ཨབ༌ས༌ལོམ༌ ཤི༌།
18:1 ནེ༌ 18
18
དཱ༌བིད༌དི༌ ཁོ༌རང༌ ཉམ༌པོ༌ ཡོད༌ཁན༌ནི༌ མག༌མི༌ ཚང༌མ༌ ཛོམ༌ཅུགས༌ཏེ༌ ཁོང༌གུན༌ནི༌ཀ༌ མག༌གྱའེ༌ སྤོན༌བོ༌གུན༌ དང༌ མག༌སྟོང༌ངི༌ སྤོན༌བོ༌གུན༌ སྐོས༌།
2 ཁོའེ༌ མག༌མི༌གུན༌ སྡེ༌ སུམ༌མི༌ ནང༌ང༌ བགོས༌,
སྡེ༌ ཏང༌པོའེ༌ གོ༌སྐྱོང༌ ཡོ༌འབ༌,
སྡེ༌ ཉིས༌པའེ༌ གོ༌སྐྱོང༌ ཟེ༌རུའི༌འཧའེ༌ བུ༌ཚ༌ ཡོ༌འབ༌བི༌ ནོ༌ ཨ༌བི༌ཤའི༌ ཡང༌ སྡེ༌ སུམ༌པ༌བོའེ༌ གོ༌སྐྱོང༌ གཱད༌པ༌ ཨིཏ༌ཏའི༌ ཅོས༌།
གྱལ༌པོའེ༌ ཁོ༌རང༌ངི༌ མག༌མི༌གུན༌ལ༌ ཟེརས༌,
“ཁྱོ༌ཞའ༌ ཉམ༌པོ༌ ངའང༌ ནོལ༌ལ༌ ཆེན༌།”
3 ཨིན༌ནའང༌ མག༌མི༌གུན༌ནི༌ ཟེརས༌,
“ཉེ༌རང༌ སྐྱོད༌ མ༌གོས༌,
ང༌ཞ༌གུན༌ ཤོར༌ གོས༌ན༌ ཡ༌ ང༌ཞའེ༌ ནང༌ནེ༌ ཕེད༌པོ༌ ཤི༌ནའང༌ ཁོང༌གུན༌ནི༌ ཕིའ༌ རིན༌མེད༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ཉེ༌རང༌ མག༌མི༌ སྟོང༌ རྕུའི༌ སང༌ རིན༌ཆེའ༌ ཨིན༌ནོག༌།
ཉེ༌རང༌ འི༌རུ༌ གྱལ༌ས༌ ཞུགས༌ཏེ༌ ང༌ཞའ༌ རོགས༌ ཀལ༌ལ༌ ཛད༌ན༌ གྱལ༌ལ༌ ཆེན༌།”
4 གྱལ༌པོའེ༌ ལན༌ཏངས༌,
“ཁྱོ༌ཞའ༌ ཚང༌མའེ༌ ཅི༌ གྱལ༌ལ༌ སམ༌ནའང༌ ངའེ༌ ཅོ༌ཨིན༌།”
ཏེ༌བོའེ༌ཕིའ༌ དཱ༌བིད༌ གྱལ༌སའེ༌ སྒོའེ༌ཀ༌ དུགས༌ཏེ༌ མག༌མི༌གུན༌ གྱ༌ དང༌ སྟོང༌ངི༌ སྡེ༌ ནང༌ང༌ ནོལ༌ལ༌ བིངས༌ཏེ༌ ཆེན༌ ལྟས༌།
5 ཡང༌ གྱལ༌པོའེ༌ ཡོ༌འབ༌,
ཨ༌བི༌ཤའི༌ དང༌ ཨིཏ༌ཏའི༌ གུན༌ལ༌ བཀའ༌ ཏངས༌,
“ངའེ༌ ཏོན༌ལ༌,
ཁྱོག༌ཏོང༌ ཨབ༌ས༌ལོམ༌མ༌ ནོད༌པ༌ མ༌སྐྱལ༌།”
ཡང༌ གྱལ༌པོའེ༌ མག༌སྤོན༌གུན༌ལ༌ ཏེ༌ བཀའ༌ ཏང༌ཁན༌བོ༌ མག༌མི༌ ཚང༌མའེ༌ ཚོར༌།
6 ཏེ༌ནེ༌ དཱ༌བིད༌དི༌ མག༌མི༌ ཨིས༌ར༌ཨེལ༌ལི༌ མག༌མི༌ གྱབ༌གལ༌ལ༌ ནོལ༌ལ༌ སོང༌ ཡང༌ ཨེཕ༌ར༌ཡིམ༌མི༌ ནག༌ ཚོགས༌སི༌ ནང༌ང༌ མག༌ གོ༌ཟུག༌།
7 ཏེ༌རུ༌ དཱ༌བིད༌དི༌ མག༌མིའི༌ ཨིས༌ར༌ཨེལ༌པའེ༌ མག༌མིའ༌ ཕམ༌ཀལས༌།
ཏེ༌ ཞག༌ག༌ མག༌ ཀྲག༌པོ༌ སོང༌ ཡང༌ མག༌མི༌ 20,000 ཤི༌།
8 མག༌པོ༌ ཡུལ༌ གང༌པོའེ༌ ནང༌ང༌ ཁྱེབས༌ ཡང༌ ར༌འི༌ སང༌ མང༌ང༌ ནག༌ཚོགས༌སི༌ མག༌མི༌གུན༌ སདས༌།
9 མག༌གི༌ ནང༌ང༌ ཧུན༌མེད༌ལ༌ ཨབ༌ས༌ལོམ༌ དཱ༌བིད༌དི༌ མག༌མི༌གུན༌ནི༌ དུན༌ལ༌ ལེབ༌པ༌ ཁོ༌ ཁོ༌རང༌ངི༌ དྲི༌གུའེ༌ཀ༌ ཞོན༌ཏེ༌ ཤོར༌ ཨིན༌ནའང༌ ཨོག༌ ལྕང༌མ༌ ཆེན༌མོའེ༌ ཡོག༌ནེ༌ ཤོར༌ ཟ༌ནེ༌ ཁོའེ༌ གོ༌ ལྕང༌མའེ༌ ཡལ༌གའེ༌ ནང༌ང༌ ཁད༌།
ཁོ༌ ལུངས༌པོའེ༌ ནང༌ང༌ ཅར༌ཏེ༌ ལུས༌ ཨིན༌ནའང༌ ཁོའེ༌ དྲི༌གུ༌ བང༌ ཏང༌ཨིན༌ སོང༌།
10 དཱ༌བིད༌དི༌ མག༌མི༌ཞིག༌གི༌ ཏེ༌བོ༌ ཐོང༌ ཡང༌ ཡོ༌འབ༌བ༌ ཤདས༌,
“ངའེ༌ ཨབ༌ས༌ལོམ༌མི༌ ཟུགས༌པོ༌ ཨོག༌ ལྕང༌མ༌ ཆེན༌མོའེ༌ཀ༌ ཅར༌ཏེ༌ ཐོང༌།”
11 ཡོ༌འབ༌བི༌ ཁོའ༌ ཟེརས༌,
“ཁྱོ༌རང༌ངི༌ ཁོ༌ ཐོང༌ཏེའང༌ ཅིའ༌ མ༌ སད༌པིན༌?
སད༌པིན༌ན༌ ངའེ༌ ཁྱོ༌རང༌ང༌ མུལ༌ལི༌ པེ༌ནེ༌ རྕུ༌ དང༌ སྤའ༌འོའེ༌ སྐྱེ༌རག༌ སོལ༌རས༌ལ༌ ཏངས༌ཏེ༌ ཡོད༌གྲོ༌།”
12 མག༌མི༌བོའེ༌ ཡོ༌འབ༌བ༌ ལན༌ཏངས༌,
“མུལ༌ལི༌ པེ༌ནེ༌ སྟོང༌ ཏང༌ནའང༌ ངའེ༌ གྱལ༌པོའེ༌ བུ༌ཚ༌ མི༌སད༌།
གྱལ༌པོའེ༌,
‘ངའེ༌ ཏོན༌ལ༌ ཁྱོག༌ཏོང༌ ཨབ༌ས༌ལོམ༌མ༌ ནོད༌པ༌ མ༌སྐྱལ༌’ མོལ༌ཏེ༌ ཉེ༌རང༌,
ཨ༌བི༌ཤའི༌ དང༌ ཨིཏ༌ཏའི༌ གུན༌ལ༌ བཀའ༌ ཏང༌ཨིན༌ ང༌ཞའེ༌ ཚོར༌།
13 ཀལ༌ཏེས༌ ངའེ༌ གྱལ༌པོའེ༌ བུ༌ཚ༌ སད༌ཏེ༌ ཁོང༌ངི༌ གྱབ༌གལ༌ ཅོ༌ན༌ གྱལ༌པོའ༌ ཏན༌ཏན༌ལ༌ གྱུས༌ ཆེན༌ ཡང༌ ཏེ༌ཏུས༌ ཉེ༌རང༌ངི༌ ང༌ ཆོག༌སྐྱོར༌ མན༌ནེ༌ མི༌ཛད༌།”
14 ཡོ༌འབ༌བི༌ ཟེརས༌,
“འི༌ཟུག༌ ཟེར༌ཨིན༌ དུགས༌ཏེ༌ ངའེ༌ ཏུས༌ གོད༌ལ༌ མི༌ཏང༌།
ཏེ༌ནེ༌ ཁོའེ༌ དུང༌ སུམ༌ ཁུརས༌ ཡང༌ ཨོག༌ ལྕང༌མའེ༌ཀ༌ ཁད༌ཏེ༌ ཨབ༌ས༌ལོམ༌ ཏ༌རུང༌ སོན༌ཏེའ༌ ཡོད༌ ཟ༌ནེ༌ ཡོ༌འབ༌བི༌ ཁོའེ༌ སྙིང༌ངི༌ ནང༌ང༌ ཏེ༌གུན༌ ཙུགས༌།
15 ཡོ༌འབ༌བི༌ མག༌ཆ༌ ཁུར༌ཁན༌ ཞུ༌ནུ༌ རྕུའི༌ ཨབ༌ས༌ལོམ༌མ༌ ཐའ༌ སྐོར༌ཏེ༌ ཁོ༌ སདས༌།
16 ཏེ༌ནེ༌ ཡོ༌འབ༌བི༌ ཏུང༌ ཕུས༌པ༌ ཁོའེ༌ མག༌མི༌གུན༌ནི༌ ཨིས༌ར༌ཨེལ༌ལི༌ མག༌མི༌གུན༌ལ༌ ཏེད༌ཏེ༌ མ༌ཁྱེར༌ར༌ ལོགས༌ཏེ༌ ཡོངས༌།
17 ཁོང༌གུན༌ནི༌ ཨབ༌ས༌ལོམ༌མི༌ རོ༌ ནག༌ཚོགས༌སི༌ ས༌དོང༌ ཏིང༌ཅན༌ ཞིག༌གི༌ ནང༌ང༌ ཕངས༌ ཡང༌ ཏེ༌བོའེ༌ཀ༌ རྡོའ༌ སྤུངས༌།
ཨིས༌ར༌ཨེལ༌པ༌ ཚང༌མ༌ ཁོང༌རང༌གུན༌ནི༌ ཁང༌པའ༌ ཤོར༌།
18 ཨབ༌ས༌ལོམ༌མི༌ མི༌ཚེ༌ ནང༌ང༌ ཁོ༌རང༌ངི༌ ཕིའ༌ གྱལ༌པོའེ༌ ལུང༌པའེ༌ ནང༌ང༌ ཀ༌ཝ༌ ཞིག༌ རྩིགས༌ ཅིའ༌ཟེར༌ན༌ ཁོའེ༌ སམ༌,
“ངའེ༌ མིང༌ ལུས༌ཤུག༌ཁན༌ ངའ༌ བུ༌ཚ༌ ཞིག༌ མེད༌།”
ཁོའེ༌ ཏེ༌ ཀ༌ཝ༌ ཁོ༌རང༌ངི༌ མིང༌ ཏགས༌ ཡང༌ དག༌སའང༌ ཏེ༌བོའ༌ ཨབ༌ས༌ལོམ༌མི༌ ཀ༌ཝ༌ ཟེར༌ར༌ནོག༌།
དཱ༌བིད༌དི༌ ཨབ༌ས༌ལོམ༌མི༌ ཕིའ༌ རྡུག༌པོ༌ ཅོས༌།
18:19 ནེ༌ 33
19 ཏེ༌ནེ༌ ཟ༌དོག༌གི༌ བུ༌ཚ༌ ཨ༌ཧི༌མཟ༌སི༌ ཡོ༌འབ༌བ༌ ཟེརས༌,
“ང༌ བང༌ཏངས༌ཏེ༌ གྱལ༌པོའ༌ ཡ༌ཝའེ༌ ཁོང༌ ཁོང༌ངི༌ གྲ༌འོ༌གུན༌ནི༌ ཀ༌ནེ༌ ཐར༌ ཅུགས༌ཁན༌ནི༌ ནས༌ཚུལ༌ ཤད༌ཅེས༌ལ༌ ཆ༌ཅུག༌ག༌ ཛད༌།”
20 ཡོ༌འབ༌བི༌ ཁོའ༌ ཟེརས༌,
“དི༌རིང༌ ཁྱོ༌རང༌ངི༌ འི༌ ནས༌ཚུལ༌ གྱལ༌པོའ༌ མ༌ཁྱེར༌ ཡང༌ཞག༌ཤིག༌ ཁྱེར༌ར༌ལ༌ ཅིའ༌ཟེར༌ན༌ གྱལ༌པོའེ༌ བུ༌ཚ༌ ཤི༌ཏེ༌ ཨིན༌ནོག༌།”
21 ཏེ༌ནེ༌ ཨི༌ཐིའོ༌པིའ༌པ༌ མི༌བོའ༌ ཡོ༌འབ༌བི༌ ཟེརས༌,
“སོང༌ཏེ༌ ཁྱོ༌རང༌ངི༌ ཐོང༌ཁན༌ ཚང༌མ༌ གྱལ༌པོའ༌ ཤོད༌།”
ཁོའེ༌ ཡོ༌འབ༌བི༌ དུན༌ལ༌ ཆག༌ཕུལས༌ ཡང༌ བང༌ཏངས༌ཏེ༌ སོང༌།
22 ཨ༌ཧི༌མཟ༌སི༌ ཡོ༌འབ༌བ༌ ཡང༌སྐྱར༌ ཟེརས༌,
“ཅི༌ཞིག༌ ཆ༌ནའང༌,
ཇུ༌ཇུ༌ ངའ༌ ལོན༌ ཁྱེར༌ཅུག༌།”
ཡོ༌འབ༌བི༌ ལན༌ཏངས༌,
“ངའེ༌ བུ༌ཚ༌།
ཁྱོ༌རང༌ ཅིའ༌ ཆ༌ཉིན༌ རག༌?
ཁྱོ༌རང༌ངི༌ ནས༌ཚུལ༌ ཁྱེར༌ཅེས༌ཅན༌བོའ༌ སོལ༌རས༌ མི༌ཐོབ༌།”
23 ཁོའེ༌ ཟེརས༌,
“ཅི༌ ཆ༌ནའང༌ ང༌ ཆ༌ཅུག༌ག༌ ཛད༌།”
སྟིང༌ཇུག༌ག༌ ཡོ༌འབ༌བི༌ ཟེརས༌,
“གྱོགས༌པ༌ སོང༌།
ཏེ༌ནེ༌ ཨ༌ཧི༌མཟ༌ ཐང༌སྟོང༌ངི༌ ལ༌མོ༌ ལམ༌ནེ༌ མ༌ཧ༌ནཱའིམ༌ བང༌ ཏངས༌ཏེ༌ སོང༌ ཡང༌ ཨི༌ཐིའོ༌པིའ༌པ༌ མི༌ སང༌ སྔུན༌ལ༌ ལེབ༌།
24 དཱ༌བིད༌ གྱལ༌སའེ༌ ནང༌ཀུག༌ དང༌ ཕི༌ལོག༌གི༌ གྱས༌སྒོའེ༌ པར༌ལ༌ དུགས༌ཏེ༌ ཡོད༌ ཟ༌ནེ༌ ལྟའ༌ཁན༌ནི༌ མི༌བོ༌ གྱས༌སྒོའེ༌ རྩིག༌པའེ༌ཀ༌ ཛགས༌ཏེ༌ ལྟས༌ ཡང༌ ཁོའ༌ མི༌ཞིག༌ བང༌ཏངས༌ཏེ༌ ཡོང༌ཨིན༌ ཐོང༌།
25 ཁོའེ༌ ཀུ༌ཅོ༌ ཏངས༌ཏེ༌ ཡོག༌ག༌ གྱལ༌པོ༌ དཱ༌བིད༌ལ༌ ནས༌ཚུལ༌བོ༌ ཤདས༌།
གྱལ༌པོའེ༌ ཟེརས༌,
“ཀལ༌ཏེས༌ ཁོ༌ ཅིག༌པོ༌ ཡོད༌ན༌ ནས༌ཚུལ༌ ཟང༌པོ༌ ཡོད༌ཏེ༌ ཨིན༌ནོག༌།”
ལོན༌ ཁྱོང༌ཁན༌བོ༌ ཉེ༌མོའ༌ ལེབ༌ཨིན༌ ཡོད༌ ཟ༌ནེ༌
26 ལྟའ༌ཁན༌ནི༌ མི༌བོའ༌ ཡང༌ མི༌ཞིག༌ བང༌ཏང༌ཨིན༌ ཡོང༌ང༌ ཐོང༌པ༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌,
“ཡང༌ མི༌ཞིག༌གའང༌ བང༌ ཁྱོང༌དུག༌།”
གྱལ༌པོའེ༌ ལན༌ ཏངས༌,
“ཁོའང༌ ནས༌ཚུལ༌ ཟང༌པོ༌ ཡོད༌ཏེ༌ ཨིན༌ནོག༌།”
27 ལྟའ༌ཁན༌ནི༌ མི༌བོའེ༌ ཟེརས༌,
“མི༌ ཏང༌པོ༌བོ༌ ཟ༌དོག༌གི༌ བུ༌ཚ༌ ཨ༌ཧི༌མཟ༌ ཙོགས༌ལ༌ བང༌ ཏང༌དུག༌།”
གྱལ༌པོ༌ ཟེརས༌,
“ཁོ༌ མི༌ གྱལ༌ལ༌ཞིག༌ ཨིན༌ནོག༌ ཡང༌ ཁོའེ༌ ནས༌ཚུལ༌ ཟང༌པོ༌ ཁྱོང༌ངད༌།”
28 ཏེ༌ནེ༌ ཨ༌ཧི༌མཟ༌ ལེབ༌ཏེ༌ གྱལ༌པོའ༌ ཟེརས༌,
“ཅི༌ཚང༌མ༌ གྱལ༌ལ༌ དུག༌།”
ཁོའེ༌ གྱལ༌པོའེ༌ དུན༌ལ༌ ཆག༌ཕུལ༌ཏེ༌ ཟེརས༌,
“ཉེ༌རང༌ངི༌ དཀོན༌མཆོག༌ ཡ༌ཝའ༌ སྟོད༌པ༌ ཕུལ༌,
ཁོང༌ངི༌ གྱབ༌གལ༌ ཅོ༌ཁན༌བོའེ༌ ཀ༌ནེ༌ ངའེ༌ སྤོན༌བོ༌ སྐྱོབ༌བ༌ ཛདས༌།”
29 གྱལ༌པོའེ༌ ཏྲིས༌,
“ཁྱོག༌ཏོང༌ ཨབ༌ས༌ལོམ༌ ཁམ༌ཟང༌ དུག༌ག༌?”
ཨ༌ཧི༌མཟ༌སི༌ ལན༌ཏངས༌,
“ཡོ༌འབ༌བི༌ ངའ༌ ཉེ༌རང༌ངི༌ ཡོག༌པོ༌ ཀལ༌ ཟ༌ནེ༌ ཏེ༌རུ༌ མ༌མང༌པོ༌ ཧི༌ལིངས༌ དུག༌པིན༌།
ཨིན༌ནའང༌ ཏེ༌བོ༌ ཅི༌ཕིའ༌ ཨིན༌ ང༌ གྱུས༌ མ༌སོང༌།”
30 གྱལ༌པོའེ༌ ཟེརས༌,
“ལྡོའ༌ སོང༌ ཡང༌ སྲུང༌།”
ཏེ༌བོའེ༌ཕིའ༌ ཨ༌ཧི༌མཟ༌ ཐའ༌མ༌ གྱུརས༌།
31 ཏེ༌ནེ༌ ཨི༌ཐིའོ༌པིའ༌པ༌ མི༌བོ༌ ལེབ༌ཏེ༌ ཟེརས༌,
“ངའེ༌ སྤོན༌བོ༌ གྱལ༌པོའེ༌ ཕིའ༌ ནས༌ཚུལ༌ ཟང༌པོ༌ཞིག༌ ཡོད༌།
དི༌རིང༌ ཡ༌ཝའེ༌ ཉེ༌རང༌ང༌ གྱབ༌གལ༌ ཅོ༌ཁན༌ ཚང༌མའེ༌ ཀ༌ནེ༌ ཉེ༌རང༌ ཐར༌ཅུག༌ག༌ ཛད༌ཏེ༌ ཨིན༌ནོག༌།”
32 གྱལ༌པོའེ༌ ཏྲིས༌,
“ཁྱོག༌ཏོང༌ ཨབ༌ས༌ལོམ༌ ཁམ༌ཟང༌ དུག༌ག༌?”
ཨི༌ཐིའོ༌པིའ༌པ༌ མི༌བོའེ༌ ལན༌ཏངས༌,
“ངའེ༌ སྤོན༌བོ༌ གྱལ༌པོའེ༌ གྲ༌འོ༌ དང༌ ཁོང༌ང༌ ནོད༌སྐྱལ༌ ཏང༌ཁན༌ ཚང༌མ༌ ཏེ༌ ཞུ༌ནུ༌ ཙོགས༌ ཆ༌ཤིག༌།”
33 གྱལ༌པོའ༌ ཚེར༌ཁ༌ སྲན༌ཏྲེ༌ ཡོངས༌།
ཁོ༌ གྱས༌སྒོའེ༌ ཁེ༌ཐོག༌ག༌ ཡོད༌ཁན༌ ནང༌ང༌ སོང༌ཏེ༌ སྲན༌ཏྲེ༌ ངུ༌ཨིན༌ ཟེརས༌,
“ངའེ༌ བུ༌ཚ༌ ཨབ༌ས༌ལོམ༌,
ངའེ༌ བུ༌ཚ༌ ཨབ༌ས༌ལོམ༌།
ཁྱོ༌རང༌ངི༌ ཚབས༌ལ༌ ང༌ ཤི༌ཤིག༌པིའང༌།
ངའེ༌ བུ༌ཚ༌ ངའེ༌ བུ༌ཚ༌ ཨབ༌ས༌ལོམ༌།”