རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ན་ ཀྲག་ཤོག་།
18
ཏེ་ཏུའི་ ལོབ་ཀྲུག་རྒུན་ ཡི་ཤུའི་ཀ་ ཡོྃ་རྡེ་ འདྲི་, “རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ན་ ཀྲག་ཤོག་རྦོ་ སུ་ ནོག་?”
2 ཡི་ཤུའི་ ཕྲུ་རྒུ་ ཆུང་ཙེ་ཞིག་ལ་ འབོའེ་རྡེ་ ཁོང་རྒུ་ནི་ རྐྱིལ་ལ་ ལྃ་ཤུག་རྒེ་ ཛེད་། 3 ཁོང་ངེ་ མོལ་, “ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་, རྡིག་པ་ ཕྃ་རྡེ་ ཁྱི་ཞི་ སེམ་ ཕྲུ་རྒུ་ ཆུང་ཙེ་ ཙོག་སེ་ འགྱུར་རྡེ་ མ་ནེ་ ཁྱི་ཞ་ རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ན་ མ་ནི་ ཞུའུ་ མི་ཉེན་། 4 ཏོ་རྦེ་ཕི་ ཕྲུ་རྒུ་ ཙོག་སེ་ པབ་མོ་ འགྱུར་ཧན་རྒུན་ རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ན་ ཆེ་ཤོག་རྦོ་ འིན་།”
5 “ངེ་ མིང་ངེ་ཕི་ སུ་ཞིག་རྒེ་ འི་ ཕྲུ་རྒུ་ ཙོག་སེ་ རྒ་སུའི་ ཅོ་ནི་ ང་ རྒ་སུའི་ ཅོའེ་རྡེ་ འིན་, 6 འིན་ནང་ ང་ ཏེཏ་པ་ ཅོ་ཀན་ ཆུང་ཙེ་རྒུ་ནི་ ནང་ནི་ ཅིག་ལ་ རྡིག་པ་ ཅོ་ཅུག་རྒེ་སང་ ཁོ་རང་ངེ་ རྐྱེ་ རན་ཀྲག་རྒེ་ རྡོ་ ཆོན་མོ་ རྡམ་འདེ་, རྒྱམ་ཚོའེ་ན་ ནུབ་ཏེ་ ཤི་ན་ རྒྱལ་།”
7 “རྡིག་པེ་ན་ འགྱེལ་ཅུག་ཀན་ འཇིག་རྟེན་པ་རྒུན་ལ་ ཙམ་ཤིག་རྒེ་ འཇི་སྤ་ མི་ཡོང་། ཏོ་རྦོ་ ནེན་ཏེན་ ཆེན་, འིན་ན་ ཏོ་ ཆ་ཅུག་ཀན་འབོ་ལ་ ཙམ་ཤིག་རྒེ་ འཇི་སྤ་ མི་ཡོང་། 8 ཀལ་ཏེ་ ཁྱེ་རང་ངེ་ ལག་པ་ ཡ་ ཧང་པེ་ རྡིག་པ་ ཅོ་ཅུག་རྒེ་ཡོད་ནི་, ཅེད་ཏེ་ ཕོྃ་ཏོང་, ལག་པ་ ཉི་ རྡང་ ཧང་པ་ ཉི་ ཡོད་ཏེ་ ཉ་ཝེ་ན་ ཕང་ཅུག་རྒེ་སང་, ལག་པ་ ཅིག་ ཏང་ ཧང་པ་ ཅིག་ ཉམ་པོ་ ཐ་མེད་པེ་ མི་ཙེ་ན་ ཆ་ན་ རྒྱལ་། 9 ཡང་ ཀལ་ཏེ་ ཁྱེ་རང་ངེ་ མིག་རྒེ་ རྡིག་པ་ ཅོ་ཅུག་ནི་, ཏོ་རྦོ་ ཏྲུའི་རྡེ་ ཕོྃ་ཏོང་། མིག་ ཉི་ ཡོད་ཏེ་ ཉ་ཝེ་ན་ ཕང་ཅུག་རྒེ་སང་, མིག་ ཅིག་ ཉམ་པོ་ ཐ་མེད་པེ་ མི་ཙེ་ན་ ཆ་ན་ རྒྱལ་།”
10 “འི་ ཕྲུ་རྒུ་ ཆུང་ཙེ་རྒུན་ ཅིག་རྒང་ རིན་མེད་རྡེ་ མིག་ ཉམ་པོ་ མ་ལྟ་། ངེ་ ཁྱི་ཞ་ ཟེ་འིན་, ཁོང་རྒུན་ རྐྱོབ་ཀ་ནེ་ ཕོ་ཉ་ ངེ་ རྡེ་བ་ཅན་ནེ་ ཡབ་རྦེ་ འདུན་ལ་ ཏུའི་རྒྱུན་ ཞུ་རྡེ་ ཁོང་ངེ་ ནེ་ཚུལ་ ཤེད་རྡེ་ནོག་།”
ལུག་ རྐྱལ་ཧ་ནེ་ སྲུང་ངུ་།
11 མི་རིག་རྒེ་པུ་ རྐྱལ་རྡེ་ ཡོ་ཀན་རྒུན་ རྐྱོབ་རྦེ་ལ་ ཡོང་། 12 ཡི་ཤུའི་ མོལ་, “ཅི་ ས་མེ་རག་? མི་ཞིག་ལ་ ལུག་ རྒྱ་ ཡོ་ཀན་འབེ་ ནང་ནི་ ལུག་ ཅིག་ རྐྱལ་ནི་, ཞེན་ རྒུབ་ཅུ་ ཀོར་རྒུ་རྦོ་ རི་རྒ་ པོར་རྡེ་ རྐྱལ་ཧ་ནེ་ ལུག་ ཅིག་པོ་ མི་ཙལ་ལེ་? 13 ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་ ཀལ་ཏེ་ ལུག་ རྐྱལ་ཧན་འབོ་ ཐོབ་ནི་, མ་རྐྱལ་ཧ་ནེ་ ལུག་ རྒུབ་ཅུ་ ཀོར་རྒུའི་སང་ འི་ རྐྱལ་རྡེ་ ཐོབ་ཀ་ནེ་ ལུག་ ཅིག་པེ་ཕི་ ཁོ་ མང་ངེ་ ཐེད་པོ་ ཆེན་། 14 ཏེ་རྒ་ ཙོག་སེ་ ཁྱི་ཞི་ རྡེ་བ་ཅན་ནེ་ ཡབ་, ཏེཏ་པ་ ཡོ་ཀན་ འི་ ཆུང་ཙེ་རྒུ་ནི་ ནང་ནི་ ཅིག་རྒང་ རྐྱལ་ཅེ་ལ་ ཐུག་ཐེད་རྡེ་ མག་།”
སྤུན་ རྡིག་ཅེན་ཞིག་ ཀྲང་པེ་ ལམ་མེ་ཀ་ ཁྱོང་ཅེ་།
15 “ཀལ་ཏེ་ ཏེཏ་པ་ཅན་ སྤུན་ཞིག་རྒེ་ ཁྱེ་རང་ངེ་ རྒྱཔ་འགལ་ལ་ རྡིག་པ་ ཅོ་ནི་, ཁོ་ས་ ཅིག་པོ་ སོང་འདེ་ ཁོའེ་ རྐྱོན་འབོ་ ལྟོན་། ཀལ་ཏེ་ ཁོའེ་ ཁྱེ་རང་ངེ་ ཟེར་ཧན་འབོ་ ཉེན་འདེ་ འགྱོད་པ་ ཅོ་ནི་, ཁྱེ་རང་ལ་ ཁྱེ་རང་ངེ་ སྤོན་འབོ་ ཡང་ ལོག་ཏེ་ ཐོབ་ཏེ་ ནོག་། 16 འིན་ན་ ཀལ་ཏེ་ ཁོའེ་ ཁྱེ་རང་ངེ་ ཟེར་ཧན་རྒུན་ མ་ཉེན་ནི་ ‘ཟེར་ཧན་རྒུན་ མི་ ཉི་ ཡང་ སུམ་མེ་ སྤང་པོ་ ཏྃ་རྡེ་ ནེན་ཏེན་ ཅོ་ཅེ་ལ་’ ཁྱེ་རང་ངེ་ ཏེཏ་པ་ཅན་ སྤུན་ འཇིག་ ཡང་ ཉི་ ཁྲིད་ཏེ་ ཁྱེར་། 17 ཀལ་ཏེ་ ཁོའེ་ ཏེ་ སྤང་པོ་རྒུན་ལ་ མ་ཉེན་ནི་, ཏེ་ནི་ ཆོའེ་ཚོག་ལ་ ཤོད་, ཡང་ ཀལ་ཏེ་ ཁོའེ་ ཆོའེ་ཚོག་ལ་ མ་ཉེན་ནི་, ཏེ་ནི་ ཁོ་ ཁྲལ་ནེན་ཀན་ འདང་ ཞེན་ ཏེཏ་པ་ མེ་ཀན་རྒུན་ ཙོག་སེ་ སིག་ཧེ་།”
18 “ངེ་ ཁྱི་ཞ་ རྡེན་འབའ་ ཟེ་འིན་ འཇིག་རྟེན་ནེ་ཀ་ ཁྱི་ཞི་ རྒོང་སྤ་ མ་ཏང་ཀན་འབོ་ལ་ རྡེ་བ་ཅན་ནེ་ ཀོན་འཇོག་རྒེ་ལ་ རྒོང་སྤ་ སལ་ལེ་ མི་ཛེད་, ཡང་ འཇིག་རྟེན་ནེ་ཀ་ ཁྱི་ཞི་ རྒོང་སྤ་ ཏང་ཀན་འབོ་ལ་ རྡེ་བ་ཅན་ནེ་ ཀོན་འཇོག་རྒེ་ལ་ རྒོང་སྤ་ སལ་ལེ་ ཛེ་རྡེན་།”
19 “ཡང་ ངེ་ ཁྱི་ཞ་རྒུན་ལ་ ཟེ་འིན་, ཀལ་ཏེ་ འཇིག་རྟེན་ནེ་ཀ་ ཏེཏ་པ་ཅན་ ཉི་ ཞུ་ཝ་ པུལ་ཅེ་ལ་ ཅི་ཞིག་རྒེ་ཀ་ ཁ་ཆམ་ནི་, ཏོ་ ངེ་ རྡེ་བ་ཅན་ནེ་ ཡབ་རྦེ་ ཁྱི་ཞི་ཕི་ ཅོའོ་ ཛེད་རྡེན་། 20 ཅེ་ཟེར་ནི་ ཀ་རུ་ ངེ་ མིང་ ཁུར་ཧན་ ཉི་ ཡང་ སུམ་ ཛོམ་མེ་ཡོད་ ང་ ཏུ་རུ་ ཁོང་རྒུན་ ཉམ་པོ་ ཡོད་།”
ཉིང་ཞེ་ མེ་ཀ་ནེ་ ཡོག་པེ་ སྲུང་ངུ་།
21 ཏེ་ནི་ པི་ཏྲར་ ཡི་ཤུ་ས་ ཡོྃ་རྡེ་ འདྲི་, “ཙོབོ་ལེ་, ཀལ་ཏེ་ ངེ་ སྤུན་ཞིག་རྒེ་ ངེ་ རྒྱཔ་འགལ་ལ་ རྡིག་པ་ ཅོ་ནི་, ཏེ་ནི་ ལེན་ ཙམ་ ངེ་ ཁོ་ ཤག་སྤ་ ཏང་རྒོའེ་། ལེན་ རྡུན་a ཏང་ནི་ འགྲིག་རྒེ་?”
22 ཡི་ཤུའི་ ལེན་སལ་, “ངེ་ ཁྱེ་རང་ལ་ ཟེ་འིན་, ལེན་ རྡུན་ མན་ རྡུན་ཅུ་པ་ ལེན་ རྡུན་ ཏོང་།”
23 “སྤེར་ན་ རྡེ་བ་ཅན་ནེ་ རྒྱལ་སྲིད་པོ་, ཁོ་རང་ངེ་ ཡོག་པོ་རྒུན་ཀ་ནི་ སི་སྲུག་ ནེན་ཅེ་ལ་ ཐག་ཅེད་ཀ་ནེ་ རྒྱ་སྤོ་ ཙོག་སེ་ འིན་། 24 སི་སྲུག་ ནེན་ཅེ་ འགོ་ཟུག་རྒེ་རྡང་, རྒྱ་སྤེ་ འདུན་ལ་ ཅེ་ཝ་ མུལ་ མང་པོ་ པུ་ལོན་ ཡོ་ཀ་ནེ་ མི་ཞིག་ ཁྱོྃ་། 25 པུ་ལོན་ ཤལ་རྒྱུ་ མེད་ཅེ་ཀ་ནི་ རྒྱ་སྤེ་ ཏེ་ མི་རྦོ་, ཁོའེ་ ན་མ་ རྡང་ ཕྲུ་རྒུ་རྒུན་ ཡང་ ནོར་ ཡོ་ཀན་ ཚང་མ་ ཙོྃ་རྡེ་, པུ་ལོན་ ཤལ་ཅེ་ལ་ ཀཱ་ ཏང་།”
26 “ཡོག་པོ་ རྒྱ་སྤེ་ འདུན་ལ་ འགྱེལ་རྡེ་ འཇུ་འཇུ་, ‘ང་ ཉམ་པོ་ ཟོད་པ་ ཛེད་, འགྱོ་སྤ་ ངེ་ པུ་ལོན་ སོན་ཏེ་ ལོག་ཏེ་ པུ་ལེན་’ ཟེར་རྡེ་ ཞུ་ཝ་ པུལ་། 27 རྒྱ་སྤོ་ལ་ ཉིང་ཞེ་ རྐྱེ་, ཡང་ ཁོའེ་ པུ་ལོན་འབོ་ མེ་ཀན་ ཅོའེ་རྡེ་ ཁོ་ ཆ་ཅུག་།”
28 “འིན་ན་ ཡོག་པོ་ ཕི་ལོག་ལ་ སོང་འདེ་ ལྟིང་ནི་ མུལ་ ཉུང་ཙེ་ ལྟོང་ ཁ་ཅིག་ པུ་ལོན་ལ་ ཏང་ཀ་ནེ་ ཁོའེ་ ཁྲོ་པ་ ཡོག་པེ་ཀ་ སོང་, ཡང་ ཁོ་ ཟུམ་འདེ་ རྐྱེ་ རྡམ་འདེ་, ‘ངེ་ པུ་ལོན་ ལོག་ཏེ་ ཏོང་’ ཟེར་།”
29 “ཁོའེ་ ཁྲོ་པ་ ཡོག་པེ་ ཐང་ཀེ་ཀ་ འགྱེལ་རྡེ་ འཇུ་འཇུ་, ‘ང་ ཉམ་པོ་ ཟོད་པ་ ཛེད་ འགྱོ་སྤ་ ངེ་ པུ་ལོན་ ལོག་ཏེ་ པུ་ལེན་’ ཟེར་རྡེ་ ཞུ་ཝ་ པུལ་། 30 འིན་ན་ ཁོའེ་ ཞུ་ཝ་རྦོ་ མ་ཉེན་ མ་ཚེད་ པུ་ལོན་ ཤལ་ཤལ་ཚུག་པ་ ཁོ་ ཙོན་ཁང་ལ་ ཧར་ཤུག་།”
31 “ཞེན་ ཡོག་པོ་ ཁྲོ་པ་རྒུན་ལ་ ཏོ་ ཐོང་འདེ་ སྲོ་ མང་པོ་ ཡོྃ་, ཡང་ རྒྱ་སྤོ་ས་ སོང་འདེ་ སོང་ཀན་ ཚང་མ་ ཤེད་། 32 ཏེ་ནི་ རྒྱ་སྤེ་ ཡོག་པོ་ ཉིང་ཞེ་ མེ་ཀན་འབོ་ འབོའེ་རྡེ་ ཁྱོྃ་ ཡང་ ཁོ་ ཟེར་, ‘ཡོག་པོ་ ངན་པ་ ཁྱོད་, ཁྱེ་རང་ངེ་ ང་ འཇུ་འཇུ་ ཞུའི་རྦེ་ ཉིང་ཞེ་ རྐྱེ་རྡེ་, ངེ་ ཁྱེ་རང་ངེ་ པུ་ལོན་ ཚང་མ་ མེ་ཀན་ ཅོའེ་རྦེན་། 33 ང་ ཁྱེ་རང་ངེ་ཀ་ ཉིང་ཞེ་ རྐྱེ་ ཙོག་སེ་, ཁྱེ་རང་ལ་ ཁྱེ་རང་ངེ་ ཁྲོ་པེ་ཀ་ ཉིང་ཞེ་ རྐྱེ་ མི་རྒོའེ་རྡེ་?’ 34 རྒྱ་སྤོ་ལ་ སྲོ་ ཡོྃ་རྡེ་, པུ་ལོན་ སོན་ཏེ་ ཤལ་ཤལ་ཚུག་པ་ ཁོ་ ཙོན་ཁང་ངེ་ན་ ཧར་རྡེ་ ནག་ ལྟན་ནེ་ལ་ ཀཱ་ ཏྃ་།”
35 “ཀལ་ཏེ་ ཁྱི་ཞི་ ཁྱི་ཞ་རང་ངེ་ སྤུན་ལ་ ཉིང་ནི་ ཤག་སྤ་ མ་ཏང་ནི་ ངེ་ རྡེ་བ་ཅན་ནེ་ ཡབ་ལ་ ཁྱི་ཞ་ རེ་རེ་ ཉམ་པོ་ ཏེ་རྒ་ ཙོག་སེ་ ཅོའེན་།”