ཡ༌ཝ༌ དཀོན༌མཆོག༌གི༌ ས༌འུལ༌ ཕང༌ང༌ ཛདས༌།
15:1 ནེ༌ 35
15
ས༌མུའེལ༌ལི༌ ས༌འུལ༌ལ༌ ཟེརས༌,
“ཡ༌ཝའེ༌ ཁྱོ༌རང༌ ཁོང༌ངི༌ མི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གྱལ༌པོའ༌ མར༌ ལུགས༌ཏེ༌ ལྡམ༌ཅེས༌ལ༌ ངའ༌ ཀལ༌ལ༌ ཛདས༌།
ཏེ༌བོའེ༌ཕིའ༌ ཡ༌ཝའེ༌ སལ༌ཁན༌ནི༌ འི༌ ལོན༌བོའ༌ ཉོན༌།
2 ཡ༌ཝ༌ ཀུན༌ཝང༌ དཀོན༌མཆོག༌གི༌ མོལས༌,
‘ཨིས༌ར༌ཨེལ༌པ༌གུན༌ ཨི༌ཇིབ༌ནེ༌ བིང༌ཏེ༌ ཡོང༌ ཟ༌ནེ༌ ཨ༌མ༌ལིཀ༌པ༌གུན༌ནི༌ ཁོང༌གུན༌ལ༌ སྤུང༌གོལ༌ ཅོ༌ཅེས༌པོའེ༌ ཞས༌ཏེ༌ ངའེ༌ ཁོང༌གུན༌ལ༌ ཆད༌པ༌ ཏང༌ཨིན༌།’
3 ཏ༌ སོང༌ ཡང༌ ཨ༌མ༌ལིཀ༌པའེ༌ གྱལ༌ཁམས༌ གང༌པོ༌ ཡང༌ན༌ བུ༌ཚ༌,
བུ༌མོ༌,
ཕྲུ༌གུ༌,
ཕྲུ༌གུ༌ ཆུ༌ངུན༌,
བ༌ལང༌,
ལུག༌,
ར༌མ༌,
རྔ༌བོང༌ དང༌ བུང༌བུ༌ ཚང༌མ༌ མེད༌ཁན༌ ཅོས༌,
ཅི༌ཞིག༌གའང༌ སོན༌ཏེའ༌ མ༌བོར༌།”
4 ཏེ༌ནེ༌ ས༌འུལ༌ལི༌ ཁོ༌རང༌ངི༌ མག༌མི༌གུན༌ བོད༌ཏེ༌ ཏི༌ལ༌འིམ༌མི༌ ནང༌ང༌ ཁོང༌གུན༌ གྲལ༌གྲིག༌ ཅོས༌,
ཏེ༌རུ༌ ཨིས༌ར༌ཨེལ༌ལི༌ ཅང༌ ཆོགས༌སི༌ ཡུལ༌ཇོངས༌ནེ༌ མག༌མི༌ 200,000 དང༌ ལྷོ༌ ཆོགས༌སི༌ ཡུལ༌ཇོངས༌ ཡ༌ཧུ༌དཱ༌ སྡེ༌ནེ༌ མག༌མི༌ 10,000 ཡོད༌པིན༌།
5 ས༌འུལ༌ དང༌ ཁོའེ༌ མག༌མི༌ ཨ༌མ༌ལིཀ༌པ༌གུན༌ནི༌ གྱལ༌ས༌ ཆོགས༌ལ༌ སོང༌ ཡང༌ ཨིབས༌ཏེ༌ ལུང༌པའེ༌ ནང༌ང༌ སྲུངས༌ཏེ༌ དུགས༌།
6 ས༌འུལ༌ལི༌ ཀེན༌ནི༌ མིར༌གྱུད༌གུན༌ལ༌ ལོན༌ ཀལས༌,
“ཨ༌མ༌ལིཀ༌པ༌གུན༌ནི༌ ནས༌ས༌ནེ༌ སོང༌ཤིག༌ ཏེ༌ མ༌ནེ༌ ཁྱོ༌རང༌གུན༌ནའང༌ ཁོང༌གུན༌ ཉམ༌པོ༌ ཤི༌ཨིན༌ ཅིའ༌ཟེར༌ན༌ ཨིས༌ར༌ཨེལ༌པ༌གུན༌ ཨི༌ཇིབ༌ནེ༌ བིང༌ཏེ༌ ཡོང༌ ཟ༌ནེ༌ ཁྱོ༌ཞའེ༌ ཁོང༌གུན༌ལ༌ སྙིང༌རྗེ༌ སྟན༌ཏེ༌ ཨིན༌པིན༌།”
ཏེ༌བོའེ༌ཕིའ༌ ཀེན༌པ༌གུན༌ ཏེ༌ ནས༌ས༌ནེ༌ བངས༌ཏེ༌ སོང༌།
7 ཏེ༌ནེ༌ ཧ༌ཝི༌ལ༌ནེ༌ ཏངས༌ཏེ༌ ཨི༌ཇིབ༌བི༌ ཤར༌ ཆོགས༌ ཤུར༌ ཚོག༌པ༌ ས༌འུལ༌ལི༌ མག༌མི༌ ཨ༌མ༌ལིཀ༌པ༌གུན༌ སདས༌།
8 ཁོའེ༌ ཨ༌མ༌ལིཀ༌པ༌གུན༌ནི༌ གྱལ༌པོ༌ ཨ༌གག༌ སོན༌ཏེའ༌ ཟུམས༌ཏེ༌ ཁྱོངས༌ ཨིན༌ནའང༌ ཞན༌ མི༌ཚང༌མ༌ སདས༌།
9 ས༌འུལ༌ དང༌ ཁོའེ༌ མག༌མི༌གུན༌ནི༌ གྱལ༌པོ༌ ཨ༌གག༌ ཅིག༌པོ༌ མན༌པ༌ ལུག༌,
ར༌མ༌,
བ༌ལང༌ དང༌ བེ༌ཙོ༌ གྱགས༌པ༌ གྱལ༌ལ༌ ཐོང༌ཁན༌ ཚང༌མའང༌ མ༌སདས༌།
ཁོང༌གུན༌ནི༌ འུ༌ཐུག༌ དང༌ ཐུ༌ཤོག༌ སེམས༌ཅན༌ ཅིག༌པོ༌ སད༌ཏེ༌ ཁྲེས༌ཏོར༌ ཅོས༌།
10 ཏེ༌ནེ༌ ཡ༌ཝའེ༌ ས༌མུའེལ༌ལ༌ མོལས༌,
11 “ས༌འུལ༌ གྱལ༌པོའ༌ ལྡམས༌ཏེ༌ ང༌ གྱོད༌ད༌རག༌ ཅིའ༌ཟེར༌ན༌ ཁོའེ༌ ང༌ ཕངས༌ཏེ༌ ངའེ༌ བཀའ༌ ཏང༌ཁན༌གུན༌ ཁའ༌ མ༌ཉནས༌།”
འི༌བོ༌ ཚོར༌ར༌ཅིག༌ ས༌མུའེལ༌ལ༌ ཁོའེ༌ཀ༌ སྲོ༌ ཡོངས༌ ཡང༌ ཚན༌ གང༌པོ༌ ཡ༌ཝའ༌ མོས༌ལམ༌ ཞུས༌།
12 ཐོ༌རེ༌ ཟུག༌པོ༌ ང༌མོ༌ནེ༌ ས༌མུའེལ༌ ས༌འུལ༌ལ༌ ཐུག༌ག༌ སོང༌,
ཨིན༌ནའང༌ མི༌ཞིག༌གི༌ ཁོང༌ང༌ ཟེརས༌,
“ས༌འུལ༌ ཀར༌མེལ༌ལ༌ ཁོའ༌ གྱལ༌ཁ༌ ཐོབ༌ཁན༌བོ༌ ཨིད༌ཏུ༌ བོར༌ཅེས༌ལ༌ སྟགས༌ རྩིགས༌ཏེ༌ སྟིང༌ནེ༌ ཁོང༌ གིལ༌གལ༌ལ༌ སོང༌།”
13 ས༌མུའེལ༌ལ༌ ཁོ༌ ཐུག༌ག༌ཅིག༌,
ས༌འུལ༌ལི༌ ཁོང༌ང༌ ཟེརས༌,
“ཡ༌ཝའེ༌ ཉེ༌རང༌ང༌ ཅིན༌ལབས༌ སལ༌ཤིག༌།
ངའེ༌ ཡ༌ཝའེ༌ བཀའ༌ སལ༌ཁན༌གུན༌ ཅོས༌པིན༌།”
14 ས༌མུའེལ༌ལི༌ ཟེརས༌,
“ཏེ༌ནེ༌ ཅི༌ཕིའ༌ ལུག༌,
ར༌མ༌ དང༌ བ༌ལང༌ གུན༌ནི༌ སྐད༌ ངའེ༌ ཚོར༌ར༌ནོག༌?”
15 ས༌འུལ༌ལི༌ ཟེརས༌ “མག༌མི༌གུན༌ནི༌ ལུག༌,
ར༌མ༌ དང༌ བ༌ལང༌ གྱལ༌ལ༌གུན༌ མ༌ སད༌ཁན༌བོ༌ དེན༌བ༌ ཨིན༌ནོག༌,
ཁོང༌གུན༌ནི༌ ཏེ༌གུན༌ ཡ༌ཝ༌ ཉེ༌རང༌ངི༌ དཀོན༌མཆོག༌ག༌ ཆོད༌པ༌ ཕུལ༌ཅེས༌ལ༌ བོརས༌,
ང༌ཞའེ༌ ཞན༌ཚང༌མ༌ མེད༌ཁན༌ ཅོས༌པིན༌།”
16 ཏེ༌ནེ༌ ས༌མུའེལ༌ལི༌ ས༌འུལ༌ལ༌ ཟེརས༌,
“ཅུབ༌ཅོད༌,
དའང༌ ཚན༌ལ༌ ཡ༌ཝའེ༌ ངའ༌ མོལ༌ཁན༌བོ༌ ཉོན༌།”
ས༌འུལ༌ལི༌ ཏྲིས༌,
“ཁོང༌ངི༌ ཉེ༌རང༌ང༌ ཅི༌ མོལ༌ལ༌རག༌?”
17 ས༌མུའེལ༌ལི༌ ཁོའ༌ ཤདས༌,
“ཁྱོ༌རང༌ངི༌ ཁྱོ༌རང༌ རིན༌མེད༌ཞིག༌ སམ༌ནའང༌,
ཁྱོ༌རང༌ ཨིས༌ར༌ཨེལ༌ལི༌ སྡེ༌གུན༌ནི༌ སྤོན༌བོ༌ གྱུར༌།
ཡ༌ཝའེ༌ ཁྱོ༌རང༌ང༌ མར༌ ལུགས༌ཏེ༌ ཨིས༌ར༌ཨེལ༌པའེ༌ གྱལ༌པོའ༌ སྐོའ༌ ཛདས༌།
18 ཡང༌ ཡ༌ཝའེ༌ ཁྱོ༌རང༌ ཁོང༌ངི༌ ལས༌ ཅོ༌ཅེས༌ལ༌ ལམ༌ཅུག༌ཏེ༌ མོལས༌,
‘སོང༌ ཡང༌ ངན༌པ༌ ཨ༌མ༌ལིཀ༌པ༌ ཚང༌མ༌ མེད༌ཁན༌ ཅོས༌,
ཁོང༌གུན༌ སད༌ཏེ༌ སུའང༌ སོན༌ཏེའ༌ བོར༌ མ༌གོས༌།’
19 ཅི༌ཕིའ༌ ཁྱོ༌རང༌ངི༌ ཡ༌ཝའེ༌ བཀའ༌ ཁའ༌ མ༌ཉན༌པིན༌།
ཅི༌ཕིའ༌ ཁྱོ༌རང༌ ཅོམས༌ཁན༌ནི༌ ནོར༌ ལེན༌ན༌ བང༌ཏང༌ཨིན༌ སོང༌ཏེ༌ ཡ༌ཝའེ༌ སྐུ༌དུན༌ལ༌ ངན༌པ༌ ཨིན༌ཁན༌ནི༌ ལས༌ ཅོས༌པིན༌?”
20 ཨིན༌ནའང༌ ས༌འུལ༌ལི༌ ཟེརས༌,
“ངའེ༌ ཡ༌ཝའེ༌ ཞལ༌ཏ༌ ཉན༌པིན༌།
ཁོང༌ངི༌ ངའ༌ སལ༌ཁན༌ནི༌ ལས༌པོ༌ ངའེ༌ ཅོས༌པིན༌།
ངའེ༌ གྱལ༌པོ༌ ཨ༌གག༌ སོན༌ཏེའ༌ ཁྱོངས༌པིན༌ ཡང༌ ཞན༌ཚང༌མ༌ མེད༌ཁན༌ ཅོས༌པིན༌།
21 ངའེ༌ མག༌མི༌གུན༌ནི༌ ཅོམས༌ཁན༌ནི༌ ནང༌ནེ༌ གྱལ༌ལ༌ ལུག༌,
ར༌མ༌,
བ༌ལང༌ གུན༌ ཡ༌ཝའ༌ གིལ༌གལ༌ལི༌ ནང༌ང༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ཁྱོངས༌།”
22 ཨིན༌ནའང༌ ས༌མུའེལ༌ལི༌ ལན༌ཏངས༌,
“ཡ༌ཝའ༌ ཀ༌བོའ༌ མང༌ང༌ ཐུགས༌ཐད༌ ཨིན༌
ཁྱོ༌རང༌ངི༌ མེའ༌ སྲགས༌ཏེ༌ ཆོད༌པ༌ ཕུལ༌ཅེས༌པོའ༌
ཡ༌ ཁོང༌ངི༌ ཞལ༌ཏ༌ ཁའ༌ ཉན༌ཅེས༌པོའ༌།
ཁའ༌ ཉན༌ཅེས༌པོ༌ སྲོག༌ཆོད༌ ཕུལ༌ཅེས༌སི༌ སང༌
ཡང༌ ཁོང༌ངི༌ མོལ༌ཁན༌ལ༌ ནང༌སྟག༌ ཏང༌ཅེས༌པོ༌
བ༌ལང༌ གྱགས༌པའེ༌ ཚིལ༌ ཆོད༌པ༌ ཕུལ༌ལི༌ སང༌
མང༌ང༌ ཁག༌ཅན༌ ཨིན༌ནོག༌།
23 ངོ༌ལོག༌ ཅོ༌ཅེས༌པོ༌ ཆོས༌ངན༌ ཅོ༌ཁན༌ ཙོགས༌ སྡིག༌པ༌ ཨིན༌ནོག༌,
ཡང༌ སྙིང༌སྐྱོང༌པོ༌ ཅོ༌ཅེས༌པོ༌ སྐུན༌དྲ༌ ཅོལ༌ཁན༌ ཙོགས༌ ངན༌པ༌ ཨིན༌ནོག༌,
ཁྱོ༌རང༌ངི༌ ཡ༌ཝའེ༌ ཁའ༌ མ༌ཉན༌ པ༌སང༌
ཁོང༌ངི༌ ཁྱོ༌རང༌ གྱལ༌པོ༌ ཐེའ༌ མི༌ཛད༌།”
24 ཏེ༌ནེ༌ ས༌འུལ༌ལི༌ ས༌མུའེལ༌ལ༌ ཟེརས༌,
“འོ༌ན༌ ངའེ༌ སྡིག༌པ༌ ཅོས༌ཏེ༌ ཨིན༌ནོག༌།
ངའེ༌ ཡ༌ཝའེ༌ བཀའ༌ ཡང༌ ཉེ༌རང༌ངི༌ ལབ༌ཞ༌གུན༌ ཁའ༌ མ༌ཉན༌ན༌ ཨིན༌ནོག༌།
ང༌ མི༌གུན༌ལ༌ ཇིགས༌ཏེ༌ ཁོང༌གུན༌ནི༌ ཟེར༌ཁན༌བོ༌ ཅོས༌པིན༌།
25 ཨིན༌ནའང༌ ཏ༌,
ཇུ༌ཇུ༌ ངའེ༌ སྡིག༌པ༌ ཤགས༌པ༌ སལ༌ཏེ༌ ང༌ ཉམ༌པོ༌ སྐྱོད༌ ཏེ༌ནེ༌ ང༌ ཡ༌ཝའ༌ ཅོལ༌ ཉན༌ཨིན༌།”
26 ཨིན༌ནའང༌ ས༌མུའེལ༌ལི༌ ལན༌སལས༌,
“ང༌ ཁྱོ༌རང༌ ཉམ༌པོ༌ མི༌ཆ༌།
ཡ༌ཝའེ༌ བཀའ༌ ཁའ༌ མ༌ཉན༌ པ༌སང༌ ཁོང༌ངི༌ ཁྱོ༌རང༌ ཨིས༌ར༌ཨེལ༌ལི༌ གྱལ༌པོའེ༌ ཀོ༌སའེ༌ཀ༌ བོར༌ར༌ མི༌ཛད༌།”
27 ས༌མུའེལ༌ གྱུར༌ཏེ༌ ཆ༌ཅེས༌ ཅོའ༌ཅིག༌ ས༌འུལ༌ལི༌ ཁོང༌ངི༌ ཀོས༌སི༌ ཟུར༌ ཟུམས༌ཏེ༌ ཁོང༌ སྒག༌ཅེས༌ ཅོས༌པ༌ ཟུར༌བོ༌ ཆད༌།
28 ཡང༌ ས༌མུའེལ༌ལི༌ ཁོའ༌ ཟེརས༌,
“ཡ༌ཝའེ༌ དི༌རིང༌ ཁྱོ༌རང༌ངི༌ ཀ༌ནེ༌ ཨིས༌ར༌ཨེལ༌ལི༌ གྱལ༌ཁམས༌པོ༌ ཅད༌ད༌ ཛད༌ཏེ༌ ཞན༌ཞིག༌ག༌ སལ༌ལ༌ ཛད༌ཏེ༌ ཨིན༌ནོག༌ ཁོ༌ ཁྱོ༌རང༌ངི༌ སང༌ གྱལ༌ལ༌ མི༌ཞིག༌ ཨིན༌ནོག༌།
29 ཨིས༌ར༌ཨེལ༌ལི༌ ཟིར༌རྗིད༌ ཡ༌ཝ༌,
ཟུན༌ སལ༌ལ༌ མི༌ ཛད༌ ཡ༌ ཁོང༌རང༌ངི༌ སམ༌བ༌ གྱུར༌ར༌ མི༌ཛད༌ ཅིའ༌ཟེར༌ན༌ ཁོང༌ངི༌ སམ༌བ༌ མི༌གུན༌ ཙོགས༌ལ༌ གྱུར༌ར༌ མ༌ནོག༌།”
30 ཏེ༌ནེ༌ ས༌འུལ༌ལི༌ ཡང༌སྐྱར༌ ཞུ༌ཝ༌ ཕུལས༌,
“ངའེ༌ སྡིག༌པ༌ ཅོས༌ཏེ༌ ཨིན༌ནོག༌།
ཨིན༌ནའང༌ ཇུ༌ཇུ༌ ང༌རང༌ངི༌ འུ༌སྐྱོང༌གུན༌ དང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ དུན༌ལ༌ ངའ༌ རྩི༌ཝ༌ ཅོས༌ཏེ༌ ང༌ ཉམ༌པོ༌ སྐྱོད༌,
ཏེ༌ནེ༌ ངའ༌ ཉེ༌རང༌ངི༌ དཀོན༌མཆོག༌ ཡ༌ཝའ༌ ཅོལ༌ ཉན༌ཨིན༌།
31 ཏེན༌ན༌བོའེ༌ཕིའ༌ ས༌མུའེལ༌ ཁོ༌ ཉམ༌པོ༌ སོང༌ ཡང༌ ས༌འུལ༌ལི༌ ཡ༌ཝའ༌ ཅོལས༌།
32 ཏེ༌ནེ༌ ས༌མུའེལ༌ལི༌ ཟེརས༌,
“ཨ༌མ༌ལིཀ༌པའེ༌ གྱལ༌པོ༌ ཨ༌གག༌ ང༌ ཡོད༌ས༌ ཁྱོང༌།”
ཨ༌གག༌ རེ༌ཝ༌ ཆེན༌མོ༌ ཉམ༌པོ༌ ཡོངས༌ ཡང༌ ཁོའེ༌ སམ༌,
“ཏན༌ཏན༌ལ༌ ཤི༌ཅེས༌སི༌ ཇིགས༌པ༌ བུད༌ཏེ༌ ང༌ སོན༌པོའ༌ ལུས༌ཤེས༌ ཨིན༌ནོག༌།”
33 ཨིན༌ནའང༌ ས༌མུའེལ༌ལི༌ ཟེརས༌,
“ཁྱོ༌རང༌ངི༌ ར༌འི༌ ཉམ༌པོ༌ ཨ༌མ༌ མང༌པོའེ༌ བུ༌ཚ༌ སད༌ད༌ ཙོགས༌ལ༌ ཏ༌ ཁྱོ༌རང༌ངི༌ ཨ༌མའང༌ ཕྲུ༌གུ༌ མེད༌ཁན༌ གྱུར༌ཨིན༌།”
ཏེ༌ནེ༌ གིལ༌གལ༌ལི༌ ནང༌ང༌ ཡ༌ཝའེ༌ སྐུ༌དུན༌ལ༌ ས༌མུའེལ༌ལི༌ ཨ༌གག༌ ཏུམ༌པ༌ཏུམ༌པའེ༌ ནང༌ང༌ ཅདས༌།
34 ཏེ༌ནེ༌ ས༌མུའེལ༌ ར༌མཧ༌ ཁོ༌རང༌ངི༌ ཁང༌པ༌ སྐྱོདས༌ ཡང༌ ས༌འུལ༌ ཁོ༌རང༌ངི༌ ཁང༌པ༌ གི༌བེའཧ༌ སོང༌།
35 ས༌མུའེལ༌ ས༌འུལ༌ལ༌ ཐུག༌ག༌ ཡང༌སྐྱར༌ མ༌ནེ༌ མ༌སྐྱོདས༌ ཨིན༌ནའང༌ ཁོང༌ངི༌ ཁོའེ༌ ཕིའ༌ ཏུས༌གྱུན༌ ཉ༌ངན༌ ཅོས༌།
ཡང༌ ས༌འུལ༌ ཨིས༌ར༌ཨེལ༌ལི༌ གྱལ༌པོ༌ ཅོའ༌ ཛད༌ཅེས༌པོའེ༌ཀ༌ ཡ༌ཝའ༌ གྱོད༌པ༌ སྐྱོདས༌།