སང་མ་ རྡང་ ཀྲིཔ་།
15
ཏེ་ནི་ པ་རུ་ཤི་པ་ རྡང་ ཆོའེ་ཁྲིམ་ལ་ ཁེ་སྤ་ ཁ་ཅིག་ ཡེ་རུ་ཤ་ལེམ་མེ་ རྒྱལ་ས་ནེ་ ཡི་ཤུ་ས་ ཡོྃ་རྡེ་ འདྲི་, 2 “ཉེ་རང་ངེ་ ལོབ་ཀྲུག་རྒུ་ནི་ ཨ་ཧོའེ་ ཕ་མེ་པེ་ ལུག་སྲོལ་ ཅེ་ ཅག་རྒེ་ནོག་? ཁོང་རྒུ་ནི་ ཁར་ཞི་ ཟ་སང་ ངུལ་ལ་ ལག་པ་ ཁྲུ་ མི་འདུག་།”
3 ཡི་ཤུའི་ ཁོང་རྒུན་ལ་ ལེན་སལ་, “ཁྱི་ཞི་ ཁྱི་ཞ་རང་ངེ་ ལམ་ལུག་སྲོལ་ སྲུང་ཅེ་ལ་ ཀོན་འཇོག་རྒེ་ ཀཱ་ ཅེ་ ཅག་རྒེ་ཡོད་? 4 སྤེར་ན་ ཀོན་འཇོག་རྒེ་ མོལ་རྡེ་ ནོག་, ‘རང་ངེ་ ཨ་རྦ་ རྡང་ ཨ་མ་ལ་ སི་ཝ་ ཅོའེ་’, ཡང་ ‘རང་ངེ་ ཨ་རྦ་ ཡང་ ཨ་མ་ལ་ ངན་ ཏབ་ཀན་རྒུན་ སེད་རྒོའེ་།’ 5 འིན་ན་ ཁྱི་ཞི་ མི་རྒུན་ལ་ ཁོ་རང་ངེ་ ཨ་རྦ་ ཡང་ ཨ་མ་ལ་, ‘ངེ་ ཉེ་རང་ལ་ ཡ་ཏོ་ ཅོ་རྒོ་ཤེའོ་ ཀོན་འཇོག་ལ་ པུ་ལེན་ ཟེར་རྡེ་ ཞལ་ཆེཏ་ ཅོའེ་རྡེ་ འིན་ ཟེར་ཤེ་ ལབ་ཏུག་།’ 6 ཏུ་ཟུག་ ཅོ་ཅེ་ནི་ ཁྱི་ཞ་རྒུ་ནི་ ཁོང་རྒུན་ལ་ རང་ངེ་ ཨ་རྦ་ ཡང་ ཨ་མ་ལ་ སི་ཝ་ ཅོ་ མ་ཅུག་རྒེ་ ནོག་, ཏེ་རྒ་རྦེ་ཕི་ ཁྱི་ཞ་རང་ངེ་ ལམ་ལུག་སྲོལ་ སྲུང་ཅེ་ན་ ཁྱི་ཞི་ ཀོན་འཇོག་རྒེ་ ཀཱ་ ཅག་ཏེ་ ནོག་། 7 ངའིན་པ་ ཁྱི་ཞི་ ཧོར་ལ་ ཀོན་འཇོག་རྒེ་ ཡེ་ཤ་ཡཱ་ རྒྱུད་ཏེ་ ལུང་རྟན་ སལ་ཧན་འབོ་ རྡེན་འབའ་ ནོག་, ཀ་རྦེ་ན་,
8 ‘འི་ མི་རྒུ་ནི་ ཁ་ནི་ ང་ སི་ཝ་ ཅོ་ནང་
ཁོང་རྒུ་ནི་ ཉིང་རྒུན་ ང་ནི་ ཐག་རིང་ལ་ འདུག་།
9 ཁོང་རྒུ་ནི་ ང་ ཅོལ་ཅེའོ་ ཕན་མི་ཐོག་ ནོག་,
ཅེ་ཟེར་ནི་ ཁོང་རྒུ་ནི་ ཀོན་འཇོག་རྒེ་ ཀཱ་ཁྲིམ་མེ་ ཚབ་ལ་
ཁོ་རང་རྒུ་ནི་ ཅོ་ཀ་ནེ་ ཁྲིམ་རྒུན་ ལབ་ཏུག་།’”
10 ཡི་ཤུའི་ མི་ཚོག་ལ་ འབོ་ ཛེད་ཏེ་ མོལ་, “ངེ་ ཟེར་ཧན་འབོ་ ཉེན་འདེ་ ཧ་ཀོ་ཅེ་ ཙོན་འགྲུའི་ ཅོའེ་། 11 ཁེ་ན་ ཆ་ཀན་རྒུ་ནི་ མི་ ཀྲིཔ་ འགྱུར་ཤུག་རྒེ་ མག་, འིན་ན་ ཁེ་ ནང་ནི་ སྤེ་ར་ ངན་པ་ འབིང་ཀན་རྦེ་ ཀྲིཔ་ འགྱུར་ཤུག་རྒེ་ ནོག་།”
12 ཏེ་ནི་ ལོབ་ཀྲུག་རྒུན་ ཁོང་ས་ ཡོྃ་རྡེ་ ཟེར་, “ཉེ་རང་ངེ་ མོལ་ཧན་འབེ་ པ་རུ་ཤི་པ་རྒུན་ མ་སྲན་ཀྲེ་ ཁྲེལ་རྦ་ ཆ་ཅུག་ཀན་འབོ་ ཉེ་རང་ངེ་ ཁྱེན་ནེ་?”
13 ཡི་ཤུའི་ ལེན་སལ་, “ངེ་ རྡེ་བ་ཅན་ནེ་ ཡབ་རྦེ་ མ་ཙུག་ཧ་ནེ་ ལྕང་མ་རྒུན་ པ་ཀྲག་ནི་ པུད་རྡེ་ ཛེ་རྡེན་། 14 ཚེར་ཧ་ མ་ཅོ་, ཏོ་ པ་རུ་ཤི་པ་རྒུན་ ཞ་ར་ ལམ་ལྟན་ཀ་ནེ་ ཞ་ར་རྒུན་ ནོག་, ཀལ་ཏེ་ ཞ་ར་ཞིག་རྒེ་ ཞ་ར་ཞིག་ལ་ ལམ་ལྟན་ནི་ ཉ་ཧ་ རྒོ་རོང་ངེ་ན་ ཀྲུ་ལེན་།”
15 པི་ཏྲ་རེ་ ཟེར་, “ང་ཞ་རྒུན་ལ་ ཏེ་ སྲུང་ངུ་རྦོ་ ཧ་ཀོ་ཅུག་རྒེ་ ཛེད་རྡང་།”
16 ཡི་ཤུའི་ ཁོང་རྒུན་ལ་ འདྲི་ ཛེད་, “ཏ་རུང་ལ་ ཁྱི་ཞ་ ཧ་མ་ཀོ་རྡེ་? 17 ཐོང་ངེ་ མི་འདུག་རྒེ་? ཁ་ནི་ ཟ་ཀ་ནེ་ ཁར་ཞི་འབོ་ ཀྲོཏ་པེ་ན་ ལེབ་ཏེ་ ཟུྃ་སྤོ་ནི་ ཕི་ལོག་ལ་ འབིང་ངེ་ནོག་། 18 འིན་ན་ ཁ་ནི་ འབིང་ཀན་ སྤེ་ར་ སེམ་མེ་ ནང་ནི་ འབིང་འདེ་ མི་རྒུན་ ཀྲིཔ་ འགྱུར་ཤུག་རྒེ་ ནོག་། 19 ཅེ་ཟེར་ནི་ སམ་ཚུལ་ ངན་པ་, མི་ སེད་ཅེ་, རང་ངེ་ ཞི་མེད་ མན་ཀན་ ཞེན་མ་ ཉམ་པོ་ ལུའི་འབྲེལ་, ལུའི་འབྲེལ་ ངན་པ་, ཧུ་ཅེ་, ཁྲིམ་ཁུང་ལ་ ཟུན་ནེ་ སྤང་པོ་ ཏང་ཅེ་ རྡང་ ཞེན་མེ་ ཧོར་ལ་ འབར་ཤེ་རྒུན་ སེམ་མེ་ ནང་ནི་ འབིང་ངེ་ནོག་། 20 ཏོ་ ཚང་མེ་ མི་རྒུན་ ཀྲིཔ་ འགྱུར་ཤུག་རྒེ་ ནོག་, འིན་ན་ ལག་པ་ མ་ཁྲུ་ལ་ ཁར་ཞི་ ཟ་ཅེ་རྦེ་ མི་ ཀྲིཔ་ འགྱུར་ཤུག་རྒེ་ མག་།”
ཀེ་ནེན་མ་ཞིག་རྒེ་ ཏེཏ་པ་།
21 ཏེ་རྒ་ནི་ འབིང་འདེ་ ཡི་ཤུ་ ཏཱ་ཡིར་ རྡང་ སི་འདཱོན་ནེ་ རྒྱལ་ས་རྒུན་ལ་ རྐྱོད་། 22 ཏེ་ ཡུལ་ཞོང་ངེ་ ཀེ་ནེན་མ་ པོ་མོ་ཞིག་ ཁོང་ས་ ཡོྃ་རྡེ་ ཀུ་ཅུ་ ཏང་ངེན་ ཟེར་, “རྒྱ་སྤོ་ འདཱ་འབིད་རྡེ་ ཕར་རྒྱུད་ ཙོབོ་ལེ་, ངེ་ཀ་ ཉིང་ཞེ་ ཛེད་། ངེ་ པོ་མེ་ན་ རྡུད་ ཞུ་རྡེ་ ནག་ སྲན་ཀྲེ་ ལྟན་འདུག་།”
23 ཡི་ཤུའི་ ཅང་ མ་མོལ་། ལོབ་ཀྲུག་རྒུན་ ཡི་ཤུ་ས་ ཡོྃ་རྡེ་ ཟེར་, “འཇུ་འཇུ་ འི་ པོ་མོ་ ལོག་ཏེ་ ལམ་ཅུག་རྒེ་ ཛེད་རྡང་ ཅེ་ཟེར་ནི་ ཁོ་ ཀུ་ཅུ་ ཏང་ངེན་ ཨ་ཧོ་རྒུ་ནི་ རྒྱབ་ནི་ ཡོང་འདུག་།”
24 ཡི་ཤུའི་ ཏེ་ པོ་མོ་ལ་ ལེན་སལ་, “ང་ ཀོན་འཇོག་རྒེ་ ལུག་ རྐྱལ་ཧན་ ཨིས་ར་ཡེལ་པ་རྒུན་ ཅིག་པེ་ཕི་ ཀ་ལེ་ ཛེད་ཏེ་ འིན་།”
25 ཁོ་ ཁོང་ངེ་ འདུན་ལ་ ཡོྃ་རྡེ་ པིག་ཛུམ་ རྒྱབ་ཏེ་ ཟེར་, “ཙོབོ་ལེ་, ང་ ཡ་ཏོ་ ཅོའོ་ ཛེད་རྡང་།”
26 ཡི་ཤུའི་ མོལ་, “ཕྲུ་རྒུའི་ ཏི་རྒིར་རྦོ་ ནེན་འདེ་ ཁྱི་ ཕང་ནི་ མ་འགྲིག་རྒེ་ ནོག་།”
27 ཁོའེ་ ལེན་ཏྃ་, “རྡེན་འབའ་ ནོག་ ཙོབོ་ལེ་, འིན་ན་ ཁང་རྡག་རྒེ་ ཅོག་ཙེ་ཀ་ནི་ ཁར་ཞི་ ཀྲུལ་ཧན་རྒུན་ ཁྱི་ཕྲུག་རྒུ་ནི་ལ་ ཟ་རུག་།”
28 ཡི་ཤུའི་ ལེན་སལ་, “པོ་མོ་, ཁྱེ་རང་ལ་ ཏེཏ་པ་ ཀྲག་པོ་ འདུག་། ཁྱེ་རང་ངེ་ འདོད་པ་ ཅོ་ཀན་འབོ་ ཀྲུཔ་ཤིག་།” ཏེ་རྒ་ ཏུའི་ཚོད་པེ་ཀ་ རྡུད་ འབིང་འདེ་ སོང་ ཡང་ ཁོའེ་ པོ་མོ་ ཕན་།
ཡི་ཤུའི་ མི་ མང་པོ་ ཕན་ཅུག་རྒེ་ ཛེད་།
29 ཡི་ཤུ་ ཏེ་ཀ་ནི་ ཞྃ་རྡེ་ འགཱ་ལིལ་ལེ་ ཚོའེ་ ཐ་མ་ རྒྱུད་ཏེ་ ལྟག་ལ་ རི་ཞིག་རྒེ་ཀ་ རྐྱོད་ཏེ་ ཞུ་རྡེ་ ཛེད་། 30 ཏུ་རུ་ ཞ་འོ་, ཞ་ར་, ཧ་འགྲང་, ཟ་ཕོག་ཀན་ འདང་ ཞེན་ མང་པོ་ ཁྲིད་ཏེ་ མི་ཚོག་ མང་པོ་ཞིག་ ཡི་ཤུའི་ འདུན་ལ་ ཛོམ་, ཡང་ ཁོང་ངེ་ ཁོང་རྒུན་ ཕན་ཅུག་རྒེ་ ཛེད་། 31 ཧ་འགྲང་རྒུ་ནི་ སྤེ་ར་ ཏང་ཅེ་, ཟ་ཕོག་ཀན་ ཀྲང་པོ་ སོང་འདེ་, ཞ་འོ་རྒུན་ འགྲུལ་ཤེ་ ཡང་ ཞ་ར་རྒུན་ལ་ ཐོང་ཅེ་ མི་རྒུ་ནི་ ཐོང་ངེ་རྡང་ ཁོང་རྒུན་ ཧ་ལེ་རྡེ་ ཨིས་ར་ཡེལ་ལེ་ ཀོན་འཇོག་ལ་ རྟོད་པ་ པུལ་།
ཡི་ཤུའི་ མི་ ལྟོང་ཞི་ འགྲང་ཤུག་རྒེ་ ཛེད་།
32 ཡི་ཤུའི་ ལོབ་ཀྲུག་རྒུན་ འབོ་ ཛེད་ཏེ་ མོལ་, “འི་ མི་རྒུན་ ང་ ཉམ་པོ་ འདེད་ཏེ་ ཞག་ སུམ་ སོང་ ཡང་ ཟ་ཅེ་ལ་ ཅང་ མེད་ཅེ་ཀ་ནི་, ང་ ཉིང་ཞེ་ ཚོར་རེ་རག་། ངེ་ ཁོང་རྒུན་ ལྟོག་རི་ལ་ ལམ་ཅུག་ཉིན་ མེ་རག་ ཅེ་ཟེར་ནི་ ཁོང་རྒུན་ ལམ་ལ་ འགོ་ལོང་ ཁོར་རྡེ་ འགྱེལ་ སྲིད་ཅེ་ ནོག་།”
33 ཁོང་ངེ་ ལོབ་ཀྲུག་རྒུ་ནི་ ལེན་ཏྃ་, “ཨ་ཧོའེ་ འི་ མི་ཚོག་ མང་པོ་ ཏང་ཅེ་ ཏི་རྒིར་ འི་ རི་ལྟོང་འབེ་ན་ ཀ་ནི་ ཐོབ་རྦེན་?”
34 ཡི་ཤུའི་ ཁོང་རྒུན་ལ་ འདྲི་ ཛེད་, “ཁྱི་ཞི་ ལག་ལ་ ཏི་རྒིར་ ཙམ་ ཡོད་།” ཁོང་རྒུ་ནི་ ལེན་ཏྃ་, “ཏི་རྒིར་ རྡུན་ ཡང་ ཉ་ ཆུང་ཙེ་ ཁ་ཅིག་ ཡོད་ལེ་།”
35 ཡི་ཤུའི་ མི་ཚོག་པོ་ལ་ ཐང་ཀེ་ཀ་ འདེད་ཅེ་ལ་ མོལ་། 36 ཁོང་ངེ་ ཏི་རྒིར་ རྡུན་ འདང་ ཉ་རྒུན་ ནམ་མེ་ ཛེད་ཏེ་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུའི་, ཡང་ ཏོ་རྒུན་ ཅག་ཏེ་ ལོབ་ཀྲུག་རྒུན་ལ་ སལ་, ཡང་ ཁོང་རྒུ་ནི་ མི་ཚོག་ལ་ རྒོའེ་རྡེ་ ཏྃ་།
37 ཁོང་ ཚང་མེ་ ཚིམ་ཚིམ་ ཟོའེ་། ལྟིང་ནི་ ལོབ་ཀྲུག་རྒུ་ནི་ ལག་ལུའི་ ཏི་རྒིར་རྒུན་ རྡུའི་རྡེ་ ཙེ་སྤོ་ རྡུན་ ཧང་། 38 པོ་མོ་ རྡང་ ཕྲུ་རྒུ་རྒུན་ མ་ཐེ་ལ་ ཁར་ཞི་ ཟ་ཀ་ནེ་ མི་ ལྟོང་ཞི་ ཡོད་པེན་། 39 མི་ཚོག་ ལོག་ཏེ་ ལམ་ཅུག་རྒེ་ ཛེད་ཏེ་ ཡི་ཤུ་ ལོབ་ཀྲུག་རྒུན་ ཉམ་པོ་ ཆུ་འགྲུལ་ལེ་ན་ ཞོན་འདེ་ མ་འགཱ་འདན་ནེ་ ཡུལ་ཞོང་ལ་ རྐྱོད་།