ལ་ ཀལ་ཏེ་ སུ་ཞིག་རྒེ་ ཁྱི་ཞ་, ‘ལྟོའེ་རྡང་ མ་ཤི་ཀ་ འེ་ཀ་ནེ་ ཡང་ འ་ཀ་ནི་ ཞུ་རྡེ་ འདུག་’ ཟེར་ནི་ རྡེན་ མ་ཆེ་། 24 ཅེ་ཟེར་ནི་ མ་ཤི་ཀ་ ཟུའི་མ་ རྡང་ ལུང་རྟོན་པ་ ཟུའི་མ་རྒུན་ ཡོྃ་རྡེ་ ཧ་ལེ་ཤེ་ ཛེད་པ་ རྡང་ ལྟའ་རྒུན་ ལྟན་འདེ་ ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀན་རྒུན་ལ་ འགོམ་ཧོར་ ཏང་ཅེ་ ཙོན་འགྲུའི་ ཅོའེན་ འིན་ན་ ཏང་ མི་ཉེན་། 25 ཤང་ ཅོའེ་, ཏུའི་རྦོ་ ལེབ་རྦེ་སང་ ངུལ་ལ་ ངེ་ ཁྱི་ཞ་ ཤེད་ཏེ་ འིན་།”
26 “ཀལ་ཏེ་ སུ་ཞིག་རྒེ་ ‘མ་ཤི་ཀ་ འ་ རི་ལྟོང་ངེ་ན་ འདུག་’ ཟེར་ནི་ མ་ཆ་, ཡང་ ‘ཁོང་ འ་ ནང་ནི་ འདུག་’ ཟེར་ན་ རྡེན་ མ་ཆེ་། 27 ལོག་རྒེ་ འོད་ ནམ་ཀེ་ན་ ཤར་ནི་ ནུབ་ཚུག་པ་ ཕེལ་ལེ་ ཙོག་སེ་, མི་རིག་རྒེ་པུ་ ལོག་ཏེ་ ཡོང་ ཟ་ནི་ལ་ ཆེན་། 28 རོ་ ཡོད་ས་ ལག་རྒུན་ ཁོར་རེ་ནོག་། ཁྱི་ཞི་ ཏེ་ ལྟའ་རྒུན་ ཆ་ ཐོང་ངེ་རྡང་ ཐ་མེ་ ཏུའི་ ལེབ་ཅེའོ་ ཁྱི་ཞ་ ཧ་ཀོ་རྒོའེ་།”
29 “ཏེ་ཏུའི་ རྡུ་ངལ་ལེ་ ཅེཔ་ ལྟིང་ནི་,
‘ཉི་མ་ མུན་ཀྲག་ འགྱུ་རེན་,
ལྡ་ཝེ་ འོད་ མི་ཏང་
ནམ་ནི་ ཧར་མ་རྒུན་ ཀྲུལ་ལེན་
ཡང་ ནམ་ཀེ་ ཝང་རྒུན་ རྒུལ་ལེ་ ཛེ་རྡེན་།’”
30 “ཏེ་ནི་ མི་རིག་རྒེ་པུ་ ཡོང་ཅེ་ ལྟའ་ ནམ་མེ་ན་ ཆ་རྦེ་ འཇིག་རྟེན་ནེ་ རྒྱལ་ཁབ་ ཚང་མེ་ མི་རྒུ་ནི་ ཉ་ངན་ ཅོའེན་། ཏེ་ནི་ ཁོང་རྒུ་ནི་ མི་རིག་རྒེ་པུ་ ཝང་ འདང་ ཟི་ཞིད་ ཀྲག་པོ་ ཉམ་པོ་ སྲིན་ནེ་ཀ་ འདེད་ཏེ་ ཡོང་ངེ་ ཐོང་ངེན་། 31 ཏུང་ངེ་ཧད་ ཆོན་མོ་ ཕུ་རྡང་ ཁོའེ་, ཕོ་ཉ་རྒུན་ འཇིག་རྟེན་ སོན་ཏེ་ ནང་ནི་ ཁོ་རང་ངེ་ འདམ་ཀན་རྒུན་ རྡུ་ཅེ་ལ་ ཀལ་ལེན་།”
32 “སྤིག་རྒེ་ ཁ་ཟོའེ་ ལྕང་མེ་ཀ་ནི་ ལབ་ཞ་ ནེ་ནེན་; ཏོ་རྦེ་ ཡ་ལག་ ངོན་པོ་ སོང་འདེ་ ལོ་མ་ སོ་མ་ འབིང་རྒྱ་ལ་, ཡར་ ཉེ་མོ་ ལེབ་ཀན་འབོ་ ཤེ་རྡེ་ནོག་། 33 ཏེ་རྒ་ ཙོག་སེ་ ཁྱི་ཞ་རྒུ་ནི་ ཏེ་ ལྟའ་ ཚང་མ་ ཐོང་རྒྱ་ལ་, ང་ ལོག་ཏེ་ ཡོང་ཅེ་ ཏུའི་ ཉེ་མོ་, རྒོ་ འདུན་ལ་ ལེབ་ཏེ་ ཡོ་ཀན་འབོ་ ཁྱི་ཞ་རྒུ་ནི་ ཤེའེ་རྡེན་། 34 ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་, འི་ མི་རབ་པོ་ མེ་ཀན་ ཆ་སང་ ངུལ་ལ་ ཏོ་ ཚང་མ་ ཆེན་། 35 ནམ་ཀ་ རྡང་ འཇིག་རྟེན་ ཉ་ཧ་ མེ་ཀན་ ཆེན་, འིན་ན་ ངེ་ ཟེར་ཧན་རྒུན་ མེ་ཀན་ མ་ནི་ མི་ཆ་།”
36 “ཏེ་ ཚང་མ་ ཆ་ཅེ་ ཞག་ ཡང་ ཏུའི་ཚོད་པོ་ ཀོན་འཇོག་ ཡབ་ ཅིག་པོ་ལ་ མ་ནི་ ཡང་ སུ་ལ་ རྒྱུའི་མེད་, རྡེ་བ་ཅན་ནེ་ ཕོ་ཉ་ ཡང་ པུ་ཙ་ལ་།”
37 “མི་ ཀྲང་པོ་ ནོ་ཨཱེ་ ཏུའི་ལ་ སོང་ཀན་ ཙོག་སེ་ མི་རིག་རྒེ་པུ་ ཡོང་ངེ་ ཏུའི་ལ་ ཆེན་། 38 འཇིག་རྟེན་ནེ་ཀ་ ཆུ་ལོག་ ཡོང་ངེ་སང་ ངུལ་ལ་, ནོ་ཨཱེ་ ཆུ་རེལ་ལེ་ན་ ཆ་ཆ་ཚུག་པ་ མི་རྒུ་ནི་ ཟེན་ འདང་ ཐུང་ངེན་, ན་མ་ ཅོའེན་ འདང་ པག་མ་ ཏང་ངེན་ འདེད་། 39 ཆུ་ལོག་ ཡོྃ་རྡེ་ ཁོང་ ཚང་མ་ ཁྱེར་རྡེ་ ཤི་ཤི་ཚུག་པ་ ཁོང་རྒུན་ལ་ ཏོ་ ཆ་ཅེ་འབོ་ རྒྱུའི་ ཅང་ མེད་པེན་, ཏེ་རྒ་ ཙོག་སེ་ མི་རིག་རྒེ་པུ་ ཡོང་ ཏུའི་ལ་ ཆེན་།”
40 “ཞིང་ངེ་ཀ་ ཡོ་ཀན་ མི་ ཉི་ ནང་ནི་ ཅིག་པོ་ ནམ་ཀ་ ཁྱེར་རེ་ ཛེ་རྡེན་ ཡང་ ཅིག་པོ་ པོ་རེན་། 41 རན་ཀྲག་རྒེ་ཀ་ ཀྲོ་ ཐག་རྒེན་ ཡོ་ཀན་ པོ་མོ་ ཉི་ ནང་ནི་ ཅིག་པོ་ ནམ་ཀ་ ཁྱེར་རེ་ ཛེ་རྡེན་ ཡང་ ཅིག་པོ་ པོ་རེན་།”
42 “ཏོ་རྦེ་ཕི་ ཤང་ ཅོའེ་, ཅེ་ཟེར་ནི་ ཁྱི་ཞ་ ཚང་མ་ལ་ ཁྱི་ཞི་ ཙོབོ་ ཡོང་ཅེ་ ཞག་པོ་ རྒྱུའི་མེད་རྡེ་ ནོག་། 43 འིན་ན་ འི་རྦོ་ ཧ་ཀོ་ཅུག་ཧེ་, ཀལ་ཏེ་ ཚེན་ལ་ ཧུན་མ་ ཡོང་ཅེ་ ཏུའི་ཚོད་པོ་ ཁང་རྡག་ལ་ རྒྱུའི་ཡོད་པེ་ནི་, ཁོ་ སྲུྃ་རྡེ་ འདེད་ཏེ་ ཁོའེ་ ཁོ་རང་ངེ་ ཁང་པེ་ན་ ཧུན་མ་ ཞུའུ་ མི་ཤུག་། 44 ཏེ་ཕི་ལ་ ཁྱི་ཞ་ ཏུའི་རྒྱུན་ ཀྲལ་འགྲིག་ འདེད་རྒོའེ་ ཅེ་ཟེར་ནི་ ཁྱི་ཞ་རྒུ་ནི་ རེ་ཝ་ མེད་རྡེ་ ཏུའི་ལ་ མི་རིག་རྒེ་པུ་ ཡོང་སྲིད་ཅེ་ ནོག་།”
45 “སྤོན་འབེ་ ཁོ་རང་ངེ་ ཁང་པེ་ ལྟ་ཏོག་ ཏང་ ཞེན་ ཡོག་པོ་རྒུན་ལ་ ཏུའི་ཀ་ ཞག་ཏང་ངེ་ ཁར་ཞི་ ཏང་ཅེ་ཕི་ ཧོ་ཀན་ ལོ་ཁྱེལ་ཅེན་ འདང་ ཤེ་རབ་ཅེན་ནེ་ ཡོག་པོ་ སུ་ ནོག་? 46 སྤོན་འབོ་ ལོག་ཏེ་ ཡོང་ངེ་རྡང་ ཡོག་པོ་རྦེ་ ཁོའེ་ ཧོའེ་ཧ་ནེ་ ལེ་ཧ་རྦོ་ ཅོའེན་ ཐོང་ནི་ ཁོ་ སོལ་རེ་ ཏང་ངེན་། 47 ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་, སྤོན་འབེ་, ཁོ་རང་ངེ་ ནོར་ ཚང་མ་ ལྟ་ཏོག་ ཅོ་ཅེ་ ཁག་པོ་ ཁོ་ ཏང་ངེན་། 48 འིན་ན་ ཡོག་པོ་ ངན་པ་ འིན་ན་ ཁོའེ་, ‘ངེ་ སྤོན་འབོ་ ཏུའི་ཡུན་རིང་ ལོག་ཏེ་ མི་ཡོང་’ སམ་འདེ་ 49 ཁོ་རང་ངེ་ ཁྲོ་པ་ ཡོག་པོ་རྒུན་ལ་ རྡུང་ཅེ་ འགོ་ཟུག་ ཅོའེ་རྡེ་, ར་རོའེ་ཧན་རྒུན་ ཉམ་པོ་ ཟོའེན་ ཆང་ ཐུང་ངེན་ འདེད་རྡེན་། 50 ཁོའེ་ རེ་ཝ་ མེད་རྡེ་ ཞག་ལ་ ཡང་ ཁོ་ རྒྱུའི་མེད་རྡེ་ ཏུའི་ཚོད་པེ་ཀ་ སྤོན་འབོ་ ཡོྃ་རྡེ་ 51 ཁོ་ ལྟུམ་བ་ལྟུམ་པེ་ན་ ཅེད་ཏེ་, ངའིན་པ་རྒུན་ ཉམ་པོ་ པོ་རེན་, ཏུ་རུ་ ནག་ མང་པོ་ ཐོང་རྡེ་ ངུ་ཅེ་ རྡང་ སོ་ སིག་ཅེ་ ཡོང་ངེན་།”