ཞེན་མ་ ཉེད་ཀལ་ མི་ཅོ་ཅེ་།
7
ཡི་ཤུའི་ མོལ་, “ཁྱི་ཞི་ ཞེན་མ་ ཉེད་ཀལ་ མ་ཅོ་ ཏེ་ནི་ ཁྱི་ཞ་ལ་ ཉེད་ཀལ་ མི་ཛེད་། 2 ཀ་ ཚུལ་ལ་ ཁྱི་ཞི་ ཞེན་མ་ ཉེད་ཀལ་ ཅོའེ་ ཏེ་རྒ་ ཚུལ་ལ་ ཁྱི་ཞ་ ཉེད་ཀལ་ ཛེ་རྡེན་, ཁྱི་ཞི་ ཀོལ་ཧ་ནེ་ ཚེད་པོ་ ཁྱི་ཞ་རྒུ་ནི་ཕི་ལ་ ཀོལ་ལེ་ ཛེད་རྡེན་།”
3 “ཁྱི་ཞི་ རང་ངེ་ མིག་ནི་ ཡོ་ཀ་ནེ་ ལྡུང་མ་ལ་ ནྃ་ ཅོའོ་ མེད་ནི་ ཏེ་ནི་ སྤུན་ནེ་ མིག་རྒེ་ན་ ཡོ་ཀ་ནེ་ ཤིང་ཕེའོ་ལ་ ཅེ་ ལྟ་ཡོད་? 4 ཁྱེ་རང་ངེ་ སྤུན་ལ་, ངེ་ ཁྱེ་རང་ངེ་ མིག་རྒེ་ ནང་ནི་ ཤིང་ཕེའོ་ ཕིང་ངེན་ ཟེར་ཤེ་ ཧམ་པ་ ཀ་ཟུག་ལ་ ཅོ་ཡོད་, ནམ་ ཁྱེ་རང་ རང་ངེ་ མིག་རྒེ་ན་ ལྡུང་མའོ་ ཡོད་། 5 ཁྱི་ཞ་ ངའིན་པ་རྒུན་, ངུལ་ལ་ རང་ངེ་ མིག་རྒེ་ ལྡུང་མའོ་ ཕིང་, ཏེ་ནི་ སྤུན་ནེ་ མིག་རྒེ་ ནང་ནི་ ཤིང་ཕེའོ་ ཕིང་ངེ་ལ་ ཁྱི་ཞ་ སལ་སྤོ་ ཅོའེ་རྡེ་ ཐོང་ཉེན་ནེན་།”
ཏམ་པེ་ ཀཱ་ ནང་མེད་ ཅོ་ཀན་།
6 “ཏམ་པ་ འིན་ཀན་འབོ་ ཁྱི་རྒུན་ལ་ མ་ཏང་ ཀལ་ཏེ་ ཏང་ནི་ ཏོ་རྒུན་ ཁྱི་ཞ་ ཆོག་ལ་ འགྱུར་རྡེ་ སྲན་ཀྲེ་ ཐམ་མེན་། མུ་ཏིག་ རིན་ཅེན་ ཕག་རྒུ་ནི་ འདུན་ལ་ མ་ཕང་ ཀལ་ཏེ་ ཕང་ནི་ ཕག་རྒུ་ནི་ ཏོ་ ཧང་པེ་ ཡོག་ལ་ ནེན་འདེ་ འགྲུལ་ལེན་།”
ཞུ་ཅེ་, ཙལ་ཤེ་ རྡང་ རྒོ་ རྡུང་ཅེ་།
7 ཡི་ཤུའི་ མོལ་, “ཞུའིན་ འདོད་ ཁྱི་ཞ་ སལ་ལེ་ ཛེ་རྡེན་, ཙལ་ལེན་ འདོད་ ཁྱི་ཞ་ ཐོབ་ཅུག་རྒེ་ ཛེ་རྡེན་, རྒོ་ རྡུང་ངེན་ འདོད་ པེ་ ཛེད་རྡེན་། 8 ཞུ་ཀན་ ཚང་མ་ལ་ སལ་ལེ་ ཛེ་རྡེན་, ཙལ་ཧན་ ཚང་མ་ལ་ ཐོབ་རྦེན་, ཡང་ རྒོ་ རྡུང་ཀན་ ཚང་མ་ལ་ པེ་ ཛེ་རྡེན་། 9 ཁྱི་ཞ་ སུ་ཞིག་རྒེ་, རང་ངེ་ པུ་ཙ་ ཏི་རྒིར་ ཏོང་ ཟེར་ནི་ རྡོ་ ཏང་ངེན་ནེ་? 10 ཡང་ ཕྲུ་རྒུའི་ ཉ་ ཏོང་ ཟེར་ནི་, རུལ་ ཏང་ངེན་ནེ་? 11 ཁྱི་ཞ་རྒུན་ རྡིག་ཅེན་ འིན་ འིན་ན་ རང་ངེ་ ཕྲུ་རྒུ་ལ་ ཕན་ཏོག་ཅེན་ ཏང་ཅེའོ་ ཤེ་ནི་ ཏེ་ནི་ ཁྱི་ཞི་ རྡེ་བ་ཅན་ལ་ ཞུ་ཧ་ནེ་ ཡབ་རྦེ་ ཁོང་ལ་ ཞུ་ཝ་ ཞུ་ཀན་རྒུན་ལ་ མང་ངེ་ མི་སལ་ལེ་?”
12 “ཅི་ཚང་མེ་ན་ ཀ་ཟུག་ ཞེན་མེ་ ཁྱི་ཞ་ ཅོ་རྒོའེ་ སམ་ཀན་ ཙོག་སེ་ ཁྱི་ཞ་རྒུ་ནི་ལ་ ཞེན་མ་རྒུན་ལ་ ཅོའེ་, ཏེ་རྒ་རྦེ་ ཀཱ་ཁྲིམ་ འདང་ ལུང་རྟོན་པ་རྒུ་ནི་ འབྲི་ཀན་རྒུན་ ཀྲུཔ་ཏེ་ ནོག་།”
རྒྱེ་རྒོ་ ཉི་།
13 “རྒྱེ་རྒོ་ ཁྲ་མོ་ནི་ ཞུ་ཧེ་ ཅེ་ཟེར་ནི་ ཉ་ཝ་ ཆོག་ལ་ ཆ་ཀ་ནེ་ རྒྱེ་རྒོ་ ཞང་ཅེན་ འདང་ འགྲུལ་ཅེ་ལ་ ལ་མོ་ ཡོད་ཏེ་ ནོག་ ཡང་ ཏེ་ནང་ནི་ མི་ མང་པོ་ ཞུ་རྡེ་ ཆ་ནོག་། 14 འིན་ན་ ཐ་མེད་པེ་ མི་ཙེ་ ཆོག་ལ་ ཁྲིད་ཀ་ནེ་ རྒྱེ་རྒོ་ ཁྲ་མོ་ ཡང་ ལམ་འབོ་ ཀག་སྤོ་ ཡོད་ཏེ་ ནོག་, ཙལ་ཧ་ནེ་ མི་ ཉུང་ཙེ་ཞིག་ལ་ མ་ནི་ ཏེ་ ལམ་འབོ་ མི་ཐོབ་།”
ལྕང་མ་ རྡང་ ཁོའེ་ འབྲེ་རྦུ་།
15 “ལུང་རྟོན་པ་ ཟུའི་མ་རྒུན་ཀ་ནི་ ཤང་ ཅོའེ་ཧེ་, ནོད་པ་ མི་རྐྱལ་ཧ་ནེ་ ལུ་རྒུ་ལ་ ཟུའི་རྡེ་ ཁོང་རྒུན་ ཁྱི་ཞི་ ཕྲོ་ ཡོང་ངེན་, འིན་ན་ སེམ་མེ་ན་ ཁོང་རྒུན་ ནོད་རྐྱལ་ འཇི་ནང་ཅེན་ནེ་ ཤང་ཀུ་ ཙོག་སེ་ ཡོད་ཏེ་ ནོག་། 16 ཁོང་རྒུ་ནི་ འབྲེ་རྦུ་ རྒྱུད་ཏེ་ ཁྱི་ཞི་ ཁོང་རྒུན་ ཤེའེ་རྡེན་། ཁྱི་ཞ་རྒུ་ནི་ ཅི་ ས་མེ་རག་, ཁྱི་ཞི་ ཚེར་མེ་ཀ་ནི་ རྒུན་འགྲུམ་མེ་ ཁ་ཟོའེ་ ཡང་ ལྗང་ཙེར་ཀ་ནི་ སྤིག་རྒེ་ ཁ་ཟོའེ་ ཏུ་ ཉེན་ནེན་ནེ་? 17 ཏེ་རྒ་ ཙོག་སེ་ ལྕང་མ་ ཟང་པོ་ཞིག་ལ་ འབྲེ་རྦུ་ ཟང་པོ་ མིན་ནེ་ནོག་ ཡང་ ལྕང་མ་ ངན་པ་ཞིག་ལ་ འབྲེ་རྦུ་ ངན་པ་ མིན་ནེ་ནོག་། 18 ལྕང་མ་ ཟང་པོ་ནི་ འབྲེ་རྦུ་ ངན་པ་ མི་མིན་ ཡང་ ལྕང་མ་ ངན་པ་ནི་ འབྲེ་རྦུ་ ཟང་པོ་ མི་མིན་། 19 འབྲེ་རྦུ་ ཟང་པོ་ མ་མིན་ཀ་ནེ་ ལྕང་མ་, ཅེད་ཏེ་ མེ་ལ་ ཏབ་རྦེ་ ཛེ་རྡེན་། 20 ཁོང་རྒུ་ནི་ འབྲེ་རྦུ་ རྒྱུད་ཏེ་ ཁྱི་ཞི་ ཁོང་རྒུན་ ཤེའེ་རྡེན་།”
རྡེན་འབེ་ ལོབ་ཀྲུག་རྒུན་།
21 “ང་, ‘ཙོབོ་ལེ་, ཙོབོ་ལེ་’, ཟེར་ཧན་རྒུ་ནི་ ནང་ནི་ ཚང་མ་ རྡེ་བ་ཅན་ནེ་ རྒྱལ་སྲིད་རྡེ་ན་ ཆ་ མི་ཉེན་, རྡེ་བ་ཅན་ལ་ ཞུ་ཧ་ནེ་ ངེ་ ཡབ་རྦེ་ ཐུག་འདོད་ ཀྲུབ་ཅུག་ཀན་རྒུན་ ཅིག་པོ་ ཆ་ཉེ་ནེན་། 22 ཀོན་འཇོག་རྒེ་ ཁྲིམ་ཅེད་རྡེ་ ཞག་ལ་ མི་ མང་པེ་ ང་ ཟེར་རེན་, ‘ཙོབོ་ལེ་, ཙོབོ་ལེ་, ང་ཞི་ ཉེ་རང་ངེ་ ཚན་ནེ་ཀ་ ལུང་རྟན་ ཤེད་པེན་, མི་རྒུ་ནི་ ནང་ནི་ རྡུད་རྒུན་ ཕིང་པེན་, ཡང་ ཧ་ལེ་ཤེ་ ཛེད་པ་ མང་པོ་ ལྟན་པེན་།’ 23 ཏེ་ནི་ ངེ་ ཁོང་རྒུན་ལ་ ཟེ་འིན་, ‘ངེ་ ཁྱི་ཞ་ ཤེ་རྡེ་མེད་, ལེ་ཧ་ ངན་པ་ ཅོ་ཀན་རྒུན་ ངེ་ཀ་ནི་ ཐག་རིང་ལ་ སོང་།’”
སིག་སྤོན་ ཉི་།
24 “ངེ་ སྤེ་ར་རྒུན་ ཉེན་འདེ་ ཏེ་ཀ་ ལག་ལེན་ ཅོ་ཀན་ ཚང་མ་, ཁོ་རང་ངེ་ ཁང་པ་ ཀྲག་རྒེ་ཀ་ སིག་ཀ་ནེ་ སིག་སྤོན་ ཁེ་སྤ་ ཙོག་སེ་ འིན་། 25 ཆར་སྤ་ ཏང་རྡེ་, ཆུ་ལོག་ ཏང་ ལུང་སྤོ་ ཤེད་ཅེན་ ཡོྃ་རྡེ་ ཁང་པ་ ཕོག་ནི་, ཏོ་ ཞིག་ མི་ཞིག་ ཅེ་ཟེར་ནི་ ཏོ་ ཀྲག་རྒེ་ཀ་ སིག་ཏེ་ ནོག་། 26 ངེ་ ཟེར་ཧན་རྒུན་ ཚོར་རྡེ་ ལག་ལེན་ མ་ཅོ་ཀན་ ཚང་མ་, ཁོ་རང་ངེ་ ཁང་པ་ པེ་མེ་ཀ་ སིག་ཀན་ ཧ་འགྲང་ མི་ ཙོག་སེ་ འིན་། 27 ཆར་སྤ་ ཏང་རྡེ་ ཆུ་ལོག་ ཏང་ ལུང་སྤོ་ ཤེད་ཅེན་ ཡོྃ་རྡེ་ ཁང་པ་ ཕོག་ནི་ ཏོ་ ཞིག་ཏེ་ ལྡུ་མེ་ མེ་ཀན་ ཆེན་།”
28 ཡི་ཤུའི་ ཏོ་ ཚང་མ་ མོལ་ ཚར་རེ་རྡང་, མི་མང་རྒུན་ ཁོང་ངེ་ ལབ་ཞ་རྒུ་ནི་ཀ་ ཧ་ལེ་, 29 ཅེ་ཟེར་ནི་ ཁོང་ངེ་ ལབ་ཞ་རྒུན་ ཆོའེ་ཁྲིམ་ལ་ ཁེ་སྤ་རྒུན་ ཙོག་སེ་ མག་, ཝང་ཆ་ ཉམ་པོ་ སལ་ལེ་ཡོད་པེན་།