3
ས༌འུལ༌ལི༌ བུ༌ཚ༌ གྱལ༌པོ༌ ཅོའ༌ ཐད༌ཁན༌གུན༌ དང༌ དཱ༌བིད༌ གྱལ༌པོ༌ ཅོའ༌ ཐད༌ཁན༌གུན༌ནི༌ པར༌ལ༌ ཏུས༌ རིང༌མོ༌ མག༌ སོང༌།
ཨིན༌ནའང༌ དཱ༌བིད༌ལ༌ ཆོག༌སྐྱོར༌ ཅོ༌ཁན༌ མང༌ང༌ ཡང༌ ས༌འུལ༌ལི༌ བུ༌ཚའ༌ ཆོག༌སྐྱོར༌ ཅོ༌ཁན༌ ཉུང༌ང༌ ཆེན༌ སོང༌།
2 ཧིབ༌རོན༌ནི༌ ནང༌ང༌ དཱ༌བིད༌དི༌ ན༌མ༌གུན༌ལ༌ བུ༌ཚ༌ དྲུག༌ སྐྱེས༌:
ཁོའེ༌ བུ༌ཚ༌ ཆེ༌ཤོག༌ ཨམ༌ནོན༌ ཡང༌ ཁོའེ༌ ཨ༌མ༌ ཡེཟ༌རེ༌འེལ༌མ༌ ཨ༌ཧི༌ནོའམ༌ ཨིན༌པིན༌།
3 ཉིས༌པ༌ ཀི༌ལེའབ༌ ཡང༌ ཁོའེ༌ ཨ༌མ༌,
ཀར༌མེལ༌པ༌ ན༌བལ༌ ཤི༌ཁན༌ནི༌ ན༌མ༌ ཨ༌བི༌གཱའིལ༌ ཨིན༌པིན༌།
སུམ༌པ༌ ཨབ༌ས༌ལོམ༌ ཡང༌ ཁོའེ༌ ཨ༌མ༌,
གེ༌ཤུར༌རི༌ གྱལ༌པོ༌ ཏལ༌མཱའི༌ བུ༌མོ༌ མ༌ཀཧ༌ ཨིན༌པིན༌།
4 ཞི༌པ༌ ཨ༌དོ༌ནི༌ཡ༌ ཡང༌ ཁོའེ༌ ཨ༌མ༌ ཧ༌གིད༌ ཨིན༌པིན༌།
ལྔ༌པ༌ ཤེ༌ཕ༌ཏི༌འཧ༌ ཡང༌ ཁོའེ༌ ཨ༌མ༌ ཨ༌བི༌ཏལ༌ ཨིན༌པིན༌།
5 ཆུང༌ཤོག༌པོ༌ ཨིཐ༌རི༌འམ༌ ཡང༌ ཁོའེ༌ ཨ༌མ༌,
ཨེག༌ལ༌ ཨིན༌པིན༌།
ཁོང༌གུན༌ ཧེབ༌རོན༌ནི༌ ནང༌ང༌ སྐྱེས༌ཁན༌ དཱ༌བིད༌དི༌ བུ༌ཚ༌གུན༌ ཨིན༌པིན༌།
ཨབ༌ནེར༌རི༌ དཱ༌བིད༌ལ༌ ཆོགས༌ ཅོས༌།
3:6 ནེ༌ 21
6 ས༌འུལ༌ལི༌ བུ༌ཚའེ༌ མག༌མི༌ དང༌ དཱ༌བིད༌དི༌ མག༌མི༌ གུན༌ ནོལ༌ཨིན༌ དུག༌གད༌པིན༌,
ཏེ༌ ཏུས༌ ས༌འུལ༌ལི༌ བུ༌ཚའེ༌ ཆོགས༌པ༌གུན༌ནི༌ ཕྲོའ༌ ཨབ༌ནེར༌རི༌ ཝང༌ མང༌ང༌ གྲུལ༌ཏེ༌ ཁོའེ༌ ཁའ༌ཉན༌ནད༌པིན༌།
7 ཏ༌ ས༌འུལ༌ལ༌ ཚེ༌ཡོག༌ ན༌མ༌ ཨའི༌ཧའེ༌ བུ༌མོ༌ རིཟ༌པཧ༌ ཟེར༌ཁན༌ཞིག༌ ཡོད༌པིན༌།
ཞག༌ཅིག༌ ས༌འུལ༌ལི༌ བུ༌ཚ༌ ཨིཤ༌བོ༌ཤེཐ༌དི༌ ཨབ༌ནེར༌ལ༌ ཏེ༌ བུ༌མོ༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌སི༌ ཉད༌གལ༌ ཀལས༌།
8 ཨབ༌ནེར༌ལ༌ སྲོ༌ སྲན༌ཏྲེ༌ ཡོངས༌ཏེ༌ ཨིཤ༌བོ༌ཤེཐ༌ལ༌ ཟེརས༌,
“ངའེ༌ ས༌འུལ༌ལི༌ གྱབ༌གལ༌ ཅོའ༌ནོག༌ སམ༌མ༌རག༌ག༌?
ངའེ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཞབ༌ཤི༌ ཞུའ༌ནོག༌ སམ༌མ༌རག༌ག༌?
ངའེ༌ ཁྱོ༌རང༌ངི༌ ཨ༌བ༌,
ཁོང༌ངི༌ ཨ༌ཅོ༌ ནོ༌གུན༌ ཡང༌ ཛ༌འོ༌གུན༌ལ༌ ཆོག༌སྐྱོར༌ ཅོས༌ཏེ༌ ཁྱོ༌རང༌ དཱ༌བིད༌དི༌ ལག༌ག༌ མ༌སྟད༌པིན༌,
ཏེ༌ནེའང༌ ཁྱོ༌རང༌ངི༌ ངའ༌ དི༌རིང༌ འི༌ བུ༌མོ༌བོ༌ ཉམ༌པོ༌ དུག༌ཅེས༌སི༌ སྐྱོན༌ ཀལས༌།
9 ཡ༌ཝའེ༌ དཱ༌བིད༌ལ༌ སལ༌ཅེས༌སི༌ ནའ༌ ཁུར༌ར༌ ཛད༌ཁན༌བོ༌ ཐོབ༌ཅེས༌སི༌ ནང༌ང༌ ངའེ༌ ཁོང༌ང༌ རོགས༌ མ༌ཅོ༌ན༌ དཀོན༌མཆོག༌གི༌ ངའ༌ སད༌ད༌ ཛད༌ཤིག༌།
10 ཡང༌ ངའེ༌ ས༌འུལ༌ལི༌ གྱལ༌སྲིད༌པོ༌ དཱ༌བིད༌ལ༌ ཏང༌ཨིན༌།
དེན༌ གྱལ༌ས༌ནེ༌ ཏངས༌ཏེ༌ བེར༌ཤེ༌བ༌ ཆོགས༌པ༌,
ངའེ༌ ཨིས༌ར༌ཨེལ༌ དང༌ ཡ༌ཧུ༌དཱའེ༌ ནང༌ང༌ དཱ༌བིད༌དི༌ གྱལ༌སྲིད༌ ཚུགས༌ མ༌ཅུག༌ན༌ དཀོན༌མཆོག༌གི༌ ངའ༌ སད༌ད༌ ཛད༌ཤིག༌།”
11 ཨིཤ༌བོ༌ཤེཐ༌ ཨབ༌ནེར༌ལ༌ སྲན༌ཏྲེ༌ ཇིགས༌ པ༌སང༌ ཁོའེ༌ ཚིགས༌ ཅིག༌ ཟེར༌ཅེས༌སི༌ ཧམ༌པ༌ མ༌ཅོས༌།
12 ཏེ༌ནེ༌ ཨབ༌ནེར༌རི༌ དཱ༌བིད༌ལ༌ ལོན༌ ཀལ༌ཏེ༌ ཟེརས༌,
“འི༌ ས༌ཀྱད༌པོ༌ སུའི༌ ཨིན༌ནོག༌?
ཉེ༌རང༌ངི༌ ང༌ ཉམ༌པོ༌ ཆད༌དོན༌ ཅོ༌ན༌ ངའེ༌ ཨིས༌ར༌ཨེལ༌ གང༌པོ༌ ཉེ༌རང༌ངི༌ ཝང༌ངི༌ ཡོག༌ག༌ ཁྱོང༌ཅེས༌ལ༌ རོགས༌ ཅོ༌ཨིན༌།”
13 དཱ༌བིད༌དི༌ ལན༌ཏངས༌,
“གྱལ༌ལ༌ རག༌།
ངའེ༌ ཉེ༌རང༌ ཉམ༌པོ༌ ཆད༌དོན༌ ཅོ༌ཨིན༌ ཨིན༌ནའང༌ ཉེ༌རང༌ངི༌ ངའེ༌ ཕིའ༌ འི༌བོ༌ ཅོ༌གོས༌,
ཉེ༌རང༌ ང༌ ཡོད༌ས༌ ཡོང༌ ཟ༌ནེ༌ ས༌འུལ༌ལི༌ བུ༌མོ༌ མི༌ཁལ༌ ངའེ༌ ན༌མ༌ ཁྲིད༌ཏེ༌ ཁྱོང༌།”
14 ཏེ༌ནེ༌ དཱ༌བིད༌དི༌ ས༌འུལ༌ལི༌ བུ༌ཚ༌ ཨིཤ༌བོ༌ཤེཐ༌ལ༌ ལོན༌ ཀལ༌ཏེ༌ ཟེརས༌,
“ངའེ༌ ན༌མ༌ མི༌ཁལ༌ ངའ༌ ལོགས༌ཏེ༌ སལ༌ ཅིའ༌ཟེར༌ན༌ ཁོ༌ ཉམ༌པོ༌ ན༌མ༌ ཅོ༌ཅེས༌ལ༌ ངའེ༌ ཕི༌ལིས༌ཏི༌པ༌ 100 སད༌པིན༌།”
15 ཏེ༌ནེ༌ ཨིཤ༌བོ༌ཤེཐ༌དི༌ མི༌ཁལ༌ ཁོའེ༌ མག༌པ༌ པལ༌ཏི༌འེལ༌,
ལཱའིཤ༌ཤི༌ བུ༌ཚ༌ ནེ༌ ཕེས༌ཏེ༌ ཁྱོངས༌།
16 པལ༌ཏི༌འེལ༌ ན༌མའེ༌ གྱབ༌ནེ༌ ངུ༌ཨིན༌ བ༌ཧུ༌རིམ༌ ཚག༌པ༌ ཡོངས༌།
ཏེ༌ནེ༌ ཨབ༌ནེར༌རི༌ ཁོའ༌ ཟེརས༌,
“ཁང༌པ༌ ལོགས༌ཏེ༌ སོང༌།”
ཡང༌ པལ༌ཏི༌འེལ༌ ལོགས༌ཏེ༌ སོང༌།
17 ཏེན༌ན༌ ཟ༌ནེ༌ ཨབ༌ནེར༌རི༌ ཨིས༌ར༌ཨེལ༌ལི༌ སྡེའེ༌ འུ༌སྐྱོང༌གུན༌ལ༌ ལོན༌ ཀལས༌,
“ཏུས༌ ཡུན༌རིང༌ནེ༌ ཕར༌ལ༌ ཁྱོ༌ཞ༌གུན༌ནི༌ དཱ༌བིད༌ ཁྱོ༌ཞའེ༌ གྱལ༌པོ༌ ཅོ༌ཅེས༌ལ༌ ཐད༌དད༌པིན༌།
18 ཏ༌ ཏེ༌བོ༌ ཅོ༌ཅེས༌སི༌ ཏུས༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ཡ༌ཝའེ༌ མོལས༌,
‘ངའེ༌ ཨིས༌ར༌ཨེལ༌པ༌ ང༌རང༌ངི༌ མི༌གུན༌ ཕི༌ལིས༌ཏི༌པ༌གུན༌ དང༌ ཞན༌ གྲ༌འོ༌ ཚང༌མའེ༌ ཀ༌ནེ༌ སྐྱོབས༌ཏེ༌ ཁྱོང༌ཅེས༌ལ༌ དཱ༌བིད༌ ལྡམས༌ཏེ༌ ཨིན༌།’”
19 ཨབ༌ནེར༌རི༌ བེན༌ཡཱ༌མིན༌ སྡེ༌ མི༌གུན༌ལའང༌ སྤེ༌ར༌ ཏངས༌།
ཏེ༌ནེ༌ ཁོ༌ ཧེབ༌རོན༌ལ༌,
ཨིས༌ར༌ཨེལ༌ དང༌ བེན༌ཡཱ༌མིན༌ནི༌ མི༌ཚང༌མ༌ ཏེ༌བོ༌ ཅོ༌ཅེས༌ལ༌ ཁའ༌ཆམས༌ཁན༌བོ༌ དཱ༌བིད༌ལ༌ ཤད༌ད༌ སོང༌།
20 ཨབ༌ནེར༌ དང༌ ཁོ༌ ཉམ༌པོ༌ མི༌ 20 ཧེབ༌རོན༌ལ༌ ལེབ༌བ༌ཅིག༌ དཱ༌བིད༌དི༌ ཁོང༌གུན༌ལ༌ གའ༌སུས༌ ཞུས༌ཏེ༌ དོན༌ཏང༌ གྱས༌པ༌ ཅོས༌།
21 ཏེ༌ནེ༌ ཨབ༌ནེར༌རི༌ དཱ༌བིད༌ལ༌ ཟེརས༌,
“ཨིས༌ར༌ཨེལ༌པ༌ ཚང༌མ༌ ཛོམ༌ཅུགས༌ཏེ༌ ཉེ༌རང༌ ཁོང༌གུན༌ནི༌ཀ༌ གྱལ༌པོའེ༌ ཚུལ༌ལ༌ སྐོ༌ཅེས༌སི༌ ཆད༌དོན༌ ཅོ༌ཅུག༌ཅེས༌ལ༌ ང༌ དག༌ས༌ ཆ༌ཅུག༌ག༌ ཛད༌།
ཏེ༌ནེ༌ ཉེ༌རང༌ངི༌ ཐུགས༌ཐད༌ཁན༌ ནང༌ཞིན༌ ཁོང༌ ཚང༌མའེ༌ཀ༌ ཝང༌སྲུལ༌ ཉན༌ཨིན༌།”
ཏེ༌ནེ༌ དཱ༌བིད༌དི༌ ཨབ༌ནེར༌ ལམ༌ཅུགས༌ ཡང༌ ཁོ༌ ཞི༌དེ༌ ཉམ༌པོ༌ སོང༌།
ཡོ༌འབ༌བི༌ ཨབ༌ནེར༌ སདས༌།
3:22 ནེ༌ 39
22 ཏེན༌ན༌ ཏུས༌ལ༌ ཡོ༌འབ༌ དང༌ དཱ༌བིད༌དི༌ མག༌མི༌གུན༌ སྤུང༌གོལ༌ ཅོས༌ཏེ༌ ཅོམས༌ཁན༌ནི༌ ནོར༌ མང༌པོ༌ ཁུར༌ཏེ༌ ལེབ༌།
ཨིན༌ནའང༌ ཨབ༌ནེར༌ ཧེབ༌རོན༌ནི༌ ནང༌ང༌ དཱ༌བིད༌ ཉམ༌པོ༌ མེད༌པིན༌ ཅིའ༌ཟེར༌ན༌ ཁོའེ༌ ཨབ༌ནེར༌ ཞི༌དེ༌ ཉམ༌པོ༌ ལམ༌ ཅུགས༌།
23 ཡོ༌འབ༌ དང༌ མག༌མི༌ ཚང༌མ༌ ལེབ༌བ༌ཅིག༌,
ཨབ༌ནེར༌ གྱལ༌པོ༌ ཐུགས༌ཏེ༌ ཁོང༌ངི༌ ཁོ༌ ཞི༌དེ༌ ཉམ༌པོ༌ ལོགས༌ཏེ༌ ལམ༌ཅུག༌ཁན༌བོ༌ ཁོའ༌ ཚོར༌།
24 ཡོ༌འབ༌ གྱལ༌པོ༌ ཡོད༌ས༌ སོང༌ ཡང༌ ཟེརས༌,
“ཉེ༌རང༌ངི༌ ཅི༌ ཛད༌ཏེ༌ ཨིན༌?
ཨབ༌ནེར༌ ཉེ༌རང༌ ཡོད༌ས༌ ཡོངས༌ ཡང༌ ཉེ༌རང༌ངི༌ ཁོ༌ ཆ༌ ཅུགས༌ཏེ༌,
ཅི༌ ཛད༌ཏེ༌ ཨིན༌?
25 ཉེ༌རང༌ང༌ གྱུས༌ ཨིན༌ནོག༌,
ཁོ༌ སྐྱོན༌ ཅོས༌ཏེ༌ ཉེ༌རང༌ངི༌ མག༌མི༌ བིང༌ཞུག༌ ཏང༌ཅེས༌ ཡང༌ ཉེ༌རང༌ངི༌ ལས༌ ཚང༌མ༌ གྱུས༌ ཅོའ༌ལ༌ ཡོངས༌ཏེ༌ ཨིན༌ནོག༌།”
26 ཏེ༌ནེ༌ ཡོ༌འབ༌ དཱ༌བིད༌ ཡོད༌ས༌ནེ༌ སོང༌ ཡང༌ ཨབ༌ནེར༌ལ༌ ལོགས༌ཏེ༌ ཡོང༌ཅེས༌ལ༌ ལོན༌ ཀལས༌།
ལོན༌ ཀལ༌ཁན༌གུན༌ལ༌ སི༌རཧ༌ ཆུ༌དོང༌ ཡོད༌ས༌ ཨབ༌ནེར༌ ཐུག༌ ཡང༌ ཁོ༌ ལོགས༌ཏེ༌ ཁྱོངས༌ ཨིན༌ནའང༌ དཱ༌བིད༌ལ༌ ཏེ༌བོའེ༌ སྐོར༌ལ༌ ཅའང༌ གྱུས༌ མེད༌པིན༌།
27 ཨབ༌ནེར༌ ལོགས༌ཏེ༌ ཧེབ༌རོན༌ལ༌ ལེབ༌བ༌ཅིག༌ ཡོ༌འབ༌བི༌ སང༌ཝའེ༌ ནང༌ང༌ སྤེ༌ར༌ ཏང༌ཟུན༌ ཏངས༌ཏེ༌ ཁོ༌ གྱལ༌སའེ༌ གྱས༌སྒོའེ༌ དུན༌ལ༌ ཁྱེརས༌ ཡང༌ ཁོའེ༌ ཨབ༌ནེར༌རི༌ གྲོད༌པའེ༌ ནང༌ང༌ དུང༌ ཙུགས༌ཏེ༌ སདས༌།
ཏེན༌ན༌ ཟུག༌གི༌ ཁོའེ༌ ཁོ༌རང༌ངི༌ ནོ༌ ཨ༌ས༌ཧེལ༌ སད༌ཁན༌ནི༌ ཚབས༌ ལེནས༌།
28 སྟིང༌ནེ༌ དཱ༌བིད༌ལ༌ ཏེ༌བོའེ༌ སྐོར༌ལ༌ ཚོར༌ར༌ཅིག༌ ཁོའེ༌ ཟེརས༌,
“ཨབ༌ནེར༌ སད༌ཅེས༌སི༌ ནང༌ང༌ ཡ༌ཝའེ༌ སྐུན༌དུན༌ལ༌ ང༌ དང༌ ངའེ༌ གྱལ༌སྲིད༌ ཏུས༌གྱུན༌ ནོངས༌མེད༌ ཨིན༌།
29 ཏེ༌བོ༌ ཅོ༌ཅེས༌ལ༌ ཡོ༌འབ༌ དང༌ ཁོའེ༌ ནང༌ཚངས༌ ནོངས༌ཅན༌ ཨིན༌ནོག༌།
ཁོང༌གུན༌ལ༌ ངན༌ ཕོག༌ཏེ༌ ཁོང༌ངི༌ མི༌རབས༌ ཚང༌མའེ༌ ནང༌ང༌ ཏུས༌གྱུན༌ ཤོའ༌ ཡ༌ པགས༌པའེ༌ ནད༌ ཡོད༌ཁན༌ ཡ༌ རྐང༌པ༌ ཆགས༌ཁན༌ ཡ༌ ར༌འི༌ ཉམ༌པོ༌ ཤི༌ཅེས༌ ཡ༌ སྟོག༌རི༌ ཐོང༌ཁན༌ ཡོང༌ཤིག༌།”
30 ཡོ༌འབ༌ དང༌ ཁོའེ༌ ནོ༌ ཨ༌བི༌ཤའི༌ ཨབ༌ནེར༌ སདས༌ ཅིའ༌ཟེར༌ན༌ ཁོའེ༌ ཁོང༌གུན༌ནི༌ ནོ༌ ཨ༌ས༌ཧེལ༌ གི༌བེ༌འོན༌ནི༌ མག༌གི༌ ནང༌ང༌ སད༌ཏེ༌ ཨིན༌པིན༌།
31 ཏེ༌ནེ༌ དཱ༌བིད༌དི༌ ཡོ༌འབ༌ ཏང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ ཚང༌མ༌ལ༌ ཟེརས༌,
“རང༌ངི༌ ཀོས༌ལག༌ ཤགས༌ཏེ༌ ཕ༌ཙ༌ གོན༌ཏེ༌ ཨབ༌ནེར༌རི༌ ཕིའ༌ རྡུག༌པོ༌ ཅོས༌།
ཡང༌ གྱལ༌པོ༌ དཱ༌བིད༌ སྤུར༌ཁང༌ ཚག༌པ༌ ཨབ༌ནེར༌རི༌ སྤུར༌རི༌ གྱབ༌གྱབ༌ནེ༌ སོང༌།
32 ཁོང༌གུན༌ནི༌ ཨབ༌ནེར༌ ཧེབ༌རོན༌ནི༌ ནང༌ང༌ སུབས༌ ཡང༌ ཁོའེ༌ སྤུར༌ཁང༌ངི༌ དུན༌ལ༌ གྱལ༌པོ༌ སྲན༌ཏྲེ༌ ངུས༌ ཡང༌ མི༌ཚང༌མའང༌ ངུས༌།
33 ཏེ༌ནེ༌ གྱལ༌པོའེ༌ ཨབ༌ནེར༌རི༌ ཕིའ༌ འི༌ རྡུག༌ལུ༌ ཏངས༌:
“ཁྲིམས༌ཅག༌ཁན༌ ཙོགས༌ལ༌ ཨབ༌ནེར༌ ཤི༌གོས༌ས༌?
34 ཉེ༌རང༌ངི༌ ཆག༌གུན༌ ལྡམས༌ཏེ༌ མེད༌
ཡང༌ ཉེ༌རང༌ངི༌ རྐང༌པའ༌ ལྕག༌ཐགས༌ ཏགས༌ཏེ༌ མེད༌།
ཉེ༌རང༌ མི༌ ངན༌པའེ༌ ལག༌ག༌ ལེབ༌ཏེ༌ ཤི༌།”
མི༌ཚང༌མ༌ ཡང༌སྐྱར༌ ཨབ༌ནེར༌རི༌ ཕིའ༌ རྡུག༌པོ༌ ཅོས༌ཏེ༌ ངུས༌།
35 སྤུར༌ ཁྱེར༌རི༌ ཞག༌ག༌ དཱ༌བིད༌དི༌ ཅའང༌ མ༌ཟོས༌ ཡང༌ མི༌ཚང༌མའེ༌ ཁོང༌ང༌ ཟན༌ ཟའ༌ཅེས༌ལ༌ ཞུ༌ཝ༌ ཕུལས༌།
ཨིན༌ནའང༌ དཱ༌བིད༌དི༌ ནའ༌ ཁུར༌ཏེ༌ ཟེརས༌,
“ཀལ༌ཏེས༌ ངའེ༌ ཉི༌མ༌ སྐྱོད༌དི༌ སང༌ སྔུན༌ལ༌ ཟན༌ ཟའ༌ན༌ དཀོན༌མཆོག༌གི༌ ངའ༌ སད༌ད༌ ཛད༌ཤིག༌།”
36 ཏེ༌གུན༌ ཐོང༌ཏེ༌ མི༌ ཚང༌མ༌ ཐད༌,
ཏན༌ཏན༌ལ༌ གྱལ༌པོའེ༌ ཅོ༌ཁན༌ ཚང༌མའེ༌ ཁོང༌གུན༌ ཐད༌ཅུགས༌།
37 ཨིས༌ར༌ཨེལ༌པ༌ དང༌ ཡ༌ཧུ༌དཱ༌པ༌ ཚང༌མ༌ལ༌ ཨབ༌ནེར༌ སད༌ཅེས༌སི༌ ནང༌ང༌ གྱལ༌པོ༌ དཱ༌བིད༌དི༌ ལག༌ མེད༌ཁན༌བོ༌ གྱུས༌སོང༌།
38 ཏེ༌ནེ༌ གྱལ༌པོ༌ དཱ༌བིད༌དི༌ ཁོ༌རང༌ངི༌ གོ༌སྐྱོང༌གུན༌ལ༌ ཟེརས༌,
“དི༌རིང༌ ཨིས༌ར༌ཨེལ༌ གང༌པོའེ༌ ནང༌ང༌ མག༌སྤོན༌ ཀྲག༌པོ༌ཞིག༌ མེད༌ཁན༌ ཆའ༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ མེད༌ད༌?”
39 ང༌ ལྡམ༌ཁན༌ནི༌ གྱལ༌པོ༌ ཨིན༌ཨིན༌ནའང༌ ང༌ མ༌ འུ༌ཐུག༌ ཨིན༌,
ཟེ༌རུའི༌འཧའེ༌ བུ༌ཚ༌ ཡོ༌འབ༌ དང༌ ཨ༌བི༌ཤའི༌ ཉིས༌ཀོ༌ ཝང༌ངི༌ ཡོག༌ག༌ ཅུན༌ཅེས༌ ཀགས༌པོ༌ དུག༌།
ཏེ༌བོའེ༌ཕིའ༌ ཡ༌ཝའེ༌ འི༌ མི༌ངན༌གུན༌ལ༌ ཁོང༌རང༌གུན༌ནི༌ ལས༌ ངན༌པ༌ ལན༌ སལ༌ཤིག༌།”