དཱ༌བིད༌ དང༌ མེ༌ཕི༌བོ༌ཤེཐ༌།
9:1 ནེ༌ 13
9
ཞག༌ཤིག༌ གྱལ༌པོ༌ དཱ༌བིད༌དི༌ ཏྲིས༌,
“ས༌འུལ༌ལི༌ ནང༌ཚངས༌སི༌ ནང༌ནེ༌ སུ༌ཞིག༌གའང༌ སོན༌ཏེའ༌ མེད༌ད༌ ཀ༌བོའ༌ ངའེ༌ ཡོ༌ན༌ཐན༌ནི༌ ཏོན༌ལ༌ ཐུག༌རྗེ༌ སྟན༌ ཉན༌ཨིན༌?”
2 ཏ༌ ཟི༌བ༌ ཟེར༌ཁན༌ ས༌འུལ༌ལི༌ ཡོག༌པོ༌ ཅིག༌ ཡོད༌པིན༌།
དཱ༌བིད༌དི༌ ཁོ༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌,
“ཁྱོ༌རང༌ ཟི༌བ༌ ཨིན༌ན༌?”
ཁོའེ༌ ལན༌ཏངས༌,
“སྤོན༌བོ༌ལེ༌ ང༌ ཟི༌བ༌ ཨིན༌།”
3 ཏེ༌ནེ༌ གྱལ༌པོའེ༌ ཏྲིས༌,
“ས༌འུལ༌ལི༌ ནང༌ཚངས༌སི༌ ནང༌ནེ༌ སུ༌ཞིག༌གའང༌ སོན༌ཏེའ༌ ལུས༌ཏེ༌ མེད༌ད༌,
ཀ༌བོའ༌ ངའེ༌ དཀོན༌མཆོག༌གི༌ ཐུག༌རྗེ༌ སྟན༌ ཉན༌ཨིན༌?”
ཟི༌བའེ༌ ལན༌ཏངས༌,
“ཡོ༌ན༌ཐན༌ནི༌ བུ༌ཚ༌ ཅིག༌ ཏ༌རུང༌ངའང༌ སོན༌ཏེའ༌ ཡོད༌ ཨིན༌ནའང༌ ཁོ༌ ཞ༌འོ༌ ཡོད༌ལེ༌།”
4 གྱལ༌པོའེ༌ ཏྲིས༌,
“ཁོ༌ ཀ༌ནེ༌ ཡོད༌?”
ཟི༌བའེ༌ ལན༌ཏངས༌,
“ཁོ༌ ལོ༌དེ༌བར༌རི༌ ནང༌ང༌ ཨམ༌མི༌འེལ༌ལི༌ བུ༌ཚ༌ མ༌ཀིར༌རི༌ ཁང༌པ༌ དུག༌དུག༌ ལེ༌།”
5 ཏེ༌ནེ༌ དཱ༌བིད༌དི༌ ཨམ༌མི༌འེལ༌ལི༌ བུ༌ཚ༌ མ༌ཀིར༌རི༌ ཁང༌པ༌ནེ༌ ཁོ༌ ཁྱོང༌ཅེས༌ལ༌ མི༌ ལམ༌ཅུགས༌།
6 ཡོ༌ན༌ཐན༌ནི༌ བུ༌ཚ༌ ས༌འུལ༌ལི༌ ཚ༌འོ༌ མེ༌ཕི༌བོ༌ཤེཐ༌ དཱ༌བིད༌ ཡོད༌ས༌ ལེབ༌བ༌ཅིག༌ རྩི༌ཝ༌ སྟན༌ཅེས༌ལ༌ ཁོའེ༌ པིག༌དོང༌ ཙུགས༌ཏེ༌ གོ༌ སྒུས༌།
དཱ༌བིད༌དི༌ ཟེརས༌ “མེ༌ཕི༌བོ༌ཤེཐ༌།”
མེ༌ཕི༌བོ༌ཤེཐ༌ཐི༌ ལན༌ཏངས༌,
“ཉེ༌རང༌ངི༌ ཡོག༌པོ༌ ང༌ ཨིན༌ལེ༌།”
7 དཱ༌བིད༌དི༌ ཟེརས༌,
“ཇིག༌ མ༌ཇིགས༌,
ངའེ༌ ཁྱོ༌རང༌ངི༌ ཨ༌བ༌ ཡོ༌ན༌ཐན༌ནི༌ ཏོན༌ལ༌ ཁྱོ༌རང༌ང༌ ཐུག༌རྗེ༌ སྟན༌ ཉིན༌རག༌།
ཁྱོ༌རང༌ངི༌ མེ༌མེ༌ ས༌འུལ༌ལི༌ ཨིན༌ཁན༌ ས༌ཀྱད༌ ཚང༌མ༌ ངའེ༌ ཁྱོ༌རང༌ང༌ ལོགས༌ཏེ༌ ཏང༌ཨིན༌།
ཡང༌ ཁྱོ༌རང༌ ཏུས༌གྱུན༌ འི༌རུ༌ ང༌ ཉམ༌པོ༌ གྱལ༌པོའེ༌ ཅོག༌ཙེ༌ཀ༌ ཟན༌ཟེན༌།”
8 མེ༌ཕི༌བོ༌ཤེཐ༌ཐི༌ ཡང༌སྐྱར༌ པིག༌དོང༌ ཙུགས༌ཏེ༌ སྒུས༌ ཡང༌ ཟེརས༌,
“ང༌ ཤི༌ཁན༌ ཁྱི༌ ཙོགས༌ཤིག༌ག༌ ཉེ༌རང༌ངི༌ ཐུག༌རྗེ༌ སྟན༌ན༌ ཛད༌ཏེ༌ ཨིན༌ནོག༌,
ཉེ༌རང༌ངི༌ ཡོག༌པོ༌ ང༌ ཏེ༌བོའེ༌ འོས༌པ༌ མན༌།”
9 ཏེ༌ནེ༌ གྱལ༌པོའེ༌ ས༌འུལ༌ལི༌ ཡོག༌པོ༌ ཟི༌བ༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌,
“ངའེ༌ ཁྱོ༌རང༌ངི༌ སྤོན༌བོའེ༌ ཚ༌འོ༌ མེ༌ཕི༌བོ༌ཤེཐ༌ལ༌ ས༌འུལ༌ དང༌ ཁོའེ༌ ནང༌ཚངས༌སི༌ ཨིན༌ཁན༌ ཚང༌མ༌ ཏངས༌ཏེ༌ ཨིན༌།
10 ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ བུ༌ཚ༌གུན༌ ཡང༌ ཁྱོ༌རང༌ངི༌ ཡོག༌པོ༌གུན༌ནི༌ ཁོའེ༌ ཕིའ༌ ཞིང༌བད༌ཏེ༌ སྟོན༌ཐོག༌ ཁྱོང༌གོས༌,
ཏེ༌ནེ༌ ཁྱོ༌རང༌ངི༌ སྤོན༌བོའེ༌ ཚ༌འོའ༌ ཟའ༌ཅེས༌ལ༌ ཟན༌ ཐོབ༌ཨིན༌།
ཨིན༌ནའང༌ ཁྱོ༌རང༌ངི༌ སྤོན༌བོའེ༌ ཚ༌འོ༌ མེ༌ཕི༌བོ༌ཤེཐ༌ འི༌རུ༌ ངའེ༌ ཅོག༌ཙེ༌ཀ༌ ཟན༌ཟེན༌།
༼ཟི༌བ༌ བུ༌ཚ༌ 15 དང༌ ཡོག༌པོ༌ 20 ཡོད༌པིན༌།༽
11 ཟི༌བའེ༌ ལན༌ཏངས༌,
“ཀ༌ས༌ ངའེ༌ གྱལ༌པོ༌ལེ༌,
ང༌ ཉེ༌རང༌ངི༌ ཡོག༌པོའེ༌ ཉེ༌རང༌ངི༌ བཀའ༌ སལ༌ཁན༌ ཚང༌མ༌ ཅོ༌ཨིན༌།
ཡང༌ ཏེན༌ན༌ ཏུས༌ནེ༌ ཕར༌ལ༌ མེ༌ཕི༌བོ༌ཤེཐ༌ གྱལ༌པོའེ༌ བུ༌ཚ༌ ཙོགས༌ལ༌ ཏུས༌གྱུན༌ དཱ༌བིད༌དི༌ ཅོག༌ཙེ༌ཀ༌ ཟན༌ ཟོས༌།
12 མེ༌ཕི༌བོ༌ཤེཐ༌ལ༌ མི༌ཀ༌ ཟེར༌ཁན༌ནི༌ བུ༌ཚ༌ ཆུ༌ངུན༌ཞིག༌ ཡོད༌པིན༌།
ཟི༌བའེ༌ ནང༌ཚངས༌ ཚང༌མ༌ མེ༌ཕི༌བོ༌ཤེཐ༌ཐི༌ ཡོག༌པོ༌ གྱུར༌།
13 རྐང༌པ༌ ཉིས༌ཀོ༌ ཞ༌འོ༌ ཡོད༌ཁན༌ མེ༌ཕི༌བོ༌ཤེཐ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ དུགས༌ ཡང༌ ཏུས༌གྱུན༌ གྱལ༌པོ༌ ཉམ༌པོ༌ ཁོང༌ངི༌ ཅོག༌ཙེ༌ཀ༌ ཟན༌ ཟོས༌།