ས༌མུའེལ༌ ཀྲོངས༌།
25:1 ནེ༌ 44
25
ས༌མུའེལ༌ ཀྲོངས༌ ཡང༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ ཛོམས༌ཏེ༌ ཁོང༌ངི༌ ཕིའ༌ རྡུག༌པོ༌ ཅོས༌།
ཁོང༌གུན༌ནི༌ ཁོང༌ངི༌ སྤུར༌ ར༌མཧའེ༌ ནང༌ང༌ ཁོ༌རང༌ངི༌ ཁང༌པའེ༌ ཕི༌ལོག༌ག༌ སུབས༌།
ཏེ༌ནེ༌ དཱ༌བིད༌ ཐུར༌ལ༌ པ༌རན༌ནི༌ ཐང༌སྟོང༌ང༌ སོང༌།
2 མ༌འོན༌ནི༌ ནང༌ང༌ མི༌ ཆུག༌པོ༌ ཞིག༌ ཡོད༌པིན༌ ཡང༌ ཀར༌མེལ༌ལི༌ ཉེ༌ཁོར༌རི༌ ས༌ཀྱད༌ མང༌པོ༌ཞིག༌ ཁོའེ༌ ཨིན༌པིན༌།
ཁོའ༌ ལུག༌ 3,000 དང༌ ར༌མ༌ 1,000 ཡོད༌པིན༌ ཡང༌ ཏེ༌ ཏུས༌པོ༌ ཀར༌མེལ༌ལི༌ ནང༌ང༌ ར༌ལུག༌ བྲག༌ཅེས༌སི༌ ཏུས༌ ཨིན༌པིན༌།
3 ཏེ༌ མི༌བོའེ༌ མིང༌ ན༌བལ༌ ཡང༌ ཁོའེ༌ ན༌མ༌ ཨ༌བི༌གཱའིལ༌,
མ༌ ལྡེ༌མོ༌ དང༌ སམ༌བ༌ཅན༌ ཡོད༌པིན༌།
ཨིན༌ནའང༌ ཀེ༌ལེབ༌བི༌ པུར༌གྱུད༌ ན༌བལ༌ སྲོ༌དུང༌ཅན༌ དང༌ ཏང༌མ༌ཕོད༌ཁན༌ མི༌ཞིག༌ ཨིན༌པིན༌།
4 ཐང༌སྟོང༌ངི༌ ནང༌ང༌ དཱ༌བིད༌ལ༌ ན༌བལ༌ལི༌ ལུག༌གུན༌ བྲག༌དུག༌ ཟེར༌ཏེ༌ ཚོར༌ར༌ཅིག༌,
5 ཁོའེ༌ ཁོ༌རང༌ངི༌ ཞུ༌ནུ༌ རྕུ༌ ཀར༌མེལ༌ལ༌ ལམ༌ཅུགས༌ཏེ༌ ན༌བལ༌ལ༌ འི༌ཟུག༌ ཟེར༌ ཟེརས༌,
6 “ཉེ༌རང༌,
ཉེ༌རང༌ངི༌ ནང༌ཚངས༌ དང༌ ཉེ༌རང༌ང༌ ཡོད༌ཁན༌ ཚང༌མ༌ ཁམ༌ཟང༌ སྐྱིད༌པོ༌ ལུས༌ཤིག༌” ཟེར༌ཏེ༌ དཱ༌བིད༌དི༌ ཇུ༌ ཀལས༌།
7 “ཉེ༌རང༌ངི༌ ལུག༌གུན༌ བྲག༌དུག༌ ཟེར༌ཏེ༌ ངའེ༌ ཚོར༌།
ཉེ༌རང༌ངི༌ ལུག༌རྫི༌གུན༌ ཀར༌མེལ༌ལ༌ ང༌ཞའེ༌ ཕྲོའ༌ ཡོད༌ ཟ༌ནེ༌ ང༌ཞའེ༌ ཁོང༌གུན༌ལ༌ མ༌ནེ༌ ནོད༌པ༌ མ༌སྐྱལ༌པིན༌ ཡང༌ ལུག༌ ཅིག༌གའང༌ མ༌ རྐུས༌པིན༌།
8 ཉེ༌རང༌ངི༌ ཡོག༌པོ༌གུན༌ལ༌ ཏྲིས༌ ཡང༌ ཏེ༌ སྤེ༌ར༌གུན༌ དེན༌བ༌ ཨིན༌ཁན༌བོ༌ ཁོང༌གུན༌ནི༌ ཤད༌ཨིན༌།
འི༌ གའ༌སྟོན༌ནི༌ ཏུས༌ལ༌ ཉེ༌རང༌ངི༌ ང༌ཞའ༌ དང༌ ཉེ༌རང༌ངི༌ ཛ༌འོ༌ དཱ༌བིད༌ལ༌ ཟའ༌ཅེས༌ སལ༌ ཉན༌ཅེས༌པོ༌ སལ༌ཏེ༌ ཇུ༌ཇུ༌ ང༌ཞའེ༌ཀ༌ ཐུག༌རྗེ༌ ཛད༌།”
9 དཱ༌བིད༌དི༌ མི༌གུན༌ ན༌བལ༌ ཡོད༌ས༌ སོང༌ཏེ༌ དཱ༌བིད༌དི༌ ཀལ༌ཁན༌ནི༌ ལོན༌བོ༌ ཤད༌ཏེ༌ ཁོང༌གུན༌ ལན༌ནི༌ ཕིའ༌ སྲུངས༌།
10 ན༌བལ༌ལི༌ ལན༌ཏངས༌ཏེ༌ ཟེརས༌,
“དཱ༌བིད༌ ཟེར༌ཁན༌བོ༌ སུ༌ ཨིན༌ནོག༌?
ཡེ༌ཤེའེ༌ བུ༌ཚའེ༌ ཁོ༌ སུ༌ ཨིན༌ སམ༌མ༌ནོག༌།
དང༌དི༌རིང༌ང༌ ཁོ༌རང༌ངི༌ སྤོན༌བོ༌གུན༌ནི༌ ཀ༌ནེ༌ ཤོར༌ཁན༌ ཡོག༌པོ༌ མང༌པོ༌ ཡོད༌ཏེ༌ ཨིན༌ནོག༌།
11 ངའེ༌ ང༌རང༌ངི༌ ཏ༌གི༌ དང༌ ཆུ༌ ཡང༌ ང༌རང༌ངི༌ ལུག༌ བྲག༌ཁན༌གུན༌ནི༌ ཕིའ༌ སད༌ཁན༌ནི༌ ཤ༌གུན༌ ཁྲིམས༌ ཅགས༌ཏེ༌ ཤོར༌ཁན༌ནི༌ མི༌གུན༌ལ༌ ཅིའ༌ ཏང༌ཨིན༌?
ཅི༌ གྱུས༌ ཁོང༌གུན༌ ཀ༌ནེ༌ ཡོངས༌ཏེ༌ ཨིན༌།”
12 དཱ༌བིད༌དི༌ ཞུ༌ནུ༌གུན༌ ལོགས༌ཏེ༌ སོང༌ ཡང༌ ན༌བལ༌ལི༌ ཟེར༌ཁན༌གུན༌ ཁོའ༌ ཤདས༌།
13 དཱ༌བིད༌དི༌ ཁོ༌རང༌ངི༌ མི༌གུན༌ལ༌ ཟེརས༌,
“ཁྱོ༌ཞ༌གུན༌ནི༌ རང༌ངི༌ ར༌འི༌ སྐྱེད༌པ༌ ཏོག༌།”
ཡང༌ དཱ༌བིད༌དི༌ ཁོ༌རང༌ངི༌ ར༌འི༌ སྐེད༌པ༌ ཏགས༌།
མི༌ 400 དཱ༌བིད༌ ཉམ༌པོ༌ སོང༌ ཡང༌ མི༌ 200 ཟའ༌ཐུང༌གུན༌ སྲུང༌ང༌ལ༌ ཏེ༌རུ༌ དུགས༌།
14 ཏེན༌ན༌ ཟ༌ནེ༌ ན༌བལ༌ལི༌ ཡོག༌པོ༌ ཞིག༌ ཨ༌བི༌གཱའིལ༌ ཡོད༌ས༌ སོང༌ཏེ༌ ཟེརས༌,
“དཱ༌བིད༌དི༌ ལོན༌ ཁྱོང༌ཁན༌གུན༌ ང༌དང༌ངི༌ སྤོན༌བོའ༌ ཇུ༌ ཞུའ༌ལ༌ ཀལ༌ཏེ༌ དུག༌ ཨིན༌ནའང༌ ཁོང༌ངི༌ ཁོང༌གུན༌ལ༌ ཀུ༌ཅོ༌ ཏངས༌ཏེ༌ ཁྲེལ༌བ༌ ཅོས༌།
15 ཁོང༌གུན༌ ང༌ཞ༌གུན༌ ཉམ༌པོ༌ ཡོད༌ ཏུས༌ ཁོང༌གུན༌ནི༌ ང༌ཞའ༌ མ༌ གྱལ༌ལ༌ ཅོས༌ ཡང༌ ང༌ཞའ༌ ཅའང༌ ནོད༌ མ༌སྐྱལས༌།
ང༌ཞའེ༌ ཕྲོའ༌ ཁོང༌གུན༌ ཡོད༌ ཟ༌ནེ༌ ང༌དང༌ངི༌ ལུག༌ ཅིག༌གའང༌ རྐུས༌ཏེ༌ མ༌ཁྱེརས༌།
16 ཚན༌ཉིན༌ ཚང༌མ༌ ཁོང༌གུན༌ ང༌ཞའ༌ དང༌ ང༌དང༌ངི༌ ལུག༌གུན༌ནི༌ ཕིའ༌ སྲུང༌སྐྱོབ༌ ཅོ༌ཁན༌ནི༌ ཀྱང༌ར༌ ཙོགས༌ ཡོད༌པིན༌།
17 ཏ༌ འི༌བོའེ༌ སྐོར༌ལ༌ སམ༌བ༌ སལ༌ཏེ༌ ཅི༌ཏོང༌ཤིག༌ ཅོའ༌ ཛད༌ ཏེ༌མན༌ན༌ ང༌དང༌གུན༌ནི༌ སྤོན༌བོ༌ དང༌ ཁོང༌ངི༌ ནང༌ཚངས༌ གང༌པོའ༌ ཇིགས༌ནང༌ ཡོད༌ཏེ༌ ཨིན༌ནོག༌།
ང༌ཞའེ༌ སྤོན༌བོ༌ མི༌ ངན༌པ༌ ཨིན༌ཅེས༌པའེ༌ སུའིང༌ ཁོང༌ང༌ སྤེ༌ར༌ ཟེར༌ མི༌ཉན༌།”
18 ཨ༌བི༌གཱའིལ༌ལི༌ ཏུས༌ གོད༌ལ༌ མ༌ཏང༌ང༌ ཏ༌གི༌ 200,
སྐྱ༌པ༌ ཉིས༌སི༌ ནང༌ང༌ ཆང༌ སྐངས༌,
ལུག༌ སད༌ཁན༌ ལྔ༌,
གྲུ༌ རྔོ༌ཁན༌ ཀི༌ལོ༌ 40,
བ༌ཤོ༌ ནན༌ཏེ༌ ཁོ༌ལག༌ ཅོ༌ཁན༌ 100 ཡང༌ ཕིག༌ ནན༌ཏེ༌ ཁོ༌ལག༌ ཅོ༌ཁན༌ 200 གྱོགས༌པ༌ བུང༌བུ༌གུན༌ནི༌ཀ༌ ཀལས༌།
19 ཡང༌ ཁོ༌རང༌ངི༌ ཡོག༌པོ༌གུན༌ལ༌ ཟེརས༌ “ངའེ༌ སང༌ སྔུན༌ལ༌ སོང༌།
ང༌ ཁྱོ༌ཞ༌གུན༌ནི༌ སྟིང༌རང༌ནེ༌ ཡོང༌ཨིན༌།”
ཨིན༌ནའང༌ ཁོའེ༌ ཁོ༌རང༌ངི༌ མག༌པ༌ ན༌བལ༌ལ༌ མ༌ཤདས༌།
20 ཁོ༌ བུང༌བུའི༌ཀ༌ ཞོན༌ཏེ༌ རི༌ ལྡོ༌ནེ༌ ཆ༌ ཟ༌ནེ༌ ཁོའ༌ དཱ༌བིད༌ དང༌ ཁོའེ༌ མི༌གུན༌ ཁོ༌ ཆོགས༌ལ༌ ཐུར༌ལ༌ ཡོང༌ཨིན༌ ཐོང༌།
ཡང༌ ཁོའེ༌ ཁོང༌གུན༌ ཐུག༌།
21 དཱ༌བིད༌དི༌ ཟེར༌ཨིན༌ ཡོད༌པིན༌,
“ང༌དང༌ངི༌ ཐང༌སྟོང༌ངི༌ ནང༌ང༌ འི༌ མི༌བོའེ༌ ར༌ལུག༌ ཅིག༌གའང༌ སྟོར༌ མ༌ཅུག༌ག༌ སྐྱོབས༌ཏེ༌ བོར༌པིན༌།
ཨིན༌ནའང༌ རོགས༌ ཅོས༌ཏེ༌ གྱལ༌ལ༌ ཅོ༌ཁན༌ནི༌ ཚབས༌ལ༌ ཁོའེ༌ ངན༌པ༌ ཅོས༌ཏེ༌ ཨིན༌ནོག༌།
22 ཀལ༌ཏེས༌ ངའེ༌ ཐོ༌རེ༌ ང༌མོ༌ ཚག༌པ༌ ཁོའེ༌ ཡོག༌པོ༌ ཅིག༌གའང༌ སོན༌ཏེའ༌ བོར༌ན༌ དཀོན༌མཆོག༌གི༌ ང༌ སད༌ད༌ ཛད༌ཤིག༌།”
23 ཨ༌བི༌གཱའིལ༌ལི༌ དཱ༌བིད༌ ཐོང༌ང༌ཅིག༌ ཁོ༌ གྱོགས༌པ༌ བུང༌བུའི༌ ཀ༌ནེ༌ བབས༌ ཡང༌ ཁོའེ༌ དུན༌ལ༌ སའེ༌ཀ༌ གྱེལ༌ཏེ༌ ཆག༌ཕུལས༌།
24 བུ༌མོའེ༌ དཱ༌བིད༌དི༌ རྐང༌པ༌ ཐམས༌ཏེ༌ ཟེརས༌,
“ངའེ༌ སྤོན༌བོ༌,
འི༌ ཇུང༌ཁན༌བོའེ༌ སྐྱོན༌ ཚང༌མ༌ ངའེ༌ ལེན༌ནད༌།
ཇུ༌ཇུ༌ ངའེ༌ ཟེར༌ཅེས༌ཅན༌བོའ༌ ཉན༌ན༌ ཛད༌།
25 ན༌བལ༌ ངན༌པ༌ དང༌ མི༌ སྲོན༌ཇན༌ ཡོད༌ཁན༌བོ༌ ང༌ གྱུས༌ཡོད༌,
ཇུ༌ཇུ༌ ཁོའེ༌ ཟེར༌ཁན༌བོའ༌ སྣང༌ང༌ སལ༌ལ༌ མ༌ཛད༌།
ཁོ༌རང༌ངི༌ མིང༌ངི༌ ཏོན༌ ཙོགས༌ ཁོ༌ བུང༌བུ༌ ཨིན༌ནོག༌།
ཉེ༌རང༌ངི༌ ཀལ༌ཁན༌ནི༌ ཞུ༌ནུ༌ ཅིག༌གའང༌ ངའ༌ མ༌ཐུག༌།”
26 ཡ༌ཝའེ༌ ཉེ༌རང༌ མི༌གུན༌ སད༌ཅེས༌ནེ༌ སྐྱོབས༌ཏེ༌ ཉེ༌རང༌ངི༌ ལག༌ནེ༌ ནོད༌པ༌ སྐྱལ༌ ཅུག༌ག༌ མ༌ཛདས༌།
ཏ༌ སོན༌པོ༌ དཀོན༌མཆོག༌ ཡ༌ཝའེ༌ ཚན༌ དང༌ ཉེ༌རང༌ངི༌ ཚན༌ནི༌ ནང༌ང༌ ན༌བལ༌ལ༌ སལ༌ལ༌ ཛད༌ཅེས༌སི༌ ཆད༌པ༌ ཙོགས༌ ཉེ༌རང༌ངི༌ གྲ༌འོ༌ དང༌ ཉེ༌རང༌ང༌ ནོད༌པ༌ སྐྱལ༌ཅེས༌ ཅོ༌ཁན༌ ཚང༌མ༌ལ༌ སལ༌ཤིག༌།
27 སྤོན༌བོ༌ལེ༌,
ཇུ༌ཇུ༌ ཉེ༌རང༌ངི༌ ཡོག༌མོའེ༌ ཉེ༌རང༌ དང༌ ཉེ༌རང༌ངི༌ མི༌གུན༌ནི༌ ཕིའ༌ ཁྱོངས༌ཁན༌ནི༌ སྐྱེས༌གུན༌ ནམས༌ས༌ ཛད༌།
28 ཇུ༌ཇུ༌ ངའེ༌ ཅོ༌ཁན༌ནི༌ ནོར༌ཁྲུལ༌གུན༌ལ༌ གོངས༌པ༌ སལ༌།
ཡ༌ཝའེ༌ ཏན༌ཏན༌ ཉེ༌རང༌ངི༌ གྱལ༌སྲིད༌ ཏུས༌ རིང༌མོའེ༌ ཕིའ༌ སྟན༌པོ༌ ཛད༌ཨིན༌ ཅིའ༌ཞུ༌ན༌ ཉེ༌རང༌ངི༌ ཡ༌ཝའེ༌ མག༌པོ༌ ནོལ༌ཏེ༌ ཨིན༌ནོག༌།
ཡང༌ ངན༌པ༌ ལས༌ཤིག༌ ཉེ༌རང༌ངི༌ མི༌ཚེ༌ གང༌པོའེ༌ ནང༌ང༌ མ༌ནེ༌ མ༌ཐོབ༌ཤིག༌།
29 ཉེ༌རང༌ངི༌ གྲ༌འོའེ༌ ཉེ༌རང༌ སད༌ཅེས༌སི༌ ཕིའ༌ ཏེད༌ཏེ༌ ཁྱོང༌ ཟ༌ནེའང༌ ཡ༌ཝ༌ དཀོན༌མཆོག༌གི༌ ལག༌ག༌ ཉེ༌རང༌ངི༌ སྲོག༌ སྟན༌པོ༌ ཡོད༌ཏེ༌ ཨིན༌ནོག༌།
ཨིན༌ནའང༌ ཡུག༌དོའེ༌ རྡོའ༌ ཐག༌རིང༌ང༌ ཕངས༌ཏེ༌ མེད༌ཁན༌ ཆའ༌ ཙོགས༌ལ༌ ཡ༌ཝའེ༌ ཉེ༌རང༌ངི༌ གྲ༌འོ༌གུན༌ནི༌ སྲོག༌ ཉམ༌པོ༌ ཛད༌ཤིག༌།
30 ཡ༌ཝའེ༌ ཛད༌ཁན༌ནི༌ ཞལ༌ཆད༌ ཟང༌པོ༌ ཚང༌མ༌ གྲུབ༌ཏེ༌ ཉེ༌རང༌ ཨིས༌ར༌ཨེལ༌ལི༌ ཝང༌སྲུལ༌པ༌ གྱུར༌ར༌ཅིག༌
31 སྤོན༌བོ༌ལེ༌,
ཉེ༌རང༌ རྡུག༌པོ༌ ཆ༌ཅེས༌སི༌ གྱུན༌ཚན༌ མེད༌ཏེ༌ ཨིན༌ནོག༌ ཅིའ༌ཟེར༌ན ཉེ༌རང༌ངི༌ ནོངས༌མེད༌ མི༌གུན༌ མ༌སདས༌ ཡ༌ ངན༌པའེ༌ ལན༌ལ༌ ངན༌པ༌ མ༌ཅོས༌།
ཡང༌ ཡ༌ཝའེ༌ ཉེ༌རང༌ང༌ གྱལ༌པོ༌ གྱུར༌ཅེས༌སི༌ ནང༌ང༌ ཁྲངས༌པོ༌ ལུས༌ཤུག༌ག༌ ཛད༌ ཟ༌ནེ༌ སྤོན༌བོ༌ལེ༌ ང༌ རྗེད༌ད༌ མ༌ཛད༌།”
32 དཱ༌བིད༌དི༌ ཨ༌བི༌གཱའིལ༌ལ༌ ལན༌ཏངས༌,
“ཨིས༌ར༌ཨེལ༌ལི༌ དཀོན༌མཆོག༌ ཡ༌ཝའ༌ སྟོད༌པ༌ ཕུལ༌།
ཁོང༌ངི༌ དི༌རིང༌ ཁྱོ༌རང༌ ངའ༌ ཐུག༌ག༌ལ༌ ལམ༌ཅུག༌ག༌ ཛདས༌།
33 ཁྱོ༌རང༌ངི༌ སམ༌བ༌ཅན༌ནི༌ ལས༌ ཅོ༌ཅེས༌པོའ༌ དཀོན༌མཆོག༌གི༌ ཅིན༌ལབས༌ སལ༌ཤིག༌།
ཁྱོ༌རང༌ངི༌ ང༌ དི༌རིང༌ མི༌གུན༌ སད༌ཅེས༌ནེ༌ སྐྱོབས༌ ཡང༌ ང༌རང༌ངི༌ ལག༌པ༌ནེ༌ ངན༌པའེ༌ ལན༌ལ༌ ངན༌པ༌ ཅོས༌ཏེ༌ སྡིག༌པ༌ ཅོ༌ མ༌ཅུགས༌།
34 ཨིས༌ར༌ཨེལ༌ལི༌ སོན༌པོ༌ དཀོན༌མཆོག༌ ཡ༌ཝའེ༌ ཚན༌ནི༌ ནང༌ང༌ ནའ༌ ཁུར༌རད༌,
ཁོང༌ངི༌ ང༌ ཁྱོ༌རང༌ང༌ ནོད༌པ༌ སྐྱལ༌ ཅུག༌ག༌ མ༌ཛདས༌།
ཀལ༌ཏེས༌ ཁྱོ༌རང༌ ངའ༌ ཐུག༌ག༌ལ༌ གྱོགས༌པ༌ མ༌ ཡོངས༌པིན༌ན༌ ན༌བལ༌ལི༌ ཡོག༌པོ༌ ཅིག༌གའང༌ ཐོ༌རེ༌ ང༌མོ༌ ཚོག༌པ༌ སོན༌ཏེའ༌ ལུས༌ཏེ༌ མེད༌གྲོ༌།”
35 ཏེ༌ནེ༌ དཱ༌བིད༌དི༌ ཁོའེ༌ ཁྱོང༌ཁན༌ ཚང༌མ༌ ལེནས༌ ཡང༌ ཁོའ༌ ཟེརས༌,
“ཁང༌པ༌ ཞི༌དེ༌ ཉམ༌པོ༌ ལོགས༌ཏེ༌ སོང༌།
ཁྱོ༌རང༌ངི༌ ཟེར༌ཁན༌གུན༌ ངའེ༌ ཚོར༌ ཡང༌ ཁྱོ༌རང༌ངི༌ ཞུ༌ཁན༌གུན༌ ངའེ༌ ཅོ༌ཨིན༌།”
36 ཨ༌བི༌གཱའིལ༌ ཁང༌པ༌ ལེབ༌བ༌ཅིག༌ ན༌བལ༌ལི༌ གྲོན༌ ཀྲག༌པོ༌ ཏང༌ཨིན༌ གྱལ༌པོ༌ ཙོགས༌ལ༌ སྐྱིད༌པོ༌ ཅོ༌ཨིན༌ ཁོའེ༌ ཐོང༌།
ཁོ༌ མ༌སྲན༌ཏྲེ༌ ར༌རོས༌ཏེ༌ ཡོད༌ པ༌སང༌ ང༌མོ༌ ཚོག༌པ༌ དཱ༌བིད༌ ཉམ༌པོ༌ ཐུག༌ཁན༌ནི༌ སྐོར༌ལ༌ ཨ༌བི༌གཱའིལ༌ལི༌ ཁོའ༌ མ༌ཤདས༌།
37 ང༌མོ༌ ན༌བལ༌ ར༌ཇུས༌ཏེ༌ ཡོད༌ ཟ༌ནེ༌ ཁོའེ༌ ན༌མའེ༌ ཁོའ༌ ཏེ༌ ཚང༌མའེ༌ སྐོར༌ལ༌ ཤདས༌པ༌ ཁོའ༌ ཟའ༌ཕོག༌ཏེ༌ རྡོའ༌ ཙོགས༌ གྱུར༌ཏེ༌ མལ༌ཙེ༌ཀ༌ ལུས༌།
38 ཧ༌ལམ༌ ཞག༌མ༌ རྕུའི༌ སྟིང༌ནེ༌ ཡ༌ཝའེ༌ ཁོའེ༌ སྲོག༌པོ༌ ལེནས༌ ཡང༌ ཁོ༌ ཤི༌།
39 དཱ༌བིད༌ལ༌ ན༌བལ༌ ཤི༌ཏོག༌ ཟེར༌ཏེ༌ ཚོར༌ར༌ཅིག༌ ཁོའེ༌ ཟེརས༌,
“ཡ༌ཝའ༌ སྟོད༌པ༌ ཕུལ༌ ཁོང༌ངི༌ ན༌བལ༌ལི༌ ངའ༌ མ༌བེབས༌ ཅོ༌ཁན༌ནི༌ ལན༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌ ཡང༌ ཁོང༌ངི༌ ང༌ ཏེ༌ སྡིག༌པ༌ ཅོ༌ཅེས༌ནེ༌ སྐྱོབ༌བ༌ ཛདས༌།
ན༌བལ༌ལ༌ ཁོ༌རང༌ངི༌ སྡིག༌པའེ༌ ཆད༌པ༌ ཕོག༌ཏེ༌ ཨིན༌ནོག༌།”
ཏེ༌ནེ༌ དཱ༌བིད༌དི༌ ཨ༌བི༌གཱའིལ༌ལ༌ ཁོའེ༌ ན༌མ༌ གྱུར༌ཅེས༌སི༌ ཕིའ༌ ཞུ༌ལོན༌ ཀལས༌།
40 ལོན༌ ཁྱེར༌ཁན༌གུན༌ ཀར༌མེལ༌ལ༌ ལེབས༌ཏེ༌ ཨ༌བི༌གཱའིལ༌ལ༌ ཟེརས༌,
“དཱ༌བིད༌དི༌ ཉེ༌རང༌ ཁོང༌ངི༌ ན༌མ༌ གྱུར༌ཅེས༌ལ༌ ཉེ༌རང༌ ཁྲིད༌ཏེ༌ ཁྱོང༌ཅེས༌ལ༌ ང༌ཞའ༌ ལམ༌ ཅུགས༌།”
41 ཨ༌བི༌གཱའིལ༌ལི༌ སའེ༌ཀ༌ གྱེལ༌ཏེ༌ ཆག༌ཕུལས༌ ཡང༌ ཟེརས༌,
“ང༌,
ཉེ༌རང༌ངི༌ ཡོག༌མོ༌ དཱ༌བིད༌ལ༌ ན༌མ༌ ཅོ༌ཅེས༌ལ༌ ཐད༌པོ༌ ཨིན༌ མ༌ཚད༌ ངའེ༌ ཁོང༌ངི༌ ཡོག༌པོ༌གུན༌ནི༌ རྐང༌པའང༌ ཁྲུ༌ ཨིན༌།”
42 གྱོགས༌པ༌ གྲལ༌གྲིག༌ ཅོས༌ཏེ༌ ཁོའེ༌ ཁོ༌རང༌ངི༌ ཡོག༌མོ༌ ལྔ༌ ཁྲིད༌ཏེ༌ བུང༌བུའི༌ཀ༌ ཞོནས༌ ཡང༌ དཱ༌བིད༌དི༌ ལོན༌ ཁྱོང༌ཁན༌གུན༌ ཉམ༌པོ༌ སོང༌ ཡང༌ ཁོ༌ དཱ༌བིད༌དི༌ ན༌མ༌ གྱུར༌།
43 དཱ༌བིད༌དི༌ ཡེཟ༌རེ༌འེལ༌མ༌ ཨ༌ཧི༌ནོའམ༌ ཉམ༌པོའང༌ བག༌སྟོན༌ ཅོས༌ཏེ༌ ཨིན༌པིན༌།
ཁོང༌ ཉིས༌ཀོ༌ ཁོའེ༌ ན༌མའ༌ ཨིན༌ནོག༌།
44 ཏ༌ ས༌འུལ༌ལི༌ ཁོ༌རང༌ངི༌ བུ༌མོ༌ མི༌ཁལ༌ ཀ༌བོ༌ དཱ༌བིད༌དི༌ ན༌མ༌ ཨིན༌པིན༌ ཁོ༌ གལ༌ལིམ༌པ༌ ལཱའིཤ༌ཤི༌ བུ༌ཚ༌ པལ༌ཀྲི༌འེལ༌ལ༌ ན༌མ༌ ཏངས༌།