ཨ༌ཧི༌ཐོ༌ཕེལ༌ ཤི༌།
17:1 ནེ༌ 29
17
ཨ༌ཧི༌ཐོ༌ཕེལ༌ལི༌ ཨབ༌ས༌ལོམ༌མ༌ ཟེརས༌,
“དི༌རིང༌ ཚན༌ལ༌ དཱ༌བིད༌ལ༌ རྡས༌ཏེ༌ ཁྱེར༌ཅེས༌ལ༌ ངའ༌ མག༌མི༌ 12,000 ལྡམ༌ཅུག༌།
2 ངལ༌ཏེ༌ སེམ༌ཤུག༌ ཆགས༌ཏེ༌ ཡོད༌ ཏུས༌ ངའེ༌ དཱ༌བིད༌ལ༌ སྤུང༌གོལ༌ ཅོ༌ཨིན༌།
ངའེ༌ ཁོང༌གུན༌ནི༌ཀ༌ ཇིགས༌ནང༌ཅན༌ནི༌ སྤུང༌གོལ༌ ཅོ༌ཨིན༌ ཏེ༌ནེ༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ མི༌ཚང༌མ༌ ཤོར༌ཏེ༌ ཆེན༌ ཡང༌ ངའེ༌ གྱལ༌པོ༌ ཅིག༌པོ༌ སད༌ཏེ༌
3 མི༌ཚང༌མ༌ ལོགས༌ཏེ༌ ཉེ༌རང༌ ཡོད༌ས༌ ཁྱོང༌ཨིན༌ ཀ༌ཟུག༌ ན༌མ༌ ཁོ༌རང༌ངི༌ མག༌པ༌ ཡོད༌ས༌ ལོགས༌ཏེ༌ ཡོང༌ངད༌།
ཉེ༌རང༌ངི༌ མི༌ ཅིག༌གི༌ སྲོག༌ ལེན༌ཅེས༌པོའེ༌ ཞས༌ཏེ༌ ཞན༌ མི༌ཚང༌མ༌ ལོགས༌ཏེ༌ ཉེ༌རང༌ ཆོགས༌ལ༌ ཡོང༌ཨིན༌།”
4 ཨབ༌ས༌ལོམ༌ དང༌ ཨིས༌ར༌ཨེལ༌ལི༌ འུ༌སྐྱོང༌ ཚང༌མ༌ལ༌ འི༌ ཐབས༌པོ༌ གྱལ༌ལ༌ ཚོར༌།
5 ཨིན༌ནའང༌ ཨབ༌ས༌ལོམ༌མི༌ ཟེརས༌,
“ཨར༌ཀ༌པ༌ ཧུ༌ཤཱའི༌ བོད༌ཏེ༌ ཁྱོང༌,
འི༌ སྐོར༌ལ༌ ཁོའེ༌ ཅི༌ ཟེར༌དུག༌ ང༌དང༌ངི༌ ལྟེན༌།”
6 ཧུ༌ཤཱའི༌ ལེབ༌བ༌ཅིག༌ ཨབ༌ས༌ལོམ༌མི༌ ཁོའ༌ ཟེརས༌,
“ཨ༌ཧི༌ཐོ༌ཕེལ༌ལི༌ འི༌ ལབ༌ཞ༌གུན༌ ཏངས༌ ང༌དང༌ངི༌ ཏེ༌གུན༌ ཅོ༌གོས༌ མ༌གོས༌,
ཀལ༌ཏེས༌ མ༌ཅོ༌ན༌ ཁྱོ༌རང༌ངི༌ ལབ༌ཞ༌ ཅི༌ ཏང༌ངད༌?”
7 ཧུ༌ཤཱའི༌ ཨབ༌ས༌ལོམ༌མ༌ ལན༌ཏངས༌,
“ཨ༌ཧི༌ཐོ༌ཕེལ༌ལི༌ ལབ༌ཞ༌ ཏང༌ཁན༌གུན༌ འི༌ལན༌ གྱལ༌ལ༌ མ༌ནོག༌།
8 ཉེ༌རང༌ངི༌ ཨ༌བ༌ དང༌ ཁོའེ༌ མག༌མི༌ ནོལ༌ཁན༌ ཁས༌པ༌གུན༌,
ཕྲུ༌གུ༌ ཀོགས༌ཏེ༌ ཁྱེར༌ཁན༌ནི༌ དྲེན༌མོ༌ ཙོགས༌ ཇིགས༌ནང༌ཅན༌ ཡོད༌ཁན༌བོ༌ ཉེ༌རང༌ང༌ གྱུས༌ ཨིན༌ནོག༌ མ༌ཚད༌ ཉེ༌རང༌ངི༌ ཨ༌བ༌ ཐོང༌ངོམས༌ཅན༌ནི༌ མག༌མི༌ཞིག༌ ཨིན༌ནོག༌ ཁོང༌ མག༌མི༌གུན༌ ཉམ༌པོ༌ ཚན༌ལ༌ མི༌དུག༌།
9 འི༌ ཏུས༌ ཁོ༌ བྲག༌ཕུགས༌ ཡ༌ ནས༌ས༌ སྟན༌པོའེ༌ ནང༌ང༌ ཨིབས༌ཏེ༌ ཡོད༌གྲོ༌།
ཀལ༌ཏེས༌ ཁོའེ༌ མི༌གུན༌ནི༌ ཉེ༌རང༌ངི༌ མག༌མི༌གུན༌ནི༌ཀ༌ སྤུང༌གོལ༌ ཅོས༌ཏེ༌ ཁ༌ཅིག༌ མ༌ནེ༌ མ༌སད༌ནའང༌ ཏེ༌བོ༌ ཚོར༌ཁན༌གུན༌ནི༌ དཱ༌བིད༌དི༌,
ཨབ༌ས༌ལོམ༌མི༌ མག༌མི༌ མང༌པོ༌ སད༌ཏོག༌ ཟེར༌ སྲིད༌ཅེས༌ ཨིན༌ནོག༌།
10 ཏེ༌ཟུག༌ ཆ༌ན༌ ནོལ༌ཁན༌ ཁས༌པའེ༌ མག༌མི༌,
སིང༌གེ༌ སྙིང༌ ཡོད༌ཁན༌གུན༌ནའང༌ ཇིགས༌ཏེ༌ དར༌ཨིན༌ ཅིའ༌ཟེར༌ན༌ ཉེ༌རང༌ངི༌ ཨ༌བ༌ ཐོང༌ངོམས༌ཅན༌ ནོལ༌ཁན༌ ཡང༌ ཁོའེ༌ མག༌མི༌གུན༌,
སེམས༌ཤུགས༌ཅན༌ ནོལ༌ཁན༌ ཨིན༌ཁན༌ ཨིས༌ར༌ཨེལ༌པ༌ ཚང༌མའ༌ གྱུས༌ཨིན༌ནོག༌།”
11 ངའེ༌ ལབ༌ཞ༌ ནི༌,
ཅང༌ ཆོགས༌སི༌ དཱན༌ནེ༌ ལྷོ༌ ཆོགས༌སི༌ བེར༌ཤེ༌བ༌ ཚོག༌པ༌,
ཚོའེ༌ ཐའ༌མའེ༌ པེ༌མ༌ ཙོགས༌ མང༌པོ༌ ཉེ༌རང༌ངི༌ ཨིས༌ར༌ཨེལ༌ལི༌ མག༌མི༌ ཚང༌མ༌ ཛོམ༌ཅུགས༌ཏེ༌ ཉེ༌རང༌ རང༌ངི༌ གོ༌ཁྲིད༌ ཛད༌ཏེ༌ ནོལ༌ལ༌ ཆ༌གོས༌།
12 དཱ༌བིད༌ ཡོད༌སའེ༌ ནས༌ས༌ གྱུས༌ཆའ༌ཅིག༌,
སའེ༌ཀ༌ ཟིལ༌པ༌ བབས༌ས༌ ཙོགས༌ལ༌ ཁོང༌གུན༌ནི༌ཀ༌ ང༌དང༌ བབས༌ཨིན༌།
ཏེ༌ནེ༌ ཁོ༌ དང༌ ཁོའེ༌ མི༌ ཅིག༌གའང༌ སོན༌ཏེའ༌ མི༌ལུས༌།
13 ཀལ༌ཏེས༌ དཱ༌བིད༌ གྱལ༌སའེ༌ ནང༌ང༌ ཤོར༌ན༌ ཏེ༌ནེ༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ ཐག༌པ༌ ཏགས༌ཏེ༌ གྱལ༌སའེ༌ རྩིག༌པ༌ ཁྲེས༌ཏོར༌ ཅོས༌ཏེ༌ རྡོའ༌ ཚང༌མ༌ ལུང༌པའེ༌ ནང༌ང༌ ཀྲུད༌ཏེ༌ ཁྱེར༌ཨིན༌།”
14 ཨབ༌ས༌ལོམ༌ དང༌ ཨིས༌ར༌ཨེལ༌ལི༌ མི༌ཚང༌མའེ༌ ཟེརས༌,
“ཧུ༌ཤཱའི༌ ལབ༌ཞ༌ ཨ༌ཧི༌ཐོ༌ཕེལ༌ལི༌ ལབ༌ཞའེ༌ སང༌ གྱལ༌ལ༌རག༌།”
ཡ༌ཝའེ༌ ཨབ༌ས༌ལོམ༌ མེད༌ཁན༌ ཛད༌ཅེས༌སི༌ ཕིའ༌ ཨ༌ཧི༌ཐོ༌ཕེལ༌ལི༌ ལབ༌ཞ༌ གྱལ༌ལ༌ ཨིན༌ནའང༌ ཕན༌མི༌ཐོགས༌ ཚོར༌ ཅུག༌ག༌ ཛད༌ཏེ༌ ཨིན༌པིན༌།
15 ཧུ༌ཤཱའི༌ བླ༌མ༌ ཟ༌དོག༌ དང༌ ཨ༌བིའ༌ཐར༌ལ༌ ཟེརས༌,
“ཨབ༌ས༌ལོམ༌ དང༌ ཨིས༌ར༌ཨེལ༌ལི༌ འུ༌སྐྱོང༌གུན༌ལ༌ ཨ༌ཧི༌ཐོ༌ཕེལ༌ལི༌ འི༌ ལབ༌ཞ༌ ཨིན༌ནའང༌ ངའེ༌ ཁོང༌གུན༌ལ༌ སོ༌སོ༌ ལབ༌ཞ༌ཞིག༌ ཏངས༌པིན༌།
16 ཏ༌ གྱོགས༌པ༌ ལོན༌ ཁྱེར༌ཁན༌ ཀལ༌ཏེ༌ དཱ༌བིད༌ལ༌ ཟེར༌,
‘ཡོར༌དཱན༌ ལྩངས༌པོ༌ རྒལ༌ ཉན༌སའེ༌ ཐང༌སྟོང༌ངི༌ ནང༌ང༌ ཚན༌ལ༌ མ༌དུག༌ག༌ ཏེ༌བོ༌ རྒལ༌ཏེ༌ སོང༌ ཏེ༌མན༌ན༌ གྱལ༌པོ༌ དང༌ ཁོང༌ངི༌ མི༌ ཚང༌མ༌ མེད༌ཁན༌ ཅོའ༌ནོག༌ ཅིའ༌ཟེར༌ན༌ ཨབ༌ས༌ལོམ༌ མག༌མི༌ ཁྲིད༌ཏེ༌ ཡོང༌དུག༌།’”
17 གྱལ༌སའེ༌ ནང༌ང༌ ཆེན༌ ཡོང༌ཨིན༌ མི༌ཐོང༌ཅེས༌ལ༌ བླ༌མ༌གུན༌ནི༌ བུ༌ཚ༌ ཡོ༌ན༌ཐན༌ དང༌ ཨ༌ཧི༌མཟ༌ ཡེ༌རུ༌ཤ༌ལེམ༌མི༌ ཕི༌ལོག༌ག༌ ཨེན༌ རོ༌གེལ༌ལི༌ ཆུ༌མིག༌ ཡོད༌ས༌ དུག༌གད༌པིན༌།
ཁོང༌གུན༌ལ༌ ལོན༌ ཁྱེར༌ཁན༌ ཡོག༌མོ༌ ཞིག༌ བོར༌ཏེ༌ ཡོད༌པིན༌ ཏེ༌ནེ༌ ཁོང༌གུན༌ནི༌ ཏེ༌ ལོན༌བོ༌ གྱལ༌པོ༌ དཱ༌བིད༌ལ༌ ཁྱེར༌རད༌པིན༌།
18 ཨིན༌ནའང༌ ཁྱོག༌ཏོང༌ ཞིག༌ག༌ ཁོང༌གུན༌ ཨེན༌ རོ༌གེལ༌ལི༌ ནང༌ང༌ དུག༌ཁན༌བོ༌ ཐོང༌ཏེ༌ ཨབ༌ས༌ལོམ༌མ༌ ཤདས༌།
ཏེ༌བོའེ༌ཕིའ༌ ཁོང༌གུན༌ གྱོགས༌པ༌ བ༌ཧུ༌རིམ༌ གྲོང༌ཁྱེར༌ལ༌ ཤོར༌ཏེ༌ སོང༌ ཏེ༌རུ༌ མི༌ཞིག༌གི༌ ཁོང༌གུན༌ ཁོ༌རང༌ངི༌ ནང༌སྐོར༌རི༌ ནང༌ང༌ ཡོད༌ཁན༌ ཆུ༌དོང༌ངི༌ ནང༌ཀུག༌ག༌ སྦས༌ཏེ༌ བོརས༌།
19 ཏེ༌ མིའི༌ ན༌མའེ༌ ཆུ༌དོང༌ངི༌ ཁའ༌ ཀབས༌ཏེ༌ ཏེ༌ཀ༌ ཉི༌མའ༌ སྐམ༌ ཅུག༌ཅེས༌ལ༌ གྲུ༌ ཏིངས༌ ཡང༌ ཁོང༌གུན༌ ཏེ༌རུ༌ ཡོད༌ཁན༌བོ༌ སུའང༌ གྱུས༌ མ༌སོང༌།
20 ཨབ༌ས༌ལོམ༌མི༌ མག༌མི༌གུན༌ ཏེ༌རུ༌ ལེབ༌བ༌ཅིག༌ བུ༌མོའ༌ ཏྲིས༌,
“ཨ༌ཧི༌མཟ༌ དང༌ ཡོ༌ན༌ཐན༌ ཀ༌རུ༌ སོང༌?”
བུ༌མོའེ༌ ལན༌ཏངས༌,
“ཁོང༌གུན༌ ཀྲོག༌པོ༌ རྒལ༌ཏེ༌ སོང༌།”
ཨབ༌ས༌ལོམ༌མི༌ མི༌གུན༌ནི༌ ཁོང༌གུན༌ ཙལས༌ ཨིན༌ནའང༌ མ༌ཐོབ༌པ༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སོང༌།
21 ཏེ༌ནེ༌ མག༌མི༌གུན༌ ཆ༌ ཚར༌ར༌ཅིག༌ ཨ༌ཧི༌མཟ༌ དང༌ ཡོ༌ན༌ཐན༌ ཆུ༌དོང༌ནེ༌ བིངས༌ཏེ༌ གྱལ༌པོ༌ དཱ༌བིད༌ ཡོད༌ས༌ སོང༌ཏེ༌ ཟེརས༌,
“གྱོགས༌པ༌ ཡོར༌དཱན༌ནི༌ ལྩངས༌པོ༌ རྒལ༌ཏེ༌ སྐྱོད༌ལེ༌ ཅིའ༌ཟེར༌ན༌ ཨ༌ཧི༌ཐོ༌ཕེལ༌ལི༌ ཨབ༌ས༌ལོམ༌མ༌ ཉེ༌རང༌ ཟུམས༌ཏེ༌ སད༌ཅེས༌སི༌ ལབ༌ཞ༌ ཏངས༌ཏེ༌ ཨིན༌ནོག༌།
22 ཏེ༌ནེ༌ དཱ༌བིད༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ མི༌ཚང༌མ༌ ཏེན༌ན༌ ཚན༌ལ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ སོང༌ ཡང༌ ནམ༌ལངས༌ ཟ༌ནེ༌ ཁོང༌ ཚང༌མ༌ ལྩངས༌པོ༌ རྒལ༌ ཚར༌།
23 ཨ༌ཧི༌ཐོ༌ཕེལ༌ལ༌ ཨབ༌ས༌ལོམ༌མི༌ ཁོའེ༌ ལབ༌ཞའ༌ ཁའ༌ མ༌ཉན༌ཁན༌བོ༌ ཧ༌གོའ༌ཅིག༌ ཁོའེ༌ བུང༌བུའ༌ གྱབ༌ཆ༌ སྟདས༌ ཡང༌ ཁོ༌རང༌ངི༌ གྲོང༌ཁྱེར༌ལ༌ ཁོ༌རང༌ངི༌ ཁང༌པའ༌ སོང༌།
ཁོའེ༌ ཁོ༌རང༌ངི༌ ནང༌ཚངས༌ལ༌ ནོར༌སྐལ༌ བགོ༌ཅེས༌སི༌ སྐོར༌ལ༌ ལབ༌ཞའ༌ ཏངས༌ཏེ༌ ཁོ༌ ཨོག༌སྐིལ༌ལི༌ག༌ ཞུགས༌།
ཁོ༌ ཏེ༌རུ༌ ཤི༌ ཡང༌ ཁོའེ༌ ནང༌ཚངས༌སི༌ སྤུར༌ཁང༌ངི༌ ནང༌ང༌ ཁོ༌ སུབས༌།
24 དཱ༌བིད༌ མ༌ཧ༌ནཱའིམ༌མ༌ ལེབ༌ ཡང༌ ཨབ༌ས༌ལོམ༌ ཨིས༌ར༌ཨེལ༌ལི༌ མག༌མི༌ ཚང༌མ༌ ཁྲིད༌ཏེ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ སོང༌།
25 ཨབ༌ས༌ལོམ༌མི༌ ཡོ༌འབ༌བི༌ ཚབས༌ལ༌ ཨ༌མ༌ས༌ ཁོ༌རང༌ངི༌ མག༌མི༌གུན༌ནི༌ སྤོན༌བོའ༌ སྐོས༌།
ཡེ༌ཐེར༌རི༌ བུ༌ཚ༌ ཨ༌མ༌སའེ༌ ན༌མ༌ ན༌ཧཤ༌ཤི༌ བུ༌མོ༌ ཨ༌བི༌གཱའིལ༌ ཨིན༌པིན༌།
ན༌ཧཤ༌ ཡོ༌འབ༌བི༌ ཨ༌མ༌ ཟེ༌རུའི༌འཧའེ༌ ནོ༌མོ༌ ཨིན༌པིན༌།
26 ཨབ༌ས༌ལོམ༌ དང༌ ཨིས༌ར༌ཨེལ༌པ༌ མག༌མི༌ གི༌ལེད༌དི༌ ནང༌ང༌ ཀུར༌ ཙུགས༌ཏེ༌ དུགས༌།
27 དཱ༌བིད༌ མ༌ཧ༌ནིའམ༌མ༌ ལེབ༌བ༌ཅིག༌,
ཏེ༌རུ༌ རབ༌བཧ༌ནེ༌ ཡོང༌ཁན༌ ཨེམ༌མོན༌པ༌ ན༌ཧཤ༌ཤི༌ བུ༌ཚ༌ ཤོ༌བི༌,
ལོ༌དེ༌བར༌པ༌ ཨམ༌མི༌འེལ༌ལི༌ བུ༌ཚ༌ མ༌ཀིར༌ ཡང༌ རོ༌གེ༌ལིམ༌ནེ༌ ཨིན༌ཁན༌ གི༌ལེད༌པ༌ བར༌ཟིལ༌ལཱའི༌,
28 ཁོང༌གུན༌ནི༌ ཉིད༌ལོག༌ཅེས༌སི༌ སྟན༌,
ཁར༌ཇི༌ སྐོལ༌ཅེས༌སི༌ ནོད༌,
སྒོར༌མོ༌,
ནས༌ དང༌ ཀྲོ༌,
ཕེ༌ དང༌ ཀྲོ༌ ངོས༌ཁན༌,
སྲན༌མ༌ དང༌ དལ༌,
29 རང༌རྩི༌,
མར༌,
ལུག༌,
ར༌མ༌ དང༌ ཆུར༌པེ༌ གུན༌ དཱ༌བིད༌ དང༌ ཁོའེ༌ མི༌གུན༌ལ༌ ཟའ༌ལ༌ ཁྱོངས༌ཏེ༌ ཟེརས༌,
“ཉེ༌ཞའ༌ ཚང༌མ༌ མ༌སྲན༌ཏྲེ༌ ངལ༌ཏེ༌ སྟོགས༌ཏེ༌ སྐོམས༌ཏེ༌ ཡོད༌གྲོ༌ ཅིའ༌ཟེར༌ན༌ ཉེ༌ཞ༌གུན༌ ཐང༌སྟོང༌ངི༌ ནང༌ང༌ ཏུས༌རིང༌མོ༌ གྲུལ༌ཏེ༌ ཨིན༌ནོག༌།”