ཨམ༌ནོན༌ དང༌ ཏ༌མར༌།
13:1 ནེ༌ 22
13
ཏ༌ དཱ༌བིད༌དི༌ བུ༌ཚ༌ ཨམ༌ནོན༌,
དཱ༌བིད༌དི༌ ཞན༌ བུ༌ཚ༌ ཨབ༌ས༌ལོམ༌མི༌ སྲིང༌མོ༌ ཏ༌མར༌རི༌ཀ༌ མ༌ སྲན༌ཏྲེ༌ ཐད༌ད༌པིན༌།
ཁོ༌ མ༌ ལྡེ༌མོ༌ བུ༌མོ༌ཞིག༌ ཡོད༌པིན༌།
2 ཏ༌མར༌ ལུས༌བྲེལ༌ མ༌ཆའ༌ཁན༌ནི༌ བུ༌མོ༌ཞིག༌ ཨིན༌ཅེས༌པའེ༌ ཁོའ༌ ཞན༌ བུ༌ཚ༌ ཉམ༌པོ༌ ཐུག༌ ཆོགས༌ས༌ མེད༌པིན༌ ཏེ༌བོའེ༌ ཞས༌ཏེ༌ ཨམ༌ནོན༌ལ༌ ཁྲག༌ལུང༌ངི༌ ནང༌ང༌ ཟུ༌མོ༌ ཡོངས༌།
3 ཏ༌ ཨམ༌ནོན༌ལ༌ ཡོ༌ན༌དབ༌ ཟེར༌ཁན༌ནི༌ ཛ༌འོ༌ མ༌ སྐྱོན༌ཇན༌ ཞིག༌ ཡོད༌པིན༌,
ཁོ༌ དཱ༌བིད༌དི༌ ཨ༌ཅོ༌ ཤམ༌མཧའེ༌ བུ༌ཚ༌ ཨིན༌པིན༌།
4 ཁོའེ༌ ཨམ༌ནོན༌ལ༌ ཟེརས༌,
“གྱལ༌པོའེ༌ བུ༌ཚ༌ ཁྱོ༌རང༌ ཞག༌ཏང༌ ང༌མོ༌ སེམས༌ སྐྱོ༌མོ༌ཅན༌ ཅིའ༌ ཨིན༌?
ང༌ ཤོད༌དའང༌ ཅི༌ སྐ༌ལས༌ རག༌?”
ཏེ༌ནེ༌ ཨམ༌ནོན༌ནི༌ ཁོའ༌ ཟེརས༌,
“ངའ༌ ཨབ༌ས༌ལོམ༌མི༌ སྲིང༌མོ༌ ཏ༌མར༌ལ༌ མ༌སྲན༌ཏྲེ༌ ཐད༌ད༌རག༌།”
5 ཡོ༌ན༌དབ༌བི༌ ཟེརས༌,
“མལ༌ཙེ༌ཀ༌ སོང༌ཏེ༌ ཟུ༌མོ༌ ཡོང༌ ཟུན༌ཏོང༌།
ཁྱོ༌རང༌ངི༌ ཨ༌བ༌ ཁྱོ༌རང༌ང༌ ཐུག༌ག༌ ཡོང༌ང༌ཅིག༌ ཁོང༌ང༌ ཟེར༌ ‘ཏ༌མར༌ལ༌ ངའེ༌ ཕིའ༌ ཁར༌ཇི༌ ཁྱོང༌ཅུག༌།
ཁོའ༌ ངའེ༌ དུན༌ལ༌ ཁར༌ཇི༌ སྐོལ༌ ཅུགས༌ཏེ༌ ཁོ༌རང༌ངི༌ ལག༌པ༌ ཉམ༌པོ༌ ངའ༌ སྟེར༌ ཅུག༌ག༌ ཛདས༌།”
6 ཏེ༌ནེ༌ ཨམ༌ནོན༌ མལ༌ཙེ༌ཀ༌ གྱེལ༌ཏེ༌ ཟུ༌མོ༌ ཡོང༌ ཟུན༌ཏངས༌ ཡང༌ གྱལ༌པོ༌ ཁོའ༌ ཐུག༌ག༌ལ༌ ཡོང༌ང༌ཅིག༌ ཁོའེ༌ ཟེརས༌,
“ཇུ༌ཇུ༌ ངའེ༌ སྲིང༌མོ༌ ཏ༌མར༌ ཡོངས༌ཏེ༌ ངའེ༌ དུན༌ལ༌ ང༌ ཐད༌ཁན༌ནི༌ ཁར༌ཇི༌ སྐོལ༌ ཅུག༌ག༌ ཛད༌།
ཏེ༌ནེ༌ ང༌ ཁོའེ༌ ལག༌ནེ༌ ཏེ༌བོ༌ ཟེན༌།”
7 དཱ༌བིད༌དི༌ ཏ༌མར༌ལ༌ ལོན༌ ཀལས༌,
“ཁྱོ༌རང༌ངི༌ ཨ༌ཅོ༌ ཨམ༌ནོན༌ནི༌ ཁང༌པ༌ སོང༌ཏེ༌ ཁོའེ༌ ཕིའ༌ ཁར༌ཇི༌ སྐོལ༌།”
8 ཏ༌མར༌ ཨམ༌ནོན༌ནི༌ ཁང༌པ༌ སོང༌ཏེ༌ ཁོའེ༌ དུན༌ལ༌ པག༌པའེ༌ རུས༌ཏེ༌ ཏ༌གི༌ སྲགས༌།
9 ཏེ༌ནེ༌ ཏ༌མར༌རི༌ ཁོའེ༌ དུན༌ལ༌ ཁར༌ཇི༌ ཁྱེར༌ར༌ཅིག༌ ཁོ༌ མ༌ཟོས༌།
ཁོའེ༌ ཁོ༌རང༌ངི༌ ཡོག༌པོ༌ ཚང༌མ༌ ཟེརས༌,
“འི༌ཀ༌ནེ༌ སོང༌ཤིག༌།”
ཁོང༌ ཚང༌མ༌ སོང༌།
10 ཏེ༌ནེ༌ ཁོའེ༌ ཏ༌མར༌ལ༌ ཟེརས༌,
“ཁར༌ཇི༌ ང༌ ཉིད༌ལོག༌སའེ༌ ནང༌ང༌ ཁྱོངས༌ཏེ༌ ངའ༌ སྟེར༌།”
ཏེ༌ནེ༌ ཏ༌མར༌རི༌ ཟན༌ སྐོལ༌ཁན༌བོ༌ ཁོའེ༌ ཨ༌ཅོ༌ ཨམ༌ནོན༌ ཉིད༌ལོག༌སའེ༌ ནང༌ང༌ ཁྱེརས༌།
11 ཨིན༌ནའང༌ ཁོའ༌ ཟན༌ སྟེར༌ཅེས༌ ཅོའ༌ཅིག༌ ཁོའེ༌ ཁོ༌ ཟུམས༌ཏེ༌ ཟེརས༌,
“ང༌ ཉམ༌པོ༌ མལ༌ཙེ༌ ནང༌ང༌ ཡོང༌།”
12 ཁོའེ༌ ཟེརས༌,
“ངའེ༌ ཨ༌ཅོ༌,
མན༌།
ཝང༌ ཏངས༌ཏེ༌ ང༌ ཉམ༌པོ༌ ཏེ༌ ཙོགས༌ ལས༌ ངན༌པ༌ མ༌ཅོ༌།
འི༌ཙོགས༌ ལས༌ ངན༌པ༌ ཨིས༌ར༌ཨེལ༌ལི༌ ནང༌ང༌ མན༌ནེ༌ ཅོ༌ མ༌གོས༌།
13 འི༌ ཁྲེལ༌བ༌བོ༌ ངའེ༌ ཀ༌ཟུག༌གི༌ མེད༌ཁན༌ ཅོ༌ཨིན༌ ཡང༌ ཉེ༌རང༌ ཨིས༌ར༌ཨེལ༌ལི༌ ནང༌ང༌ ངན༌པ༌ བུང༌བུ༌ ཙོགས༌ གྱུར༌ཨིན༌།
ཇུ༌ཇུ༌ གྱལ༌པོའ༌ སྤེ༌ར༌ སལ༌ ཁོང༌ངི༌ ང༌ ཉེ༌རང༌ ཉམ༌པོ༌ བག༌སྟོན༌ ཅོ༌ཅུག༌ཅེས༌ལ༌ གོངས༌པ༌ སལ༌ཨིན༌།”
14 ཨིན༌ནའང༌ ཨམ༌ནོན༌ནི༌ ཁོའེ༌ ཟེར༌ཁན༌ལ༌ མ༌ཉནས༌ ཡང༌ ཁོ༌ བུ༌མོའེ༌ སང༌ ཤེད༌ཅན༌ ཡོད༌ པ༌སང༌ ཁོའེ༌ ཝང༌ ཏངས༌ཏེ༌ ཁོ༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌།
15 ཏེ༌ སྟིང༌ནེ༌ ཨམ༌ནོན༌ ཁོའེ༌ཀ༌ ཁམ༌ལོགས༌ ཡང༌ ཐད༌ཁན༌བོའེ༌ སང༌ མང༌ང༌ ཁོའེ༌ ཏ༌མར༌ལ༌ ནཕ༌རད༌ ཅོས༌།
ཁོའེ༌ ཟེརས༌,
“འི༌ཀ༌ནེ༌ བིང༌ཏེ༌ སོང༌།”
16 བུ༌མོའེ༌ ཟེརས༌,
“མན༌།
ང༌ ཕིང༌ཏེ༌ ཏང༌ཅེས༌པོ༌,
ཁྱོ༌རང༌ངི༌ ང༌ ཅོས༌ཁན༌བོ༌ སང༌ མང༌ང༌ ཚོག༌པོ༌ ཨིན༌ནོག༌།”
ཨིན༌ནའང༌ ཨམ༌ནོན༌ནི༌ ཁོའེ༌ ཟེར༌ཁན༌བོའ༌ མ༌ཉནས༌།
17 ཁོའེ༌ ཁོ༌རང༌ངི༌ ཡོག༌པོ༌ བོད༌ཏེ༌ ཟེརས༌,
“འི༌ བུ༌མོ༌ ཕི༌ལོག༌ག༌ ཕིངས༌ཏེ༌ སྒོའ༌ པི༌ཀྱོག༌ ཅུག༌།”
18 ཏེ༌ནེ༌ ཡོག༌པོའེ༌ བུ༌མོ༌ ཕི༌ལོག༌ག༌ ཕིངས༌ ཡང༌ སྒོ༌ སྟན༌པོ༌ ཅོས༌ཏེ༌ ཅུགས༌།
ཏེ༌ཏུས༌,
ལུས༌བྲེལ༌ མ༌ནེ༌ མ༌ཆའ༌ཁན༌ནི༌ གྱལ༌པོའེ༌ བུ༌མོ༌གུན༌ གོན༌ཁན༌ ཀོས༌ལག༌ རིན༌ཅན༌ ལྡེ༌མོ༌ ཁོ༌ གོན༌ཏེ༌ ཡོད༌པིན༌།
19 ཨིན༌ནའང༌ ཏ༌མར༌རི༌ ཁོ༌རང༌ངི༌ ཀོས༌ལག༌ ཅད༌ཏེ༌ གོའེ༌ཀ༌ ཀོག༌ཐལ༌ གོནས༌ ཡང༌ ཁོ༌རང༌ངི༌ ལྡོང༌ང༌ ལག༌པ༌ ཀབས༌ཏེ༌ ངུ༌ཨིན༌ སོང༌།
20 ཁོའེ༌ མིང༌བོ༌ ཨབ༌ས༌ལོམ༌མི༌ ཁོ༌ ཐོང༌ཏེ༌ ཟེརས༌,
“ཨམ༌ནོན༌ནི༌ ཁྱོ༌རང༌ང༌ ཝང༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌ས༌?
ཏ༌ དག༌ས༌ ཅུབ༌ཅད༌ཏེ༌ དུག༌ ཡང༌ སྲོ༌ ཡོངས༌ཏེ༌ ཁྲག༌ལུང༌ མ༌ཅོ༌ ཅིའ༌ཟེར༌ན༌ ཁོ༌ ཁྱོ༌རང༌ངི༌ མིང༌བོ༌ ཨིན༌ནོག༌།”
ཏེ༌བོའེ༌ཕིའ༌ ཏ༌མར༌ རྡུག༌པོ༌ སྲན༌ཏྲེ༌ ནང༌ང༌ ཅིག༌པོ༌ ཁོ༌རང༌ངི༌ མིང༌བོ༌ ཨབ༌ས༌ལོམ༌མི༌ ཁང༌པ༌ དུགས༌།
21 ཏེ༌ ཇུང༌ཁན༌ ཚང༌མ༌ གྱལ༌པོ༌ དཱ༌བིད༌དི༌ ཚོར༌ར༌ཅིག༌ ཁོའ༌ མ༌སྲན༌ཏྲེ༌ སྲོ༌ ཡོངས༌།
22 ཨབ༌ས༌ལོམ༌མི༌ ཨམ༌ནོན༌ན༌ སྤེ༌ར༌ ངན༌པ༌ ཡ༌ ཟང༌པོ༌ ཅིག༌གའང༌ མ༌ཟེརས༌ ཨིན༌ནའང༌ ཁོའེ༌ སྲིང༌མོ༌ ཉམ༌པོ༌ ཅོ༌ཁན༌བོའེ༌ ཞས༌ཏེ༌ ཁོའེ༌ ཨམ༌ནོན༌ལ༌ སྙིང༌ནེ༌ ནཕ༌རད༌ ཅོའད༌པིན༌།
ཨབ༌ས༌ལོམ༌མི༌ ཨམ༌ནོན༌ སདས༌།
13:23 ནེ༌ 39
23 ལོ༌ ཉིས༌སི༌ སྟིང༌ནེ༌ ཨེཕ༌ར༌ཡིམ༌ གྲོང༌ཁྱེར༌རི༌ ཉེ༌མོའ༌ བའལ༌ ཧ༌ཟོར༌རི༌ ནང༌ང༌ ཨབ༌ས༌ལོམ༌མི༌ ཡ༌ཏོ༌གུན༌ནི༌ ལུག༌གི༌ བལ༌བྲག༌ ཟ༌ནེ༌ ཁོའེ༌ གྱལ༌པོའེ༌ བུ༌ཚ༌ ཚང༌མ༌ གྲོན༌ལ༌ བོདས༌།
24 ཁོ༌ གྱལ༌པོ༌ ཡོད༌ས༌ སོང༌ ཡང༌ ཟེརས༌,
“ངའེ༌ ལུག༌གུན༌ནི༌ བལ༌ བྲག༌ཁན༌གུན༌ བོད༌ཏེ༌ ཡོད༌།
ཇུ༌ཇུ༌ གྱལ༌པོ༌ དང༌ ཉེ༌རང༌ངི༌ གོ༌སྐྱོང༌གུན༌ ང༌ཞའ༌ ཉམ༌པོ༌ འི༌ གའ༌སྟོན༌ནི༌ ནང༌ང༌ ཐུས༌ས༌ སྐྱོད༌།”
25 གྱལ༌པོའེ༌ ལན༌ཏངས༌,
“མན༌ ངའེ༌ བུ༌ཚ༌,
ཀལ༌ཏེས༌ ང༌ཞའ༌ ཚང༌མ༌ ཡོང༌ན༌ ཁྱོ༌རང༌ང༌ ལྕིད༌ སྲན༌ཏྲེ༌ ཕོག༌ ཨིན༌།”
ཨབ༌ས༌ལོམ༌མི༌ གྱལ༌པོའ༌ འུ༌ཙུག༌ ཏང༌ནའང༌ ཁོ༌ མ༌ཡོངས༌ ཨིན༌ནའང༌ ཁོའེ༌ ཨབ༌ས༌ལོམ༌མ༌ ཁོ༌རང༌ངི༌ ཅིན༌ལབས༌ ཏངས༌།
26 ཨབ༌ས༌ལོམ༌མི༌ ཟེརས༌,
“ཀལ༌ཏེས༌ ཉེ༌རང༌ མ༌སྐྱོད༌ན༌ ངའེ༌ ཨ༌ཅོ༌ ཨམ༌ནོན༌ ང༌ཞའ༌ ཉམ༌པོ༌ ཀལ༌ལ༌ ཛད༌།”
གྱལ༌པོའེ༌ ཏྲིས༌,
“ཅི༌ཕིའ༌ ཨམ༌ནོན༌ ཁྱོ༌རང༌ ཉམ༌པོ༌ ཡོང༌གོས༌?”
27 ཨིན༌ནའང༌ ཨབ༌ས༌ལོམ༌མི༌ གྱལ༌པོའེ༌ ཨམ༌ནོན༌ དང༌ ཞན༌ བུ༌ཚ༌གུན༌ ཀལ༌ཀལ༌ ཚག༌པ༌ ཞུ༌ཝ༌ ཕུལ༌ཨིན༌ དུགས༌།
ཏེ༌ནེ༌ ཨབ༌ས༌ལོམ༌མི༌ གྱལ༌པོའེ༌ དོན༌ཏང༌ ཙོགས༌ གྱས༌པ༌ གྲལ༌གྲིག༌ ཅོས༌།
28 ཨབ༌ས༌ལོམ༌མི༌ ཁོ༌རང༌ངི༌ མི༌གུན༌ལ༌ ཟེརས༌,
“ཨམ༌ནོན༌ ར༌ སྲན༌ཏྲེ༌ རོས༌ཏེ༌ ངའེ༌ བཀའ༌ ཏང༌ང༌ཅིག༌ ཁོ༌ སོད༌།
ཇིགས༌ མ༌ཇིགས༌,
ཁྱོ༌ཞའ༌ བཀའ༌ ཏང༌ཁན༌བོ༌ ང༌ མ༌ནོག༌ག༌?
སེམས༌ཤུགས༌ དང༌ སྟོབས༌ ཉམ༌པོ༌ ཏེ༌བོ༌ ཅོས༌།”
29 ཏེ༌བོའེ༌ཕིའ༌ ཨབ༌ས༌ལོམ༌མི༌ བཀའ༌ ནང༌ཞིན༌ ཁོང༌གུན༌ནི༌ ཨམ༌ནོན༌ སད༌ ཡང༌ གྱལ༌པོའེ༌ ཞན༌ བུ༌ཚ༌ ཚང༌མ༌ ཁོ༌རང༌གུན༌ནི༌ དྲི༌གུའེ༌ཀ༌ ཞོན༌ཏེ༌ ཤོར༌།
30 ཁོང༌གུན༌ ལོགས༌ཏེ༌ ཡེ༌རུ༌ཤ༌ལེམ༌མ༌ ཡོང༌ཨིན༌ ཡོད༌ ཟ༌ནེ༌ གྱལ༌པོ༌ དཱ༌བིད༌ལ༌,
“ཨབ༌ས༌ལོམ༌མི༌ གྱལ༌པོའེ༌ བུ༌ཚ༌ ཚང༌མ༌ སད༌ཏོག༌,
ཅིག༌གའང༌ སོན༌ཏེའ༌ མ༌ བོར༌ཏོག༌” ཟེར༌ཏེ༌ ལོན༌ ཁྱོངས༌།
31 གྱལ༌པོ༌ ལངས༌ཏེ༌ ཁོ༌རང༌ངི༌ ཀོས༌ལག༌ ཅདས༌ ཡང༌ སའེ༌ཀ༌ གྱེལ༌།
ཁོ༌ ཉམ༌པོ༌ ཡོད༌ཁན༌ གོ༌སྐྱོང༌ ཚང༌མེའང༌ ཁོ༌རང༌གུན༌ནི༌ ཀོས༌ལག༌ ཅདས༌།
32 ཨིན༌ནའང༌ ཏེན༌ན༌ ཏུས༌ དཱ༌བིད༌དི༌ ཨ༌ཅོ༌ ཤམ༌མཧའེ༌ བུ༌ཚ༌ ཡོ༌ན༌དབ༌བི༌ ཟེརས༌,
“གྱལ༌པོའེ༌ བུ༌ཚ༌ ཨམ༌ནོན༌ ཅིག༌པོ༌ མན༌ནེ༌ ཞན༌ ཚང༌མ༌ མ༌སད༌ཏོག༌།
ཨབ༌ས༌ལོམ༌མི༌ སྲིང༌མོ༌ ཏ༌མར༌ལ༌ ཨམ༌ནོན༌ནི༌ ཝང༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌པ༌ནེ༌ ཕར༌ལ༌ ཁོའེ༌ འི༌ ཅུས༌ངན༌བོ༌ ལྡིངས༌ཏེ༌ ཨིན༌པིན༌།
33 ངའེ༌ སྤོན༌བོ༌ གྱལ༌པོ༌,
ཚོར༌ཁན༌ནི༌ ལོན༌བོའེ༌ སྐོར༌ལ༌ ཚེར༌ཁའ༌ མ༌ཛད༌།
ཨམ༌ནོན༌ ཅིག༌པོ༌ མན༌ནེ༌ ཉེ༌རང༌ངི༌ ཞན༌ བུ༌ཚ༌ ཚང༌མ༌ སོན༌ཏེའ༌ ཡོད༌ཏེ༌ ཨིན༌ནོག༌།”
34 ཏེན༌ན༌ ཏུས༌ ཨབ༌ས༌ལོམ༌ ཤོར༌ཏེ༌ སོང༌།
ཏེ༌ནེ༌ ཡེ༌རུ༌ཤ༌ལེམ༌མི༌ རྩིག༌པའེ༌ཀ༌ ལྟའ༌ལ༌ དུགས༌ཏེ༌ ཡོད༌ཁན༌བོའ༌ ནུབ༌ ཆོགས༌སི༌ རི༌ བབས༌ཏེ༌ ལམ༌ ཆོགས༌ལ༌ མི༌ མང༌པོ༌ ཞིག༌ ཡོང༌ཨིན༌ ཐོང༌།
ཁོ༌ བང༌ཏངས༌ཏེ༌ སོང༌ ཡང༌ གྱལ༌པོའ༌ ཤདས༌,
“ངའེ༌ ཧོ༌རོ༌ན༌འེམ༌ ཆོགས༌ནེ༌ མི༌མང༌པོ༌ ཞིག༌ རི༌ ལམ༌ནེ༌ བབས༌ཏེ༌ ཡོང༌ཨིན༌ ཐོང༌།”
35 ཡོ༌ན༌དབ༌བི༌ གྱལ༌པོའ༌ ཟེརས༌,
“ཟིགས༌སའང༌,
ངའེ༌ ཟེར༌ཁན༌ ནང༌ཞིན༌ ཉེ༌རང༌ངི༌ བུ༌ཚ༌གུན༌ ཡོང༌ང༌ལ༌།”
36 ཏེ༌གུན༌ ཟེར༌ ཚར༌ར༌ཅིག༌ ཁོའེ༌ བུ༌ཚ༌གུན༌ ངུ༌ཨིན༌ཞིག༌ ཏེ༌ཀ༌ ལེབ༌ ཡང༌ ཁོང༌གུན༌ ཉམ༌པོ༌ གྱལ༌པོ༌ དང༌ ཁོའེ༌ གོ༌སྐྱོང༌ ཚང༌མ༌ མ༌སྲན༌ཏྲེ༌ ངུས༌།
37 ཡང༌ དཱ༌བིད༌དི༌ ཞག༌ མང༌པོ༌ ཁོ༌རང༌ངི༌ བུ༌ཚ༌ ཨམ༌ནོན༌ནི༌ ཕིའ༌ ཉ༌ངན༌ ཅོས༌།
ཨམ༌མི༌ཧུད༌དི༌ བུ༌ཚ༌ གེ༌ཤུར༌རི༌ གྱལ༌པོ༌ ཏལ༌མཱའི༌ ཡོད༌ས༌ ཨབ༌ས༌ལོམ༌ ཤོར༌ཏེ༌ སོང༌།
38 ཁོ༌ གེ༌ཤུར༌ལ༌ ལོ༌ སུམ༌ དུགས༌།
39 ཏ༌ གྱལ༌པོ༌ དཱ༌བིད༌ ཨམ༌ནོན༌ ཤི༌ཁན༌ནི༌ རྡུག༌པོ༌ སངས༌ཏེ༌ ཁོ༌རང༌ངི༌ བུ༌ཚ༌ ཨབ༌ས༌ལོམ༌ ཐོང༌ཅེས༌ལ༌ དོད༌པ༌ སྲན༌ཏྲེ༌ སྐྱེས༌།