ས༌མུའེལ༌ལི༌ དཱ༌བིད༌ལ༌ མར༌ ལུགས༌ཏེ༌ ལྡམས༌།
16:1 ནེ༌ 13
16
ཡ༌ཝའེ༌ ས༌མུའེལ༌ལ༌ མོལས༌,
“ཏ༌རུང༌ ཙམ༌ཤིག༌ ཁྱོ༌རང༌ངི༌ ས༌འུལ༌ལི༌ ཕིའ༌ ཉ༌ངན༌ ཅོའད༌?
ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌ ཝང༌སྲུལ༌ཅེས༌སི༌ ཝང༌ཆ༌ ངའེ༌ ཁོའེ༌ ཀ༌ནེ༌ ཐེན༌ཏེ༌ མེད༌།
ཁྱོ༌རང༌ངི༌ རཱ༌ཅོའེ༌ ནང༌ང༌ མར༌ སྐོང༌ ཡང༌ ཁྱོ༌རང༌ ངའེ༌ ལམ༌ཅུག༌སའེ༌ ནས༌ས༌ བེད༌ལེ༌ཧེམ༌པ༌ ཡེ༌ཤེ༌ ཡོད༌ས༌ སོང༌།
ངའེ༌ ཁོའེ༌ བུ༌ཚ༌ ཅིག༌ ང༌རང༌ངི༌ མི༌གུན༌ནི༌ ཕིའ༌ གྱལ༌པོའ༌ ལྡམས༌ཏེ༌ ཨིན༌།”
2 ཨིན༌ནའང༌ ས༌མུའེལ༌ལི༌ ཟེརས༌,
“ང༌ ཀ༌ཟུག༌གི༌ ཆེན༌?
ཏེ༌བོ༌ ས༌འུལ༌ལ༌ ཚོར༌ན༌ ང༌ སད༌ད༌ནོག༌།”
ཡ༌ཝའེ༌ མོལས༌,
“བེ༌ཙོ༌ མ༌ སྐྱེ༌ཁན༌ནི༌ བ༌ལང༌ ཞིག༌ ཉམ༌པོ༌ ཁྱེར༌ ཡང༌ ‘ང༌ ཡ༌ཝའ༌ ཆོད༌པ༌ ཕུལ༌ལ༌ ཡོངས༌ཏེ༌ ཨིན༌’ ཟེར༌།
3 ཡེ༌ཤེའ༌ ཆོད༌པ༌ ཕུལ༌ཅེས༌སི༌ ནང༌ང༌ ཐུས༌ཤེས༌ལ༌ བོད༌ ཡང༌ ངའེ༌ ཁྱོ༌རང༌ང༌ ཁོའེ༌ བུ༌ཚ༌ ལྡམ༌ཁན༌བོ༌ སྟན༌ཨིན༌།
ཁྱོ༌རང༌ངི༌ ཁོའེ༌ གོའེ༌ཀ༌ མར༌ ལུགས༌ཏེ༌ ལྡོམ༌།”
4 ཏེ༌ནེ༌ ས༌མུའེལ༌ལི༌ ཡ༌ཝའེ༌ མོལ༌ཁན༌ ནང༌ཞིན༌ ཅོས༌།
ཁོ༌ བེད༌ལེ༌ཧེམ༌མ༌ ལེབ༌བ༌ཅིག༌,
གྲོང༌ཁྱེར༌རི༌ འུ༌སྐྱོང༌གུན༌ ཇིགས༌ཨིན༌ ཁོང༌ང༌ ཐུག༌ག༌ལ༌ ཡོངས༌ཏེ༌ ཟེརས༌,
“ཉེ༌རང༌ངི༌ ང༌ཞའེ༌ ཕིའ༌ ཞི༌དེ༌ ལོན༌ ཁྱོང༌ང༌ ཛད༌ཏེ༌ ཨིན༌ན༌?”
5 ས༌མུའེལ༌ལི༌ ལན༌ཏངས༌ “ངའ༌ ཞི༌དེ༌ ཉམ༌པོ༌,
ཡ༌ཝའ༌ ཆོད༌པ༌ ཕུལ༌ལ༌ ཡོངས༌ཏེ༌ ཨིན༌།
ཁྱོ༌ཞ༌རང༌གུན༌ རྩང༌མ༌ ཅོས༌ཏེ༌ ང༌ ཉམ༌པོ༌ ཆོད༌པ༌ ཕུལ༌ལ༌ ཡོང༌།”
ཏེ༌ནེ༌ ས༌མུའེལ༌ལི༌ ཡེ༌ཤེ༌ དང༌ ཁོའེ༌ བུ༌ཚ༌གུན༌ རྩང༌མ༌ ཅོས༌ཏེ༌ ཁོང༌གུན༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ བོདས༌།
6 ཁོང༌གུན༌ ལེབ༌བ༌ཅིག༌,
ས༌མུའེལ༌ལི༌ ཡེ༌ཤེ༌ བུ༌ཚ༌ ཨེ༌ལི༌འབ༌ ཐོང༌ཏེ༌ སམས༌,
“འི༌ཀ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཁོང༌ངི༌ ལྡམ༌མ༌ ཛད༌ཁན༌བོ༌ ཏན༌ཏན༌ ཡོད༌ཏེ༌ ཨིན༌ནོག༌།”
7 ཨིན༌ནའང༌ ཡ༌ཝའེ༌ ས༌མུའེལ༌ལ༌ མོལས༌,
“ཁོའེ༌ ཟུགས༌ རིང༌མོ༌ ཡ༌ ཁོ༌ སྔམ༌ཤན༌ ཐོང༌ཅེས༌པོའེ༌ཀ༌ མ༌ཆ༌,
ངའེ༌ ཁོ༌ མ༌ལྡམ༌མ༌ ཨིན༌།
མི༌ ལྟའ༌ཁན༌བོ༌ ཡ༌ཝའེ༌ ལྟའ༌ མ༌ནོག༌།
མི༌གུན༌ནི༌ ཕི༌ལོག༌གི༌ ཐོང༌ཟོའ༌ ལྟའ༌ནོག༌ ཨིན༌ནའང༌ ཡ༌ཝའེ༌ སྙིང༌ང༌ ལྟའ༌ནོག༌།”
8 ཏེ༌ནེ༌ ཡེ༌ཤེ༌ ཨ༌བི༌ན༌དབ༌ བོདས༌ ཡང༌ ཁོ༌ ས༌མུའེལ༌ལི༌ དུན༌ལ༌ ཁྱོངས༌ ཨིན༌ནའང༌ ས༌མུའེལ༌ལི༌ ཟེརས༌,
“ཡ༌ཝའེ༌ ཁོའང༌ ལྡམ༌མ༌ མ༌ཛད༌ད༌ ཨིན༌ནོག༌།”
9 ཏེ༌ནེ༌ ཡེ༌ཤེ༌ ཤམ༌མཧ༌ ཁྱོངས༌ ཨིན༌ནའང༌ ས༌མུའེལ༌ལི༌ ཟེརས༌,
“ཡ༌ཝའེ༌ ཁོའང༌ ལྡམ༌མ༌ མ༌ཛད༌ད༌ ཨིན༌ནོག༌།”
10 ཡེ༌ཤེ༌ ཁོ༌རང༌ངི༌ བུ༌ཚ༌ རྡུན༌བོ༌ ས༌མུའེལ༌ལི༌ དུན༌ལ༌ ཁྱོངས༌ ཨིན༌ནའང༌ ས༌མུའེལ༌ལི༌ ཁོའ༌ ཟེརས༌ “ཡ༌ཝའེ༌ ཁོང༌གུན༌ནི༌ ནང༌ནེ༌ ཅིག༌གའང༌ ལྡམ༌མ༌ མ༌ཛད༌ད༌ ཨིན༌ནོག༌།”
11 ཏེ༌ནེ༌ ས༌མུའེལ༌ལི༌ ཡེ༌ཤེ༌ ཏྲིས༌ “ཁོང༌གུན༌ མ༌ནེ༌ ཁྱོ༌རང༌ང༌ ཞན༌ བུ༌ཚ༌ མེད༌ད༌?”
ཡེ༌ཤེ༌ ལན༌ཏངས༌,
“ཏ༌རུང༌ ཅིག༌,
བུ༌ཚ༌ ཆུང༌ཤོག༌པོ༌ ཡོད༌ལེ༌ ཨིན༌ནའང༌ ཁོ༌ ར༌ལུག༌ ཚོའ༌ སོང༌ཏེ༌ མེད༌།”
ས༌མུའེལ༌ལི༌ ཟེརས༌,
“དག༌ས༌རང༌ ཁོ༌ ཁྱོང༌ང༌ ལམ༌ཅུག༌ ཁོ༌ ལེབས༌ཏེ༌ མ༌ནེ༌ ང༌དང༌ སུ༌ཞིག༌གའང༌ ཁར༌ཇི༌ ཟའ༌ཅེས༌ལ༌ སའེ༌ཀ༌ མི༌དུག༌།”
12 ཏེ༌བོའེ༌ཕིའ༌ ཡེ༌ཤེའེ༌ མི༌ ལམ༌ཅུགས༌ཏེ༌ ཁོ༌ ཁྱོངས༌།
ཁོ༌ ནུམ༌ཤ༌ཁོལ༌ཁོལ༌,
མ༌ སྔམ༌ཤན༌ ཡང༌ མིག༌གུན༌ ཁྲ༌ཆེམ༌ཆེམ༌ ཡོད༌པིན༌།
ཏེ༌ནེ༌ ཡ༌ཝའེ༌ མོལས༌,
“འིན༌ན༌བོ༌ ཨིན༌,
ལོངས༌ ཡང༌ ཁོའེ༌ གོའེ༌ཀ༌ མར༌ ལུགས༌ཏེ༌ ཁོ༌ ལྡོམ༌།”
13 ཏེ༌ནེ༌ ས༌མུའེལ༌ལི༌ མར༌ སྐངས༌ཁན༌ནི༌ ར༌ཅོ༌ ཁྱོངས༌ ཡང༌ ཁོའེ༌ ཨ༌ཅོ༌གུན༌ནི༌ དུན༌ལ༌ ཁོའེ༌ གོའེ༌ཀ༌ མར༌ ལུགས༌།
ཏེན༌ན༌ ཞག༌ནེ༌ ཕར༌ལ༌ ཡ༌ཝའེ༌ ཐུག༌ཉིད༌ དཱ༌བིད༌ ཉམ༌པོ༌ ལུས༌།
ཏེ༌ནེ༌ ས༌མུའེལ༌ ལོགས༌ཏེ༌ ར༌མཧ༌ སོང༌།
དཱ༌བིད༌དི༌ ས༌འུལ༌ལ༌ ཞབས༌ཏོག༌ ཞུས༌།
16:14 ནེ༌ 23
14 ཏ༌ ས༌འུལ༌ལི༌ ནང༌ནེ༌ ཡ༌ཝའེ༌ ཐུག༌ཉིད༌ བིང༌ཏེ༌ སྐྱོདས༌ ཡང༌ ཡ༌ཝའེ༌ ཁོའེ༌ ནང༌ང༌ སེམས༌ཉིད༌ ངན༌པ༌ ལམ༌ཅུག༌ག༌ ཛད༌ཏེ༌ ཁོའ༌ ནགས༌ སྟན༌ཅུགས༌།
15 ས༌འུལ༌ལི༌ ཡ༌ཏོ༌གུན༌ནི༌ ཁོའ༌ ཟེརས༌,
“དཀོན༌མཆོག༌གི༌ ཀལ༌ལ༌ ཛད༌ཁན༌ སེམས༌ཉིད༌ ངན༌པའེ༌ ཉེ༌རང༌ང༌ ནགས༌ སྟན༌ཏེ༌ ཨིན༌ནོག༌།
16 ང༌ཞའེ༌ སྤོན༌བོ༌ལེ༌,
ཏ༌ ཉེ༌རང༌ངི༌ ཕིའ༌ ཧརྦ༌ རོལ༌མོ༌ རོལ༌ཁན༌ཞིག༌ ཙལ༌ཅེས༌ལ༌ ཉེ༌རང༌ངི༌ ཡོག༌པོའ༌ བཀའ༌ སལ༌།
སེམས༌ཉིད༌ ངན༌པའེ༌ ཉེ༌རང༌ང༌ ནགས༌ སྟན༌ ཟ༌ནེ༌ ཁོའེ༌ རོལ༌མོ༌ རོལ༌ཏེ༌ ཉེ༌རང༌ངི༌ སེམས༌ལ༌ ཞི༌དེ༌ ཁྱོང༌ཨིན༌།”
17 ས༌འུལ༌ལི༌ ཁོ༌རང༌ངི༌ ཡ༌ཏོའ༌ ཟེརས༌,
“གྱལ༌ལ༌ རོལ༌མོ༌ རོལ༌ཁན༌ཞིག༌ ཙལ༌ཏེ༌ ང༌ ཡོད༌ས༌ ཁྱོང༌།”
18 ཡོག༌པོ༌ ཅིག༌གི༌ ལན༌ཏངས༌ “བེད༌ལེ༌ཧེམ༌པ༌ ཡེ༌ཤེ༌ བུ༌ཚ༌ ཧརྦ༌ རོལ༌མོ༌ རོལ༌ལ༌ ཁས༌པ༌ ཡོད༌ཁན༌ ངའེ༌ ཐོང༌།
ཁོ༌ སེམ༌སྟོབས༌,
ནོལ༌ལ༌ ཁས༌པ༌,
སྤེ༌ར༌ གྱལ༌ལ༌ ཏང༌ཁན༌ དང༌ ཛེས༌པོ༌ མི༌ཞིག༌ དུག༌།
ཡང༌ ཡ༌ཝ༌ ཁོ༌ ཉམ༌པོ༌ ཞུག༌ས༌ ཛད༌དུག༌།”
19 ཏེ༌ནེ༌ ས༌འུལ༌ལི༌ ཡེ༌ཤེ༌ ཡོད༌ས༌ ལོན༌ཁྱེར༌ཁན༌ ལམ༌ཅུགས༌ཏེ༌ ཟེརས༌,
“ལུག༌གུན༌ནི༌ སྟ༌སྟོག༌ ཅོ༌ཁན༌ ཉེ༌རང༌ངི༌ བུ༌ཚ༌ དཱ༌བིད༌ ང༌ ཡོད༌ས༌ ལམ༌ཅུག༌།”
20 ཡེ༌ཤེ༌ བུང༌བུའི༌ཀ༌ ཏ༌གི༌,
སྐྱ༌པ༌ སྐངས༌ཏེ༌ རྒུན༌ཆང༌ དང༌ རི༌གུ༌ ཀལ༌ཏེ༌ ཁོ༌རང༌ངི༌ བུ༌ཚ༌ དཱ༌བིད༌ ཉམ༌པོ༌ ས༌འུལ༌ལ༌ ཀལས༌།
21 དཱ༌བིད༌ ས༌འུལ༌ ཡོད༌ས༌ སོང༌ ཡང༌ ཁོའ༌ ཞབས༌ཏོག༌ ཞུགས༌།
ས༌འུལ༌ དཱ༌བིད༌དི༌ཀ༌ མ༌སྲན༌ཏྲེ༌ ཐད༌ ཡང༌ ཁོ༌ ས༌འུལ༌ལི༌ མག༌ཆའ༌ ཁུར༌ཁན༌བོ༌ གྱུར༌།
22 ཏེ༌ནེ༌ ས༌འུལ༌ལི༌ ཡེ༌ཤེའ༌ ལོན༌ ཀལ༌ཏེ༌ ཟེརས༌,
“དཱ༌བིད༌ ངའ༌ ཞབས༌ཏོག༌ ཞུ༌ཅེས༌ལ༌ འི༌རུ༌ དུག༌ཅུག༌ ཅིའ༌ཟེར༌ན༌ ང༌ ཁོའེ༌ཀ༌ མ༌སྲན༌ཏྲེ༌ ཐད༌ཏེ༌ རག༌།”
23 དཀོན༌མཆོག༌གི༌ ཀལ༌ལ༌ ཛད༌ཁན༌ སེམས༌ཉིད༌ ངན༌པ༌ ས༌འུལ༌ལི༌ཀ༌ བབས༌ ཟ༌ནེ༌ དཱ༌བིད༌དི༌ ཧརྦ༌ རོལ༌མོ༌ རོལ༌ལད༌པིན༌ ཡང༌ ཁོའེ༌ ནང༌ནེ༌ སེམས༌ཉིད༌ ངན༌པ༌ བིངས༌ཏེ༌ ཁོའ༌ ཞི༌དེ༌ ཐོབ༌བད༌པིན༌།