ན༌ཐན༌ནི༌ དཱ༌བིད༌ལ༌ ཁའ༌ སྐྱེས༌།
12:1 ནེ༌ 31
12
ཡ༌ཝའེ༌ ལུང༌སྟོན༌པ༌ ན༌ཐན༌ དཱ༌བིད༌དི༌ཀ༌ ལམ༌ ཅུགས༌།
ན༌ཐན༌ནི༌ དཱ༌བིད༌ལ༌ འི༌ རུངས༌པོ༌ ཤདས༌,
“གྲོང༌ཁྱེར༌ ཞིག༌གི༌ ནང༌ང༌ མི༌ ཉིས༌ ཡོད༌པིན༌,
ཅིག༌པོ༌ ཆུག༌པོ༌ ཡང༌ ཅིག༌པོ༌ ཉལ༌བ༌ཅན༌།
2 མི༌ ཆུག༌པོའ༌ ལུག༌ དང༌ བ༌ལང༌ མང༌པོ༌ ཡོད༌པིན༌,
3 ཨིན༌ནའང༌ མི༌ ཉལ༌བ༌ཅན༌བོའ༌ ཉོས༌ཁན༌ནི༌ ལུ༌གུ༌ ཆུ༌ངུན༌ ཅིག༌ མ༌ནེ༌ ཡང༌ ཅའང༌ མེད༌པིན༌།
ཁོའེ༌ ཏེ༌ ལུ༌གུའི༌ སྟ༌སྟོག༌ ཅོས༌ ཡང༌ ཁོ༌རང༌ངི༌ ཕྲུ༌གུ༌གུན༌ ཉམ༌པོ༌ ལྡན༌།
ལུ༌གུའི༌ ཁོའེ༌ ཐལ༌ལི༌ ཀ༌ནེ༌ ཟའད༌པིན༌,
ཁོའེ༌ ཀོ༌རེ༌ ནང༌ནེ༌ ཐུང༌ངད༌པིན༌ ཡང༌ ཁོ༌རང༌ངི༌ བུ༌མོ༌ ཙོགས༌ལ༌ ཁོའེ༌ པང༌ངི༌ཀ༌ ཉིད༌ ཏང༌ངད༌པིན༌།
4 ཞག༌ཤིག༌ མི༌ ཆུག༌པོའི༌ ཁང༌པ༌ གྲོན༌པོ༌ཞིག༌ ཡོངས༌,
ཁོའེ༌ ཁོ༌རང༌ངི༌ ལུག༌ ཡ༌ བ༌ལང༌ངི༌ ཁྱུའི༌ ནང༌ནེ༌ ཅིག༌གའང༌ མ༌སད༌ད༌ ཉལ༌བ༌ཅན༌ནི༌ ལུ༌གུ༌བོ༌ སད༌ཏེ༌ གྲོན༌པོའ༌ ཁར༌ཇི༌ གྲལ༌གྲིག༌ ཅོས༌།”
5 དཱ༌བིད༌ལ༌ ཏེ༌ མི༌བོའེ༌ཀ༌ སྲན༌ཏྲེ༌ སྲོ༌ ཡོངས༌ཏེ༌ ཟེརས༌,
“ཡ༌ཝའེ༌ ཚན༌ནི༌ ནང༌ང༌ ཏེ༌ཟུག༌ ཅོ༌ཁན༌ནི༌ མི༌བོའ༌ ཤི༌ཅེས༌སི༌ ཆད༌པ༌ ཕོག༌ཤིག༌།
6 ཏེ༌ཟུག༌ ངན༌པ༌ ལས༌ དང༌ སྙིང༌རྗེ༌ མི༌སྟན༌ཅེས༌ལ༌ ཁོའེ༌ ཏེ༌ མི༌བོའ༌ ལུ༌གུའི༌ ཚབས༌ ཞི༌ལྡབ༌ ཏང༌གོས༌།”
7 ཏེ༌ནེ༌ ན༌ཐན༌ནི༌ དཱ༌བིད༌ལ༌ ཟེརས༌,
“ཉེ༌རང༌ ཏེན༌ན༌ མི༌བོ༌ ཨིན༌།
ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌ མོལས༌,
‘ངའེ༌ ཁྱོ༌རང༌ ས༌འུལ༌ལི༌ ཀ༌ནེ༌ སྐྱོབས༌ཏེ༌ ཨིས༌ར༌ཨེལ༌ལི༌ གྱལ༌པོའ༌ ལྡམས༌པིན༌།
8 ངའེ༌ ཁྱོ༌རང༌ངི༌ སྤོན༌བོའེ༌ གྱལ༌སྲིད༌ ཨིས༌ར༌ཨེལ༌ དང༌ ཡ༌ཧུ༌དཱ༌ ཡང༌ ཁོའེ༌ ན༌མ༌གུན༌ ཁྱོ༌རང༌ང༌ ཏངས༌པིན༌།
ཏེ༌གུན༌ ཉུ༌ངུན༌ ཆའད༌པིན༌ན༌ ངའེ༌ ཁྱོ༌རང༌ང༌ ཏ༌རུང༌ མང༌ང༌ ཏངས༌ཏེ༌ ཡོད༌གྲོ༌།
9 ཏེ༌ནེ༌ ཅིའ༌ ཡ༌ཝའེ༌ བཀའ༌རྒྱ༌ ཁམ༌ལོགས༌ཏེ༌ ཁྱོ༌རང༌ངི༌ ཏེ༌ཟུག༌ ལས༌ངན༌ ཅོས༌པིན༌?
ཁྱོ༌རང༌ངི༌ ཨེམ༌མོན༌པ༌གུན༌ནི༌ ར༌འི༌ ཉམ༌པོ༌ ཧེད༌པ༌ ཨུ༌རི༌ཡཱཧ༌ སད༌ཅུགས༌ཏེ༌ ཁོའེ༌ ན༌མ༌ རང༌ངི༌ ཕིའ༌ ཁྱེརས༌།
10 ཏ༌ ཏེན༌ན༌བོའེ༌ཕིའ༌ ཁྱོ༌རང༌ངི༌ ནང༌མི༌གུན༌ ར༌འི༌ ཉམ༌པོ༌ སད༌ཨིན༌ ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ ངའེ༌ བཀའ༌རྒྱ༌ སྣང༌ང༌ མ༌ཏང༌ང༌ ཨུ༌རི༌ཡཱཧའེ༌ ན༌མ༌ རང༌ངི༌ ན༌མ༌ ཅོ༌ཅེས༌ལ༌ ཁྱོངས༌།’”
11 “འི༌བོ༌ ཡ༌ཝའེ༌ མོལས༌,
‘ངའེ༌ ཁྱོ༌རང༌རང༌ངི༌ ནང༌མི༌ གྱུད༌ཏེ༌ ཁྱོ༌རང༌ངི༌ ནང༌ཚངས༌སི༌ཀ༌ རྡུག༌ངལ༌ ཁྱོང༌ཨིན༌།
ངའེ༌ ཁྱོ༌རང༌ངི༌ མིག༌གི༌ དུན༌ལ༌ ཁྱོ༌རང༌ངི༌ ན༌མ༌གུན༌ ཞན༌མ༌ ཏང༌ཨིན༌ ཡང༌ ཁོང༌གུན༌ནི༌ ཉི༌མའེ༌ འོད༌དི༌ ནང༌ང༌ ཁོང༌གུན༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཨིན༌།
12 ཁྱོ༌རང༌ངི༌ ཏེ༌བོ༌ སང༌ཝའེ༌ ནང༌ང༌ ཅོས༌ ཨིན༌ནའང༌ ངའེ༌ འི༌བོ༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ དུན༌ལ༌ ཉི༌མའེ༌ འོད༌དི༌ ནང༌ང༌ ཅོ༌ཅུག༌ཨིན༌།’”
13 ཏེ༌ནེ༌ དཱ༌བིད༌དི༌ ན༌ཐན༌ལ༌ ཟེརས༌,
“ངའེ༌ ཡ༌ཝའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོས༌ཏེ༌ ཨིན༌ནོག༌།”
ན༌ཐན༌ནི༌ ལན༌ཏངས༌,
“ཁྱོ༌རང༌ངི༌ སྡིག༌པ༌ ཡ༌ཝའེ༌ ཤགས༌པ༌ སལ༌ལ༌ ཛད༌ཏེ༌ ཁྱོ༌རང༌ སད༌ད༌ མི༌ཛད༌
14 ཏེ༌ཟུག༌ ཅོས༌ཏེ༌ ཁྱོ༌རང༌ངི༌ ཡ༌ཝའ༌ རིན༌མེད༌ ཐེས༌ པ༌སང༌ ཁྱོ༌རང༌ངི༌ ཕྲུ༌གུ༌ ཤི༌ཨིན༌།”
15 ན༌ཐན༌ ཁང༌པ༌ ལོགས༌ཏེ༌ སོང༌ ཡང༌ ཡ༌ཝའེ༌ དཱ༌བིད༌ལ༌ ཨུ༌རི༌ཡཱཧའེ༌ ན༌མ༌ གྱུད༌ཏེ༌ སྐྱེ༌ཁན༌ནི༌ ཕྲུ༌གུའ༌ ཟུ༌མོ༌ སྲན༌ཏྲེ༌ ཡོང༌ ཅུག༌ག༌ ཛདས༌།
16 དཱ༌བིད༌དི༌ དཀོན༌མཆོག༌ག༌ སྙིང༌ཐག༌པ༌ནེ༌ ཅོལ༌ཏེ༌ ཇུ༌ཇུ༌ ཞུ༌ཨིན༌ ཕྲུ༌གུ༌ སྐྱོབ༌བ༌ ཛད༌ཅེས༌ལ༌ ཞུ༌ཝ༌ ཕུལས༌།
ཁོ༌ ཟན༌ མ༌ཟའ༌ སྟོག༌རིའ༌ ཚན༌ གང༌པོ༌ སའེ༌ཀ༌ ཉལ༌ཏེ༌ དུགས༌།
17 དཱ༌བིད༌དི༌ ཁག༌ཅན༌ འུ༌སྐྱོང༌གུན༌ནི༌ ཁོའ༌ ལངས༌ཏེ༌ ཟན༌ ཟའ༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ཨིན༌ དུགས༌ ཨིན༌ནའང༌ ཁོ༌ ཁོང༌གུན༌ ཉམ༌པོ༌ ཟན༌ཟའ༌ལ༌ མ༌ ལངས༌།
18 ཏེ༌ནེ༌ ཞག༌ རྡུན༌པའེ༌ ཞག༌ག༌ ཕྲུ༌གུ༌ ཤི༌།
དཱ༌བིད༌དི༌ འུ༌སྐྱོང༌གུན༌ ཁོའ༌ ཤད༌ད༌ལ༌ ཇིགས༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ སམ༌,
“ཕྲུ༌གུ༌ སོན༌ཏེའ༌ ཡོང༌ ཟ༌ནེ༌ ཁོའེ༌ ང༌དང༌ངི༌ ཞུ༌ཝའ༌ ཁའ༌ མ༌ཉནས༌,
ཏ༌ ཀ༌ཟུག༌གི༌ ཁོའ༌ ཕྲུ༌གུ༌ ཤི༌ ཟེར༌ཏེ༌ ཤད༌ཨིན༌?
ཁོའེ༌ ཁོ༌རང༌ང༌ ནོད༌པ༌ སྐྱལ༌ སྲིད༌ཅེས༌ ཨིན༌ནོག༌།”
19 དཱ༌བིད༌ལ༌ ཁོང༌གུན༌ནི༌ ཤབ༌ཤུབ༌ ཏང༌ང༌ལ༌ ཐོང༌ང༌ཅིག༌ ཁོའ༌ ཕྲུ༌གུ༌ ཤི༌ཁན༌བོ༌ ཧ༌གོ༌།
ཁོའེ༌ “ཕྲུ༌གུ༌ ཤི༌ཏོག༌ག༌?”
ཟེར༌ཏེ༌ ཏྲིས༌།
ཁོང༌གུན༌ནི༌ ལན༌ཏངས༌,
“ཕྲུ༌གུ༌ ཤི༌ཏོག༌ ལེ༌།”
20 ཏེ༌ནེ༌ དཱ༌བིད༌ སའེ༌ ཀ༌ནེ༌ ལངས༌,
ཆུའ༌ ཞུགས༌ཏེ༌ མར༌ སྐུས༌ ཡང༌ ཀོས༌ལག༌ སྤོས༌ཏེ༌ ཏམ༌པའེ༌ ཀུར༌རི༌ ནང༌ང༌ ཡ༌ཝའེ༌ སྐུན༌དུན༌ལ༌ སོང༌ཏེ༌ ཁོང༌ང༌ ཅོལས༌།
སྟིང༌ནེ༌ ཁར༌ལ༌ ལོགས༌ཏེ༌ ཡོངས༌ ཡང༌ ཁར༌ཇི༌ ཁྱོང༌ཅེས༌ལ༌ བཀའ༌ ཏངས༌ཏེ༌ ཁོ༌ ཁར༌ཇི༌ ཟོས༌།
21 ཁོའེ༌ འུ༌སྐྱོང༌གུན༌ ཧ༌ལས༌ཏེ༌ ཟེརས༌,
“ཉེ༌རང༌ངི༌ ཛད༌ཁན༌བོ༌ ང༌ཞའ༌ ཧ༌མ༌གོ༌།
ཕྲུ༌གུ༌ སོན༌ཏེའ༌ ཡོད༌ ཟ༌ནེ༌ ཉེ༌རང༌ ངུ༌ཨིན༌ ཉ༌ངན༌ ཅོས༌ཏེ༌ དོན༌ཏང༌ མ༌དོནས༌ ཨིན༌ནའང༌ ཏ༌ ཕྲུ༌གུ༌ ཤིའ༌ཅིག༌ ཉེ༌རང༌ངི༌ ཉ༌ངན༌ ཅོ༌ ཅོས༌ ཕངས༌ཏེ༌ དོན༌ཏང༌ དོནས༌།”
22 དཱ༌བིད༌དི༌ ལན༌ཏངས༌,
“ཕྲུ༌གུ༌ སོན༌ཏེའ༌ ཡོད༌ ཟ༌ནེ༌ ངའ༌ ཉེ༌ནས༌ལ༌ དུགས༌ཏེ༌ ངུས༌པིན༌ ཅིའ༌ཟེར༌ན༌ ངའེ༌ སམ༌,
‘ཅི༌གྱུས༌ ཡ༌ཝའེ༌ ངའེ༌ཀ༌ སྙིང༌རྗེ༌ ཟིགས༌ས༌ ཛད༌ཏེ༌ ཕྲུ༌གུ༌ ཤི༌ཅུག༌ག༌ མི༌ཛད༌།
23 ཨིན༌ནའང༌ ཏ༌ ཁོ༌ ཤི༌ ཚར༌པ༌ ཅི༌ཕིའ༌ ང༌ ཉེ༌ནས༌ལ༌ དུག༌ཨིན༌?
ཅི༌ ང༌ ཁོ༌ ལོགས༌ཏེ༌ ཁྱོང༌ཉན༌ཨིན༌ན༌?
ངའང༌ ཞག༌ཤིག༌ ཁོ༌ ཡོད༌ས༌ ཆེན༌ ཨིན༌ནའང༌ ཁོ༌ ངའ༌ ཡོད༌ས༌ ལོགས༌ཏེ༌ ཡོང༌ མི༌ཉན༌།”
24 ཏེ༌ནེ༌ དཱ༌བིད༌དི༌ ཁོའེ༌ ན༌མ༌ བེད༌ཤི༌བ༌ སེམས༌སོ༌ ཏངས༌།
དཱ༌བིད༌དི༌ ཁོ༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌ ཡང༌ ཁོ༌ སྐྱེ༌ཅེས༌མ༌ གྱུར༌ཏེ༌ བུ༌ཚ༌ ཞིག༌ སྐྱེས༌།
ཁོང༌གུན༌ནི༌ བུ༌ཚའེ༌ མིང༌ང༌ སོ༌ལོ༌མོན༌ ཏགས༌།
ཡ༌ཝའེ༌ ཕྲུ༌གུའ༌ ཅེས༌པ༌ ཛད༌ཅེས༌པོའེ༌
25 ཁོང༌ངི༌ ལུང༌སྟོན༌པ༌ ན༌ཐན༌ ཀལ༌ལ༌ ཛད༌ཏེ༌ ཁོའེ༌ མིང༌ང༌ ཡེ༌དི༌དིའ༌a ཏག༌གོས༌ མོལ༌ཏེ༌ བཀའ༌ སལས༌།
26 ཏེན༌ན༌ ཏུས༌ལ༌ ཡོ༌འབ༌བི༌ ཨེམ༌མོན༌ནི༌ གྱལ༌ས༌ རབ༌བཧའེ༌ཀ༌ སྤུང༌གོལ༌ ཅོས༌ ཡང༌ གྱལ༌པོའེ༌ གྱལ༌ས༌ ང༌ཡོག༌ག༌ ཁྱོངས༌།
27 ཡོ༌འབ༌བི༌ དཱ༌བིད༌དི༌ཀ༌ ལོན༌ཁྱེར༌ཁན༌ ལམ༌ ཅུགས༌ཏེ༌ ཟེརས༌,
“ངའེ༌ རབ༌བཧའེ༌ གྱལ༌ས༌ སྤུང༌གོལ༌ ཅོས༌ཏེ༌ གྱལ༌སའེ༌ ཆུ༌དོང༌ ང༌ཡོག༌ག༌ ཁྱོངས༌པིན༌།
28 ཏ༌ གྱལ༌ས༌ ང༌ཡོག༌ག༌ ཁྱོང༌ཅེས༌ལ༌ ཞན༌ མག༌མི༌གུན༌ ཁྲིད༌ཏེ༌ ངའ༌ རོགས༌ ཅོའ༌ སྐྱོད༌ ཏེ༌མན༌ན༌ ངའེ༌ གྱལ༌ས༌ ང༌ཡོག༌ག༌ ཁྱོངས༌ཏེ༌ ཏེ༌བོའ༌ ང༌རང༌ངི༌ མིང༌ ཏག༌ཨིན༌།”
29 ཏེ༌ནེ༌ དཱ༌བིད༌དི༌ ལུས༌ཏེ༌ ཡོད༌ཁན༌ མག༌མི༌གུན༌ ཛོམ༌ཅུགས༌ཏེ༌ རབ༌བཧའ༌ སོང༌ ཡང༌ སྤུང༌གོལ༌ ཅོས༌ཏེ༌ གྱལ༌ས༌ ང༌ཡོག༌ག༌ ཁྱོངས༌།
30 དཱ༌བིད༌དི༌ གྱལ༌པོའེ༌ གོའེ༌ ཀ༌ནེ༌ ཐོར༌ཤོག༌པོ༌ ཕབས༌ཏེ༌ ཁོ༌རང༌ངི༌ གོའེ༌ཀ༌ གོནས༌།
རིན༌ཅན༌ ཁྲ༌རྡོ༌གུན༌ ཅུགས༌ཏེ༌ ཐོར༌ཤོག༌པོ༌ སེར༌རི༌ ཅོས༌ཏེ༌ ཡོད༌པིན༌ ཡང༌ ཏེ༌བོ༌ ཀི༌ལོ༌ 34 ལྕིན༌ཏྲེ༌ ཡོད༌པིན༌།
དཱ༌བིད༌དི༌ མག༌མི༌གུན༌ནི༌ ཞན༌ རིན༌ཅན༌ ཅ༌ལག༌ མང༌པོ༌ ཅོམས༌ཏེ༌ ཁྱེརས༌།
31 ཁོའེ༌ རབ༌བཧ༌པ༌གུན༌ ཟུམས༌ཏེ༌ ཁྱོངས༌ ཡང༌ ཁོང༌གུན༌ལ༌ འ༌ར༌,
ཏོག༌རྩེ༌ དང༌ སྟ༌རི༌ ལས༌ ཀགས༌པོ༌གུན༌ མ༌ཚད༌ པག༌བུ༌ ནན༌ཅེས༌སི༌ ལས༌ ཅོ༌ཅུགས༌།
ཨེམ༌མོན༌ནི༌ གྲོང༌ཁྱེར༌ ཚང༌མའེ༌ མི༌གུན༌ལ༌ ཏེ༌ ཙོགས༌ ལས༌ ཅོ༌ཅུགས༌།
ཏེ༌ནེ༌ དཱ༌བིད༌ དང༌ མག༌མི༌ ཚང༌མ༌ ལོགས༌ཏེ༌ ཡེ༌རུ༌ཤ༌ལེམ༌མ༌ སོང༌།