ཕི༌ལིས༌ཏི༌པ༌གུན༌ནི༌ ཟིག༌ལག༌ག༌ དཱ༌བིད༌ ལོགས༌ཏེ༌ ལམ༌ཅུགས༌།
29:1 ནེ༌ 11
29
ཏ༌ ཕི༌ལིས༌ཏི༌པའེ༌ མག༌མི༌ ཚང༌མ༌ ཨ༌ཕེག༌ གྲོང༌ཁྱེར༌རི༌ ནང༌ང༌ ཛོམས༌ ཡང༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཡེཟ༌རེ༌འེལ༌ལི༌ ཆུ༌མིག༌ ཡོད༌ས༌ ཀུར༌ ཙུགས༌ཏེ༌ དུགས༌།
2 ཕི༌ལིས༌ཏི༌པའེ༌ སྤོན༌བོ༌གུན༌ནི༌,
མག༌མི༌ གྱ༌ དང༌ སྟོང༌ ཡོད༌ཁན༌ནི༌ སྡེའེ༌ གོ༌ཁྲིད༌ ཅོ༌ ཟ༌ནེ༌ དཱ༌བིད༌ དང༌ ཁོའེ༌ མི༌གུན༌ གྱལ༌པོ༌ ཨ༌ཀིཤ༌ ཉམ༌པོ༌ གྱབ༌ནེ༌ ཡོང༌ངད༌པིན༌།
3 ཨིན༌ནའང༌ ཕི༌ལིས༌ཏི༌པ༌ སྤོན༌བོ༌གུན༌ནི༌ ཏྲིས༌,
“འི༌ ཨིབ༌རི༌པ༌གུན༌ འི༌རུ༌ ཅི༌ ཅོའ༌ནོག༌?”
ཨ༌ཀིཤ༌ཤི༌ ཁོང༌གུན༌ལ༌ ཟེརས༌,
“ཁོ༌ དཱ༌བིད༌,
ཨིས༌ར༌ཨེལ༌ལི༌ གྱལ༌པོ༌ ས༌འུལ༌ལི༌ མག༌མི༌ སྤོན༌བོ༌ མ༌ནོག༌ག༌?
ཁོ༌ ང༌ ཉམ༌པོ༌ དུགས༌ཏེ༌ ལོ༌ ཅིག༌གི༌ སང༌ མང༌ང༌ སོང༌ ཡང༌ ས༌འུལ༌ ཕང༌ངི༌ ཞག༌ནེ༌ དག༌ས༌ ཚོག༌པ༌ ཁོའེ༌ ནང༌ང༌ ངའེ༌ སྐྱོན༌ ཅིག༌གའང༌ མ༌ཐོང༌།”
4 ཨིན༌ནའང༌ ཕི༌ལིས༌ཏི༌པ༌ སྤོན༌བོ༌གུན༌ལ༌ སྲོ༌ ཡོངས༌ཏེ༌ ཟེརས༌,
“ཉེ༌རང༌ངི༌ ཁོའ༌ ཏང༌ཁན༌ནི༌ གྲོང༌སེབ༌བ༌ ཁོ༌ ལོགས༌ཏེ༌ ལམ༌ཅུག༌།
ཁོ༌ ང༌དང༌ ཉམ༌པོ༌ མག༌གི༌ ནང༌ང༌ ཆ༌ མི༌གོས༌།
ཁོའེ༌ མག༌གི༌ ནང༌ང༌ ང༌དང༌གུན༌ནི༌ གྱབ༌གལ༌ ཅོས༌ སྲིད༌ཅེས༌ ཨིན༌ནོག༌,
ཁོའེ༌ ང༌དང༌ངི༌ མག༌མི༌གུན༌ སད༌ཏེ༌ ཁོང༌གུན༌ནི༌ གོ༌ ཁོ༌རང༌ངི༌ སྤོན༌བོའ༌ སྟད༌ཏེ༌ ཁོའ༌ ཡང༌སྐྱར༌ ཁོང༌ངི༌ ཆོག༌སྐྱོར༌ ལེན༌ཅེས༌སི༌ སྐབས༌ གྱལ༌ལ༌ ཐོབ༌ཨིན༌།
5 ཅི༌ འི༌བོ༌ ཏེན༌ན༌ དཱ༌བིད༌ མ༌ནོག༌ག༌ ཀ༌བོའེ༌ སྐོར༌ལ༌ ཨིས༌ར༌ཨེལ༌པ༌ བུ༌མོ༌གུན༌ནི༌ ལུ༌ དང༌ རྩེས༌ ཏང༌ཨིན༌ ཟེརས༌,
ས༌འུལ༌ལི༌ སྟོང༌ མང༌པོ༌ སདས༌,
ཨིན༌ནའང༌ དཱ༌བིད༌དི༌ ཏེ༌བོའེ༌ རྕུ༌ལྡབ༌ སདས༌།”
6 ཏེ༌ནེ༌ ཨ༌ཀིཤ༌ཤི༌ དཱ༌བིད༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌ “སོན༌པོ༌ དཀོན༌མཆོག༌ ཡ༌ཝའེ༌ ཚན༌ནི༌ ནང༌ང༌ ཁྱོ༌རང༌ ལོ༌ཁྱེལ༌ཅན༌ མི༌ ཀྲང༌པོ༌ ཞིག༌ ཨིན༌ནོག༌།
ཁྱོ༌རང༌ ང༌ ཉམ༌པོ༌ མག༌ག༌ ཁྱེར༌ཅེས༌ལ༌ ང༌ ཐད༌པོ༌ ཨིན༌ ཅིའ༌ཟེར༌ན༌ ཁྱོ༌རང༌ ཡོང༌ཁན༌ནི༌ ཞག༌ནེ༌ དི༌རིང༌ ཚོག༌པ༌ ངའ༌ ཁྱོ༌རང༌ངི༌ ནང༌ང༌ སྐྱོན༌ ཅིག༌གའང༌ མ༌ཐོང༌ ཨིན༌ནའང༌ ཕི༌ལིས༌ཏི༌པའེ༌ ཞན༌ སྤོན༌བོ༌གུན༌ནི༌ ཁྱོ༌རང༌ངི༌ཀ༌ ཨིད༌ཤེས༌ ཅོའ༌ མི༌དུག༌།
7 ཏེ༌བོའེ༌ཕིའ༌ ཇུ༌ཇུ༌ ཁོང༌གུན༌ལ༌ སྲོ༌ ཡོང༌ མ༌ཅུག༌ག༌ ཅུབ༌ཅད༌ཏེ༌ ལོགས༌ཏེ༌ སོང༌།”
8 དཱ༌བིད༌དི༌ ཏྲིས༌,
“ང༌ ཉམ༌པོ༌ འི༌ཟུག༌ ཅོ༌ཅེས༌ལ༌ ངའེ༌ ཅི༌ ངན༌པ༌ ཅོས༌ཏོག༌།
གྱལ༌པོ༌ ངའེ༌ སྤོན༌བོའེ༌ གྲ༌འོ༌གུན༌ལ༌ ངའ༌ ནོལ༌ལ༌ ཆ༌ མི༌ཉན༌ཅེས༌,
ང༌ ཡོངས༌ཁན༌ནི༌ ཞག༌ནེ༌ དི༌རིང༌ ཚོག༌པ༌ ཉེ༌རང༌ངི༌ ཡོག༌པོ༌ ངའེ༌ གྱབ༌གལ༌ལ༌ ཉེ༌རང༌ང༌ ངན༌པ༌ ཅི༌ ཐོབ༌?”
9 ཨིན༌ནའང༌ ཨ༌ཀིཤ༌ཤི༌ ཡང༌སྐྱར༌ ཟེརས༌,
“ངའེ༌ ཕིའ༌ ཁྱོ༌རང༌ དཀོན༌མཆོག༌གི༌ ཕོ༌ཉ༌ ཙོགས༌ སྐྱོན༌མེད༌ ཨིན༌,
ཨིན༌ནའང༌ ཕི༌ལིས༌ཏི༌པ༌ མག༌སྤོན༌གུན༌ ཁྱོ༌རང༌ མག༌ག༌ ཉམ༌པོ༌ ཁྱེར༌ཅེས༌ལ༌ ཇིགས༌ དུག༌།
10 ཏ༌ ཐོ༌རེ༌ ང༌མོ༌ ནམ༌ལངས༌ས༌ཅིག༌ ཁྱོ༌ཞའ༌ ས༌འུལ༌ལི༌ ཀ༌ནེ༌ ཤོར༌ཏེ༌ ཡོང༌ཁན༌ ཚང༌མ༌ ལངས༌ཏེ༌ ལོགས༌ཏེ༌ སོང༌།”
11 ཏེ༌ནེ༌ ཕི༌ལིས༌ཏི༌པ༌གུན༌ནི༌ ས༌ཀྱད༌ལ༌ དཱ༌བིད༌ དང༌ ཁོའེ༌ མི༌གུན༌ ལོགས༌ཏེ༌ སོང༌ ཡང༌ ཕི༌ལིས༌ཏི༌པའེ༌ མག༌མི༌ ཡེཟ༌རེ༌འེལ༌ལ༌ སོང༌།