ཡོ༌འབ༌བི༌ གྱལ༌པོ༌ དཱ༌བིད༌ལ༌ ཁའ༌ སྐྱེས༌།
19:1 ནེ༌ 14
19
གྱལ༌པོ༌ དཱ༌བིད༌དི༌ ཨབ༌ས༌ལོམ༌མི༌ ཕིའ༌ ཉ༌ངན༌ ཅོ༌ཨིན༌ ངུ༌ དུག༌ ཟེར༌ཏེ༌ ཡོ༌འབ༌བ༌ ཤདས༌།
2 མག༌མི༌ ཚང༌མའེ༌ ཕིའ༌ གྱལ༌ཁ༌ ཐོབ༌ཁན༌ནི༌ ཞག༌པོ༌ རྡུག༌པོ༌ གྱུར༌ ཅིའ༌ཟེར༌ན༌ གྱལ༌པོའེ༌ ཁོ༌རང༌ངི༌ བུ༌ཚའེ༌ ཕིའ༌ ཉ༌ངན༌ ཅོ༌རུག༌ ཟེར༌ཏེ༌ ཁོང༌གུན༌ལ༌ ཚོར༌།
3 ཏེ༌ ཞག༌ག༌ ཁོང༌གུན༌ གྱལ༌སའེ༌ ནང༌ང༌ མག༌ནེ༌ ཤོར༌ཁན༌ ཁྲེལ༌བ༌ སོང༌ཏེ༌ ཡོང༌ཁན༌གུན༌ ཙོགས༌ལ༌ ཡོངས༌།
4 གྱལ༌པོའེ༌ ཁོ༌རང༌ངི༌ ལྡོང༌ ཀབས༌ཏེ༌ སྲན༌ཏྲེ༌ ངུ༌ཨིན༌ ཟེརས༌,
“ངའེ༌ བུ༌ཚ༌ ཨབ༌ས༌ལོམ༌,
ངའེ༌ བུ༌ཚ༌ ངའེ༌ བུ༌ཚ༌།”
5 ཏེ༌ནེ༌ ཡོ༌འབ༌ གྱལ༌པོ༌ དུག༌སའེ༌ ནང༌ང༌ སོང༌ཏེ༌ ཟེརས༌,
“ཉེ༌རང༌,
ཉེ༌རང༌ངི༌ བུ༌ཚ༌ དང༌ བུ༌མོ༌ གུན༌,
ན༌མ༌གུན༌ ཡང༌ ཚེ༌ཡོག༌ ན༌མ༌གུན༌ནི༌ མི༌ཚེའེ༌ སྐྱོབ༌ཁན༌ནི༌ མག༌མི༌ ཚང༌མ༌ དི༌རིང༌ ཉེ༌རང༌ངི༌ ཁྲེལ༌ཅུག༌ག༌ ཛད༌ཏེ༌ ཨིན༌ནོག༌།
6 ཉེ༌རང༌ངི༌ ཉེ༌རང༌ང༌ ནཕ༌རད༌ ཅོ༌ཁན༌གུན༌ལ༌ ཅེས༌པ༌ ཡང༌ ཉེ༌རང༌ང༌ ཅེས༌པ༌ ཅོ༌ཁན༌གུན༌ལ༌ ནཕ༌རད༌ ཅོ༌དུག༌།
དི༌རིང༌ ཉེ༌རང༌ངི༌ རང༌ངི༌ མག༌སྤོན༌ དང༌ མག༌མི༌གུན༌ ཉེ༌རང༌ངི༌ ཕིའ༌ ཅའང༌ མན༌ཁན༌བོ༌ སལ༌པོ༌ ཛདས༌།
ཨབ༌ས༌ལོམ༌ སོན༌ཏེའ༌ ཡང༌ ང༌ཞའ༌ ཚང༌མ༌ ཤི༌པིན༌ན༌ ཉེ༌རང༌ ཐད༌པོ༌ ཆ༌ཅེས༌ ང༌ཞའ༌ ཧ༌གོ༌།
7 ཏ༌ ཕི༌ལོག༌ག༌ སྐྱོད༌ཏེ༌ མག༌མི༌གུན༌ལ༌ སྤོས༌པ༌ སལ༌ལ༌ ཛད༌ ཏེ༌མན༌ན༌ ངའེ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ནའ༌ ཁུར༌ཏེ༌ ཟེར༌རད༌ ཉེ༌རང༌ མ༌སྐྱོད༌ན༌ དི༌རིང༌ ཚན༌ ལེབ༌བི༌ སང༌ སྔུན༌ལ༌ ཁོང༌ ཚང༌མ༌ ཉེ༌རང༌ ཕངས༌ཏེ༌ ཆེན༌།
ཏེ༌ནེ༌ ཏེ༌བོ༌ ཉེ༌རང༌ངི༌ ཕིའ༌ ཞུ༌ནུ༌ ནེ༌ ཏངས༌ཏེ༌ དག༌ས༌ ཚོག༌པ༌ ཇུང༌ཁན༌ནི༌ ཇིགས༌ནང༌ངི༌ སང༌ ཐུའ༌ ཡོང༌ཨིན༌།”
8 ཏེ༌ནེ༌ གྱལ༌པོ༌ དཱ༌བིད༌ ལངས༌ཏེ༌ གྱལ༌སའེ༌ སྒོའེ༌ དུན༌ལ༌ དུགས༌ ཡང༌ མི༌གུན༌ལ༌ ཏེ༌བོ༌ ཚོར༌ར༌ཅིག༌ ཁོང༌ ཚང༌མ༌ གྱལ༌པོ༌ ཡོད༌ས༌ ཡོངས༌།
ཏེན༌ན༌ ཟ༌ནེ༌ ཨབ༌ས༌ལོམ༌མ༌ རོགས༌ ཅོ༌ཁན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ ཁང༌པ༌ ཤོར༌ཏེ༌ སོང༌།
9 ཡང༌ ཨིས༌ར༌ཨེལ༌ལི༌ སྡེ༌ ཚང༌མའེ༌ ནང༌ང༌ གྲོས༌དུར༌ དང༌ ཟེར༌ཅེས༌ མང༌པོ༌ སོང༌ཏེ༌ ཟེར༌རད༌པིན༌,
“གྱལ༌པོ༌ དཱ༌བིད༌དི༌ ང༌དང༌གུན༌ གྲ༌འོ༌གུན༌ནི༌ ལག༌ནེ༌ སྐྱོབས༌ཏེ༌ ཁྱོངས༌ ཡང༌ ཕི༌ལིས༌ཏི༌པ༌གུན༌ནེ༌ སྐྱོབས༌ཏེ༌ བོརས༌ ཨིན༌ནའང༌ ཨབ༌ས༌ལོམ༌མི༌ ཞས༌ཏེ༌ གྱལ༌པོའ༌ གྱལ༌ས༌ ཕངས༌ཏེ༌ ཤོར༌གོས༌།
10 ཏ༌ ང༌དང༌གུན༌ནི༌ ཝང༌སྲུལ༌པ༌ སྐོས༌ཁན༌ནི༌ ཨབ༌ས༌ལོམ༌ ཤི༌ཏེ༌ ཨིན༌ནོག༌།
དཱ༌བིད༌ ལོགས༌ཏེ༌ ཁྱོངས༌ཏེ༌ ཡང༌སྐྱར༌ ང༌དང༌གུན༌ནི༌ གྱལ༌པོའ༌ ཅིའ༌ མི༌སྐོ༌?”
11 ཏེ༌ནེ༌ གྱལ༌པོ༌ དཱ༌བིད༌དི༌ ཟ༌དོག༌ དང༌ ཨ༌བིའ༌ཐར༌ བླ༌མ༌ ཡ༌ཧུ༌དཱའེ༌ འུ༌སྐྱོང༌གུན༌ལ༌ འི༌བོ༌ ཟེར༌ར༌ ལམ༌ཅུགས༌,
“གྱལ༌པོའ༌ ཁོ༌རང༌ངི༌ ཁར༌ལ༌ ལོགས༌ཏེ༌ ཁྱོང༌ཁན༌ ཁྱོ༌ཞའ༌ སྟིང༌ཇུག༌པོ༌ ཅི༌ཕིའ༌ ཡོང༌གོས༌།
ཨིས༌ར༌ཨེལ༌ གང༌པོའེ༌ ནང༌ང༌ ཟེར༌ཁན༌བོ༌ གྱལ༌པོའ༌ ཚོར༌ ཚར༌ཏེ༌ དུག༌།
12 ཁྱོ༌ཞའ༌ ངའེ༌ སྤུན༌ལ༌ ངའེ༌ ཤ༌ཁྲག༌ ཨིན༌ནོག༌།
ཏེ༌བོའེ༌ཕིའ༌ ཁྱོ༌ཞའ༌ གྱལ༌པོ༌ ལོགས༌ཏེ༌ ཁྱོང༌ཁན༌ སྟིང༌ཇུག༌པོ༌ ཅིའ༌ ཡོང༌གོས༌?”
13 ཨ༌མ༌ས༌ འི༌བོ༌ ཟེར༌,
‘ཁྱོ༌རང༌ ང༌ དཱ༌བིད༌དི༌ ཤ༌ཁྲགས༌ མན༌ན༌?
ཀལ༌ཏེས༌ ངའེ༌ ཡོ༌འབ༌བི༌ ཚབས༌ལ༌ ཏ༌ནེ༌ཕར༌ལ༌ ཁྱོ༌རང༌ ངའེ༌ མག༌མི༌གུན༌ནི༌ འུ༌སྐྱོང༌ང༌ མ༌སྐོ༌ན༌ དཀོན༌མཆོག༌གི༌ ང༌ ཆད༌པ༌ སལ༌ཤིག༌།’”
14 ཏེ༌ནེ༌ ཨ༌མ༌སའེ༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ལ༌ ཧ༌གོ༌ཅུགས༌ ཡང༌ ཁོང༌གུན༌ ཅིག༌གྲིལ༌ སོང༌ཏེ༌ གྱལ༌པོའ༌ ལོན༌ ཀལས༌,
“ཉེ༌རང༌ དང༌ ཉེ༌རང༌ ཉམ༌པོ༌ ཡོད༌ཁན༌ ཚང༌མ༌ ལོགས༌ཏེ༌ སྐྱོད༌།”
དཱ༌བིད༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སོང༌།
19:15 ནེ༌ 30
15 ཏེ༌ནེ༌ གྱལ༌པོ༌ དཱ༌བིད༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སོང༌ ཡང༌ ཡོར༌དཱན༌ ལྩངས༌པོ༌ ཡོད༌ས༌ ལེབ༌བ༌ཅིག༌ ཡ༌ཧུ༌དཱ༌པ༌ མི༌གུན༌ གིལ༌གལ༌ལི༌ ནང༌ང༌ དཱ༌བིད༌ལ༌ ཐུགས༌ཏེ༌ ཁོང༌ ལྩངས༌པོ༌ རྒལ༌ཏེ༌ ཁྱོང༌ཅེས༌ལ༌ ཡོངས༌ཏེ༌ ཡོད༌པིན༌།
16 བ༌ཧུ༌རིམ༌པ༌ བེན༌ཡཱ༌མིན༌ནི༌ སྡེ༌ནེ༌ ཨིན༌ཁན༌ གི༌ར༌རི༌ བུ༌ཚ༌ ཤི༌མེའི༌,
གྱོགས༌པ༌ ཡ༌ཧུ༌དཱ༌པ༌ མི༌གུན༌ ཉམ༌པོ༌ གྱལ༌པོ༌ དཱ༌བིད༌ལ༌ གའ༌སུས༌ ཞུའ༌ སོང༌།
17 ཁོ༌ ཉམ༌པོ༌ བེན༌ཡཱ༌མིན༌ནི༌ སྡེ༌ནེ༌ མི༌ སྟོང༌ཅིག༌ ཡོད༌པིན༌།
ཁོང༌གུན༌ ཉམ༌པོ༌ ཟི༌བ༌,
ས༌འུལ༌ལི༌ ཡོག༌པོ༌གུན༌ནི༌ གོ༌སྐྱོང༌,
ཁོའེ༌ བུ༌ཚ༌ 15 དང༌ ཡོག༌པོ༌ 20 གུན༌ནའང༌ ཡོད༌པིན༌།
ཁོང༌གུན༌ གྱལ༌པོ༌ ཐུག༌ག༌ལ༌ ཡོར༌དཱན༌ ཆོགས༌ལ༌ གྱོགས༌པ༌ ཡོངས༌།
18 གྱལ༌པོ༌ དང༌ ཁོང༌ངི༌ ནང༌ཚངས༌ལ༌ ལྩངས༌པོ༌ རྒལ༌ཅེས༌ལ༌ རོགས༌ ཡང༌ གྱལ༌པོའེ༌ ཟེར༌ཁན༌གུན༌ ཅོ༌ཅེས༌ལ༌ ཁོང༌གུན༌ ཡོར༌དཱན༌ནི༌ ལྩངས༌པོ༌ ཏེལ༌མོ༌ ཡོད༌སའེ༌ ཀ༌ནེ༌ རྒལ༌ཏེ༌ སོང༌།
ཤི༌མེའི༌ ལྩངས༌པོ༌ རྒལ༌ཏེ༌ གྱལ༌པོའེ༌ དུན༌ལ༌ ལེབ༌བ༌ཅིག༌ ཁོའེ༌ གྱལ༌པོ༌ དུན༌ལ༌ སའེ༌ཀ༌ གྱེལ༌ཏེ༌ ཀུས༌པ༌ སྟནས༌
19 ཡང༌ ཟེརས༌,
“ངའེ༌ སྤོན༌བོ༌ གྱལ༌པོ༌ལེ༌ ཇུ༌ཇུ༌ ངའ༌ གོངས༌པ༌ སལ༌།
ཉེ༌རང༌ ཡེ༌རུ༌ཤ༌ལེམ༌ནེ༌ བིངས༌ཏེ༌ སྐྱོད༌ ཟ༌ནེ༌ ཉེ༌རང༌ངི༌ ཡོག༌པོའེ༌ ནོར༌ཁྲུལ༌ ཅོ༌ཁན༌གུན༌ ཨིད༌ཏུ༌ བོར༌ར༌ མ༌ཛད༌།
གྱལ༌པོའེ༌ ཏེ༌བོ༌ ཁོང༌རང༌ངི༌ སེམས༌སི༌ ནང༌ནེ༌ ཕིང༌ང༌ ཛད༌ཤིག༌།
20 ངའེ༌ སྡིག༌པ༌ ཅོ༌ཁན༌བོ༌ ངའ༌ གྱུས༌ཡོད༌ ཨིན༌ནའང༌ དི༌རིང༌ ཅང༌ ཆོགས༌སི༌ ཨིས༌ར༌ཨེལ༌ལི༌ སྡེ༌ ཚང༌མའེ༌སང༌ ངའ༌ སྔུན༌ལ༌,
ཉེ༌རང༌ང༌ གའ༌སུས༌ ཞུའ༌ལ༌ ཡོངས༌པིན༌།”
21 ཏེ༌ནེ༌ ཟེ༌རུའི༌འཧའེ༌ བུ༌ཚ༌ ཨ༌བི༌ཤའི༌ ཟེརས༌,
“ཤི༌མེའི༌ སད༌གོས༌,
ཁོའེ༌ ཡ༌ཝའེ༌ ལྡམ༌མ༌ ཛད༌ཁན༌ནི༌ གྱལ༌པོའ༌ ངན༌ ཏབས༌ཏེ༌ ཨིན༌པིན༌།”
22 དཱ༌བིད༌དི༌ ཟེརས༌,
“ཟེ༌རུའི༌འཧའེ༌ བུ༌ཚ༌གུན༌ སུའི༌ ཁྱོ༌ཞའེ༌ སམ༌ཁན༌བོ༌ ཏྲིའ༌རག༌?
དི༌རིང༌ ཁྱོ༌རང༌ ངའེ༌ ལབ༌སྟོན༌པ༌ གྱུར༌ཏེ༌ ཨིན༌ན༌?
དི༌རིང༌ ཨིས༌ར༌ཨེལ༌ལི༌ ནང༌ང༌ སུ༌ཞིག༌ སད༌གོས༌ས༌?
དི༌རིང༌ ཨིས༌ར༌ཨེལ༌པའེ༌ གྱལ༌པོ༌ ང༌ མ༌ནོག༌ག༌?”
23 ཏེ༌ནེ༌ དཱ༌བིད༌དི༌ ཤི༌མེའི༌ ཟེརས༌,
“ཁྱོ༌རང༌ མི༌ཤི༌།”
ཡང༌ གྱལ༌པོའེ༌ ནའ༌ ཁུར༌ཏེ༌ ཁོའ༌ དམ༌ཆ༌ ཅོས༌།
24 ས༌འུལ༌ལི༌ ཚ༌འོ༌ མེ༌ཕི༌བོ༌ཤེཐ༌ ཐུར༌ལ༌ གྱལ༌པོ༌ ཐུག༌ག༌ལ༌ ཡོངས༌།
ཁོའེ༌ གྱལ༌པོ༌ ཡེ༌རུ༌ཤ༌ལེམ༌ནེ༌ ཤོར༌པ༌ནེ༌ ཁམ༌ཟང༌ ལོགས༌ཏེ༌ ལེབ༌ལེབ༌ ཚག༌པ༌ ཁོ༌རང༌ངི༌ སམ༌དལ༌ མ༌གྲགས༌ ཡང༌ རྐང༌པ༌ དང༌ ཀོས༌ མ༌ཁྲུའ༌ ཁོང༌ངི༌ ཕིའ༌ རྡུག༌པོ༌ ཅོས༌།
25 ཡེ༌རུ༌ཤ༌ལེམ༌ནེ༌ ཁོ༌ གྱལ༌པོ༌ ཐུག༌ག༌ ཡོང༌ང༌ཅིག༌ གྱལ༌པོའེ༌ ཁོའ༌ ཏྲིས༌,
“མེ༌ཕི༌བོ༌ཤེཐ༌,
ཁྱོ༌རང༌ ཅིའ༌ ང༌ ཉམ༌པོ༌ མ༌ཡོངས༌པིན༌?”
26 མེ༌ཕི༌བོ༌ཤེཐ༌ཐི༌ ལན༌ཏངས༌,
“ངའེ༌ སྤོན༌བོ༌ གྱལ༌པོ༌ལེ༌ ང༌ ཞ༌འོ༌ ཨིན༌ཁན༌ ཉེ༌རང༌ང༌ ཐུག༌གྱུས༌ ཨིན༌ནོག༌,
ངའེ༌ ཡོག༌པོ༌ ཟི༌བའེ༌ ཟེར༌པིན༌ ‘ངའ༌ གྱལ༌པོ༌ ཉམ༌པོ༌ ཆ༌ཅེས༌ལ༌ ངའེ༌ བུང༌བུའ༌ གྱབ༌ཆ༌ སྟོད༌།’
ཨིན༌ནའང༌ ཁོའེ༌ ངའ༌ གོབ༌སྐོར༌ཏེ༌ ང༌ མ༌ཁྲིད༌ད༌ སོང༌།
27 ཡང༌ ཉེ༌རང༌ང༌ ཟུན༌ ཏངས༌ཏེ༌ ང༌ མ༌ཡོངས༌ ཟེརས༌།
ཨིན༌ནའང༌ ངའེ༌ སྤོན༌བོ༌ གྱལ༌པོ༌ ཉེ༌རང༌ དཀོན༌མཆོག༌གི༌ ཕོ༌ཉ༌ ཙོགས༌ ཨིན༌ནོག༌,
ཉེ༌རང༌ངི༌ ཐུགས༌ ཐད༌ཁན༌བོ༌ ཅོའ༌ ཛད༌།
28 ངའེ༌ མེ༌མེའེ༌ མིར༌གྱུད༌ ཚང༌མ༌ ཉེ༌རང༌ངི༌ ལག༌ནེ༌ ཤི༌ཅེས༌སི༌ འོས༌པ༌ ཨིན༌ནོག༌ ཨིན༌ནའང༌ ཉེ༌རང༌ངི༌ ངའ༌ རྩི༌ཝ༌ སལ༌ཏེ༌ ཉེ༌རང༌ ཉམ༌པོ༌ ཅོག༌ཙེ༌ ཅིག༌གི༌ཀ༌ ཟན༌ ཟ༌ཅུག༌ག༌ ཛདས༌།
ཏ༌ ཡང༌ ཞུ༌ཝ༌ ཕུལ༌ཅེས༌སི༌ ངའ༌ ཝང༌ཆ༌ མེད༌།”
29 དཱ༌བིད༌དི༌ ལན༌ཏངས༌,
“ཏེ༌སང༌ མང༌ང༌ ཟེར༌གོས༌ མེད༌།
ངའེ༌ ཐག༌ཅད༌དད༌ ཁོ༌རང༌ངི༌ མེ༌མེ༌ ས༌ཀྱད༌པོ༌ ཁྱོ༌རང༌ དང༌ ཟི༌བའེ༌ དྲན༌དྲ༌ ཅོས༌ཏེ༌ སྒོ༌ གོས༌།”
30 མེ༌ཕི༌བོ༌ཤེཐ༌ཐི༌ ཟེརས༌,
ཁོའ༌ ས༌ཀྱད༌ ཚང༌མ༌ ཁྱེར༌ ཅུག༌ག༌ཛད༌།
ངའེ༌ སྤོན༌བོ༌ གྱལ༌པོ༌ལེ༌,
ང༌ ཉེ༌རང༌ ཁམ༌ཟང༌ ལོགས༌ཏེ༌ སྐྱོད༌ཅེས༌པོ༌ ངའེ༌ ཕིའ༌ ཐའ༌ཐད༌ཨིན༌།”
དཱ༌བིད༌དི༌ བར༌ཟིལ༌ལཱའི༌ ཀའ༌ཀྲིན༌ སྟནས༌།
19:31 ནེ༌ 43
31 གི༌ལེད༌པ༌ བར༌ཟིལ༌ལཱའི༌ རོ༌གེ༌ལིམ༌ནེ༌ ཐུར༌ལ༌ གྱལ༌པོའ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཅེས༌ལ༌ རོགས༌ ཅོས༌ཏེ༌ ལམ༌ཅུག༌ག༌ ཡོངས༌།
32 ལོ༌ 80 སོང༌ཏེ༌ ཁོ༌ རྒད༌པོ༌ ཡོད༌པིན༌།
མ༌ཧ༌ནཱའིམ༌མི༌ ནང༌ང༌ གྱལ༌པོ༌ དུག༌ ཟ༌ནེ༌ ཁོའེ༌ ཁོང༌ངི༌ སྒོས༌དོམ༌གུན༌ རིགས༌ ཅིའ༌ཟེར༌ན༌ ཁོ༌ མ༌ཆུག༌པོ༌ ཡོད༌པིན༌།
33 གྱལ༌པོའེ༌ བར༌ཟིལ༌ལཱའི༌ ཟེརས༌,
“ང༌ ཉམ༌པོ༌ ཡེ༌རུ༌ཤ༌ལེམ༌མ༌ ཡོང༌ ཡང༌ ངའེ༌ ཉེ༌རང༌ངི༌ སྟ༌སྟོག༌ ཅོ༌ཨིན༌།”
34 ཁོའེ༌ ལན༌ཏངས༌,
“ཏ༌ ང༌ ལོ༌ མང༌པོ༌ སོན༌ཏེའ༌ མི༌ལུས༌,
ཡེ༌རུ༌ཤ༌ལེམ༌མ༌ ཉེ༌རང༌ ཉམ༌པོ༌ ཡོངས༌ཏེ༌ ངའེ༌ ཅི༌ ཅོ༌ཨིན༌?
35 ང༌ ལོ༌ 80 ཆའ༌ཁན༌ རྒད༌པོ༌ ཞིག༌གི༌ ཏ༌ སྐྱིད༌པོ༌ ཅི༌ ཅོ༌ཨིན༌?
ཟན༌ དང༌ ཆང༌ངི༌ བྲོད༌ ཡང༌ ལུ༌ ཏང༌ཁན༌གུན༌ནི༌ སྐད༌ ངའ༌ ཚོར༌ར༌ མེ༌རག༌།
ངའེ༌ སྤོན༌བོ༌ གྱལ༌པོའེ༌ ཕིའ༌ ང༌ བར༌དོ༌ ཞིག༌ གྱུར༌ཅེས༌ ཨིན༌ནོག༌།
36 ཏེ༌ཙོགས༌ རྩི༌ཝའེ༌ འོས༌པ༌ ང༌ མན༌,
ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ངའ༌ ཉེ༌རང༌ ཉམ༌པོ༌ ཙ༌པིག༌ ཡོང༌ཨིན༌།
37 ང༌ ལོགས༌ཏེ༌ ང༌རང༌ངི༌ གྲོང༌ཁྱེར༌ལ༌ སོང༌ཏེ༌ ཤི༌ ཅུག༌ག༌ ཛད༌ ཀ༌རུ༌ ངའེ༌ ཨ༌བ༌ དང༌ ཨ༌མའེ༌ སྤུར༌ཁང༌ ཡོད༌།
ཨིན༌ནའང༌ ཉེ༌རང༌ངི༌ ཞབ༌ཤི༌ ངའེ༌ བུ༌ཚ༌ ཀིམ༌ཧཱམ༌,
ངའེ༌ སྤོན༌བོ༌ གྱལ༌པོ༌ ཉམ༌པོ༌ ཡོང༌ ཅུག༌ག༌ ཛད༌ ཡང༌ ཉེ༌རང༌ངི༌ ཐུགས༌ཐད༌ ནང༌ཞིན༌ ཁོའ༌ སལ༌ལ༌ ཛད༌།”
38 གྱལ༌པོའེ༌ མོལས༌,
“ཀིམ༌ཧཱམ༌ ང༌ ཉམ༌པོ༌ ཆེན༌ ཡང༌ ཉེ༌རང༌ ཐད༌ཁན༌བོ༌ ངའེ༌ ཁོའ༌ ཅོ༌ཨིན༌།
ཡང༌ ཉེ༌རང༌ངི༌ ཅི༌ ཐུག༌གོངས༌ ཡོད༌ནའང༌ ངའེ༌ ཅོ༌ཨིན༌།”
39 ཏེ༌ནེ༌ མི༌ཚང༌མ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ སོང༌ ཡང༌ གྱལ༌པོ༌ དང༌ བར༌ཟིལ༌ལཱའི༌ སྟིང༌ཇུག༌པོའེ༌ཀ༌།
དཱ༌བིད༌དི༌ བར༌ཟིལ༌ལཱའི༌ པུག༌ ཏངས༌ཏེ༌ ཁོའ༌ ཅིན༌ལབས༌ སལ༌ཅེས༌ལ༌ དཀོན༌མཆོག༌ག༌ ཞུ༌ཝ༌ ཕུལས༌།
ཏེ༌ནེ༌ བར༌ཟིལ༌ལཱའི༌ ཁོ༌རང༌ངི༌ ཁང༌པ༌ ལོགས༌ཏེ༌ སོང༌།
40 གྱལ༌པོ༌ ཀིམ༌ཧཱམ༌ ཁྲིད༌ཏེ༌ གིལ༌གལ༌ལ༌ སོང༌།
ཡ༌ཧུ༌དཱའེ༌ མག༌མི༌ ཚང༌མ༌ དང༌ ཨིས༌ར༌ཨེལ༌ལི༌ མག༌མི༌ ཕེད༌ གྱལ༌པོ༌ ཉམ༌པོ༌ ཞབ༌ཞི༌ ཕིའ༌ ཡོད༌པིན༌།
41 ཨིན༌ནའང༌ ཞན༌ ཨིས༌ར༌ཨེལ༌པ༌ ཚང༌མའ༌ གྱལ༌པོ༌ ཡོད༌ས༌ ཡོངས༌ཏེ༌ ཟེརས༌,
“ཡ༌ཧུ༌དཱ༌པ༌གུན༌ ང༌ཞའ༌ མ༌ཤད༌ད༌ ཉེ༌རང༌,
ཉེ༌རང༌ངི༌ ནང༌མི༌གུན༌ དང༌ མི༌ཚང༌མ༌ ལོགས༌ཏེ༌ ཁྱོང༌ང༌ སོང༌ཏེ༌ ང༌ཞའེ༌ ཀ༌ནེ༌ གྱལ༌པོ༌ ཀོགས༌ཏེ༌ ཨིན༌ནོག༌།”
42 ཡ༌ཧུ༌དཱ༌པ༌གུན༌ནི༌ ལན༌ཏངས༌,
“ང༌ཞའེ༌ ཏེ༌བོ༌ ཅོས༌པིན༌ ཅིའ༌ཟེར༌ན༌ གྱལ༌པོ༌ ང༌ཞའེ༌ གྱུད༌ནེ༌ ཨིན༌ནོག༌།
ཁྱོ༌ཞ༌གུན༌ལ༌ ཅིའ༌ སྲོ༌ ཡོང༌ངད༌,
ཅི༌ གྱལ༌པོའེ༌ ང༌ཞའེ༌ ཟའ༌ཁན༌ནི༌ ཟན༌ལ༌ རིན༌ ཤལ༌ ཏོག༌ག༌ ཡ༌ ཁོང༌ངི༌ ཀ༌ནེ༌ ང༌ཞའེ༌ ཕན༌ཐོགས༌ ལེན༌ཏོག༌ག༌?”
43 ཨིས༌ར༌ཨེལ༌པ༌གུན༌ནི༌ ལན༌ཏངས༌,
“གྱལ༌པོའེ༌ རྕུ༌ཁག༌པོ༌ ཐོབ༌ཅེས༌སི༌ འོས༌པ༌ ང༌ཞའ༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ང༌ཞའ༌ མི༌སྡེ༌ རྕུ༌ ཨིན༌ནོག༌།
ཏེ༌ནེ༌ ཁྱོ༌ཞའེ༌ ང༌ཞའ༌ རིན༌མེད༌ ཅིའ༌ ཐེས༌པིན༌?
གྱལ༌པོ༌ ལོགས༌ཏེ༌ ཁྱོང༌ཨིན༌ ང༌ཞའེ༌ གོ༌མ༌ མ༌ཟེར༌ས༌?”
ཨིན༌ནའང༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སང༌ མང༌ང༌ སྐྱོང༌པོ༌ སྤེ༌ར༌ ཟེརས༌།