10
ཏེ༌ནེ༌ ས༌མུའེལ༌ལི༌ ཨོ༌ལིཝ༌ཝི༌ མར༌ནག༌ སྐངས༌ཁན༌ནི༌ ནོད༌ ཆུ༌ངུན༌བོ༌ ཁུར༌ཏེ༌ ས༌འུལ༌ལི༌ གོའེ༌ཀ༌ ལུགས༌ ཡང༌ ཁོའ༌ པུག༌ ཏངས༌ཏེ༌ ཟེརས༌,
“ཡ༌ཝའེ༌ ཁྱོ༌རང༌ ཁོང༌ངི༌ མི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌ ཝང༌སྲུལ༌པ༌ ལྡམ༌མ༌ ཛད༌ཏེ༌ མ༌ནོག༌ག༌?
2 ཁྱོ༌རང༌ དི༌རིང༌ ང༌ ཉམ༌པོ༌ བེ༌ཏེ༌ ཆའ༌ཅིག༌ ཁྱོ༌རང༌ང༌ བེན༌ཡཱ༌མིན༌ནི༌ སན༌ཚམས༌ ཟིལ༌ཟའེ༌ ནང༌ང༌ རེ༌ཅལ༌ལི༌ སྤུར༌ཁང༌ངི༌ དུན༌ལ༌ མི༌ ཉིས༌ ཐུག༌ཨིན༌།
ཁོང༌གུན༌ནི༌ ཁྱོ༌རང༌ང༌ ཟེར༌ཨིན༌,
“བུང༌བུ༌གུན༌ ཐོབ༌ཏོག༌,
བུང༌བུ༌གུན༌ནི༌ ཕིའ༌ ཚེར༌ཅེས༌ ཕངས༌ཏེ༌ ཏ༌ ཉེ༌རང༌ངི༌ ཨ༌བ༌ ཉེ༌རང༌ངི༌ ཕིའ༌ ཚེར༌ཏེ༌ མི༌གུན༌ལ༌ ‘ཁྱོ༌ཞའ༌ ངའེ༌ བུ༌ཚ༌ ཐོང༌ང༌’ ཟེར༌ཏེ༌ ཏྲི༌དུག༌།”
3 ཏེ༌ཀ༌ནེ༌ ཁྱོ༌རང༌ སོང༌ཏེ༌ ཏྲ༌བོར༌རི༌ ལྕང༌མ༌ ཆེན༌མོ༌ ཡོད༌ས༌ ལེབ༌བ༌ཅིག༌ ཁྱོ༌རང༌ང༌ བེ༌ཐེལ༌ལ༌ དཀོན༌མཆོག༌ག༌ ཅོལ༌ལ༌ ཆའ༌ཁན༌ནི༌ མི༌ སུམ༌ ཐུག༌ཨིན༌།
ཁོང༌ ཅིག༌གི༌ ལོ༌ ཆུ༌ངུན༌ནི༌ ར༌མ༌ སུམ༌,
ཉིས༌པ༌བོའེ༌ ཏ༌གི༌ སུམ༌ ཡང༌ སུམ༌པ༌བོའེ༌ པགས༌པའེ༌ ནང༌ང༌ རྒུན༌ཆང༌ ཁུར༌ཏེ༌ ཐོང༌ཨིན༌།
4 ཁོང༌གུན༌ནི༌ ཇུ༌ ཟེར༌ཏེ༌ ཁྱོ༌རང༌ང༌ ཏ༌གི༌ ཉིས༌ ཏང༌ཨིན༌,
ཁྱོ༌རང༌ངི༌ ཏེ༌བོ༌ ལེན༌གོས༌།
5 “ཏེ༌ སྟིང༌ནེ༌ ཁྱོ༌རང༌ གི༌བེའཧའེ༌ ཉེ༌མོའ༌ ཕི༌ལིས༌ཏི༌པའེ༌ མག༌མི༌གུན༌ དུག༌སའེ༌ ནས༌ས༌,
དཀོན༌མཆོག༌ག༌ ཅོལ༌སའེ༌ རི༌ཀ༌ ལེབ༌ཨིན༌།
གྱལ༌སའེ༌ ཉེ༌མོའ༌ ལེབ༌བ༌ཅིག༌ ཁྱོ༌རང༌ང༌ ཆོས༌ ཅོ༌སའེ༌ ནས༌ས༌ ཐོན༌པོ༌ནེ༌ ཐུར༌ལ༌ ཡོང༌ཁན༌ ལུང༌སྟོན༌པ༌ མང༌པོ༌ཞིག༌ ཐུག༌ཨིན༌།
ལུང༌སྟོན༌པ༌གུན༌ནི༌ ལུང༌སྟན༌ ཤད༌ཨིན༌ ཡང༌ ཧརྦ༌,
དབ༌,
ལིང༌བུ༌ དང༌ རོལ༌མོ༌ རོལ༌ཁན༌གུན༌ ཁོང༌གུན༌ནི༌ སང༌ སྔུན༌སྔུན༌ལ༌ གྲུལ༌ལད༌པིན༌ །
6 ཏེ༌ཏུས༌ལ༌ ཡ༌ཝའེ༌ ཐུག༌ཉིད༌ ཁྱོ༌རང༌ངི༌ཀ༌ བབ༌ཨིན༌ ཡང༌ ཁྱོ༌རང༌ངིའང༌ ཁོང༌གུན༌ ཉམ༌པོ༌ ལུང༌སྟན༌ ཤད༌ཨིན༌,
ཁྱོ༌རང༌ངི༌ ནང༌ང༌ གྱུར༌ཇ༌ ཡོངས༌ཏེ༌ སོ༌སོ༌ མི༌ཞིག༌ གྱུར༌ཨིན༌།
7 འི༌ སྟགས༌གུན༌ གྲུབ༌ཏེ༌ སྟིང༌ནེ༌ ཁྱོ༌རང༌ངི༌ ཅོ༌གོ༌ཤེས༌ཅན༌གུན༌ ཅོས༌ ཅིའ༌ཟེར༌ན༌ དཀོན༌མཆོག༌ ཁྱོ༌རང༌ ཉམ༌པོ༌ ཡོད༌ཏེ༌ ཨིན༌ནོག༌།
8 ཏེ༌ནེ༌ ངའེ༌ སང༌ སྔུན༌ལ༌ གིལ༌གལ༌ལ༌ སོང༌ ཡང༌ མེའ༌ སྲག༌ཅེས༌ དང༌ ཞི༌དེའེ༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ང༌ ཏེ༌རུ༌ ཁྱོ༌རང༌ ཡོད༌ས༌ ཡོང༌ཨིན༌།
ང༌ ཡོངས༌ཏེ༌ ཞན༌ ལབ༌ཞ༌གུན༌ ཏང༌ཏང༌ ཚག༌པ༌ ཁྱོ༌རང༌ ཞག༌པོ༌ རྡུན༌ སྲུང༌གོས༌།”
ས༌འུལ༌ གྱལ༌པོའ༌ ལྡམས༌།
10:9 ནེ༌ 27
9 ས༌འུལ༌ ཆ༌ཅེས༌ལ༌ གྱབ༌ གྱུར༌ར༌ཅིག༌,
དཀོན༌མཆོག༌གི༌ ཁོའ༌ སེམས༌ སོ༌མ༌ཞིག༌ སལས༌ ཡང༌ ས༌མུའེལ༌ལི༌ མོལ༌ཁན༌ སྟགས༌ ཚང༌མ༌ ཏེན༌ན༌ ཞག༌ག༌ དྲན༌དྲ༌ གྲུབ༌།
10 ས༌འུལ༌ དང༌ ཁོའེ༌ ཡོག༌པོ༌ གི༌བེའཧ༌ ལེབ༌བ༌ཅིག༌,
ཁོང༌གུན༌ལ༌ ལུང༌སྟོན༌པ༌གུན༌ ཐུག༌ ཡང༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཤེད༌ ས༌འུལ༌ལི༌ ནང༌ང༌ གངས༌ཏེ༌ ཁོའེང༌ ལུང༌སྟན༌ ཤདས༌།
11 ས༌འུལ༌ ཤེས༌ཁན༌གུན༌ནི༌ ཏེ༌བོ༌ ཐོང༌ང༌ཅིག༌ ཟེརས༌,
“ཀིཤ༌ཤི༌ བུ༌ཚའ༌ ཅི༌ སོང༌ཏེ༌ ཨིན༌ནོག༌,
ཅི༌ ས༌འུལ༌ལའང༌ ལུང༌སྟོན༌པ༌གུན༌ནི༌ ཕྲོའ༌ ཨིན༌ནོག༌ག༌?”
12 ཏེ༌རུ༌ ལངས༌ཏེ༌ ཡོད༌ཁན༌ མི༌ཞིག༌གི༌ ཟེརས༌,
“སུ༌ཞིག༌གའང༌ ལུང༌སྟོན༌པ༌ གྱུར༌ ཉན༌ན༌ནོག༌ག༌?
ཁོའེ༌ ཨ༌བ༌ སུ༌ ཨིན༌ནའང༌ ཅའང༌ ཁྱད༌ མེད༌ཀྱག༌ག༌?”
ཏེ༌བོའེ༌ཕིའ༌ འི༌བོ༌ ཟེར༌ལོ༌ ཞིག༌ གྱུར༌,
“ས༌འུལ༌ལའང༌ ལུང༌སྟོན༌པ༌གུན༌ནི༌ ཕྲོའ༌ ཨིན༌ནོག༌ག༌?”
13 ས༌འུལ༌ལི༌ ལུང༌སྟན༌ ཤད༌ ཚར༌ར༌ཅིག༌ ཁོ༌ ཀེན༌ལ༌ ཆོད༌པ༌ ཕུལ༌སའེ༌ ནས༌ས༌ ཐོན༌པོའ༌ སོང༌།
14 ས༌འུལ༌ལི༌ ཨ༌ཞང༌ངི༌ ཁོ༌ དང༌ ཁོའེ༌ ཡོག༌པོའ༌ ཏྲིས༌,
“ཁྱོ༌ཞའ༌ ཀ༌རུ༌ སོང༌པིན༌?”
ས༌འུལ༌ལི༌ ལན༌ཏངས༌,
“ང༌ཞའ༌ བུང༌བུ༌གུན༌ ཙལ༌ལ༌ སོང༌པིན༌།
ཨིན༌ནའང༌ བུང༌བུ༌ མ༌ཐོབ༌པ༌ ང༌ཞའ༌ ས༌མུའེལ༌ལ༌ ཏེ༌གུན༌ ཀ༌རུ༌ ཐོབ༌ཨིན༌ ཟེར༌ཏེ༌ ཏྲིའ༌ལ༌ སོང༌པིན༌།”
15 ཁོའེ༌ ཨ༌ཞང༌ངི༌ ཏྲིས༌,
“ཁོང༌ངི༌ ཅི༌ མོལ༌ལ༌རག༌?”
16 ས༌འུལ༌ལི༌ ལན༌ཏངས༌,
“ཁོང༌ངི༌ ང༌ཞའ༌ བུང༌བུ༌གུན༌ ཐོབ༌ ཚར༌ཏོག༌ མོལ༌ལ༌རག༌།”
ཨིན༌ནའང༌ ས༌མུའེལ༌ལི༌ ཁོ༌ ཨིས༌ར༌ཨེལ༌ལི༌ གྱལ༌པོ༌ གྱུར༌ཅེས༌སི༌ སྐོར༌ལ༌ མོལ༌ཁན༌གུན༌ མ༌ཤདས༌།
17 ས༌མུའེལ༌ལི༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ མིཟ༌པཧ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཛོམ༌ཅེས༌ལ༌ བོདས༌
18 ཡང༌ ཁོང༌ངི༌ ཟེརས༌ “ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌ འི༌བོ༌ མོལ༌ལ༌རག༌,
‘ངའེ༌ ཁྱོ༌ཞ༌གུན༌ ཨི༌ཇིབ༌ནེ༌ ཕིངས༌ཏེ༌ ཁོང༌ངི༌ ཝང༌ངི༌ ཡོག༌ནེ༌ ཐར༌ཅུགས༌པིན༌ ཡང༌ ཁྱོ༌ཞ༌གུན༌ ནན༌ཏེ༌ བོར༌ཁན༌ནི༌ གྱལ༌ཁག༌ ཚང༌མའེ༌ ཀ༌ནེའང༌།’
19 ཨིན༌ནའང༌ དི༌རིང༌,
ཁྱོ༌ཞའ༌ རྡུག༌ངལ༌ དང༌ ནགས༌ གུན༌ནི༌ ཀ༌ནེ༌ ཐར༌ཅུག༌ཁན༌ནི༌ དཀོན༌མཆོག༌ ཁྱོ༌ཞའེ༌ ཕངས༌ཏེ༌ ཟེརས༌,
‘མན༌,
ང༌ཞ༌གུན༌ལ༌ གྱལ༌པོ༌ ཞིག༌ གོས༌སད༌།’
ཏ༌ ཁྱོ༌ཞ༌གུན༌ རང༌རང༌ངི༌ རིགས༌ དང༌ སྡེ༌ གུན༌ནི༌ ནང༌ང༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཡོངས༌ཏེ༌ དུག༌།”
20 ཏེ༌ནེ༌ ས༌མུའེལ༌ལི༌ ཨིས༌ར༌ཨེལ༌ལི༌ སྡེ༌ ཚང༌མ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཁྱོངས༌ཏེ༌ གྱན༌ གྱབས༌པ༌ བེན༌ཡཱ༌མིན༌ནི༌ སྡེ༌ མི༌བོ༌ བིང༌།
21 ཏེ༌ནེ༌ ཁོང༌ངི༌ བེན༌ཡཱ༌མིན༌ནི༌ སྡེ༌ ནང༌ཚངས༌ རེ༌རེ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཁྱོངས༌ ཡང༌ གྱན༌ གྱུད༌ཏེ༌ མེ༌ཀྲིས༌སི༌ ནང༌ཚངས༌ ལྡམས༌།
ཏེ༌ནེ༌ ཀིཤ༌ཤི༌ བུ༌ཚ༌ ས༌འུལ༌ ལྡམས༌།
ཨིན༌ནའང༌ ཁོང༌གུན༌ནི༌ ཁོ༌ ཙལ༌ལ༌ཅིག༌ ཁོ༌ མ༌ཐོབ༌།
22 ཏེ༌ནེ༌ ཁོང༌གུན༌ནི༌ ཡ༌ཝའ༌ ཏྲིས༌,
“ཁོ༌ ཏ༌རུང༌ འི༌ཀ༌ ལེབ༌བ༌,
མ༌ལེབ༌ ལེ༌?”
ཡང༌ ཡ༌ཝའེ༌ ལན༌སལས༌,
“ཁོ༌ མག༌ཆ༌ བོར༌སའེ༌ ཕྲོའ༌ ཨིབས༌ཏེ༌ དུག༌།”
23 ཏེ༌ནེ༌ ཁོང༌གུན༌ བང༌ཏངས༌ཏེ༌ སོང༌ ཡང༌ ཁོ༌ ཁྲིད༌ཏེ༌ ཁྱོངས༌,
མི༌གུན༌ནི༌ ཕྲོའ༌ ལངས༌ཏེ༌ དུག༌ག༌ཅིག༌ ཁོ༌ ཞན༌ ཚང༌མའེ༌ སང༌ གོའེ༌ ཐོན༌ཞིག༌ རིང༌ང༌ ཡོད༌པིན༌།
24 ས༌མུའེལ༌ལི༌ མི༌གུན༌ལ༌ ཟེརས༌,
“ཡ༌ཝའེ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ གྱལ༌པོའ༌ ལྡམ༌མ༌ ཛད༌ཁན༌ནི༌ མི༌བོ༌ ཁོ༌ ཨིན༌།
ཨིས༌ར༌ཨེལ༌ གང༌པོའེ༌ ནང༌ང༌ ཁོ༌ ཙོགས༌ སུའང༌ མེད༌ཏེ༌ ཨིན༌ནོག༌།”
ཡང༌ མི༌ཚང༌མའེ༌ ཀུ༌ཅོ༌ ཏངས༌,
“གྱལ༌པོའེ༌ སྐུ༌ཚེ༌ སྟན༌ཤིག༌།”
25 ཏེ༌ནེ༌ ས༌མུའེལ༌ལི༌ མི༌གུན༌ལ༌ གྱལ༌པོའེ༌ ཐོབ༌ཏང༌ དང༌ ཝང༌ཆ༌ གུན༌ ཤདས༌།
ཁོའེ༌ ཏེ༌གུན༌ ཤོག༌རིལ༌ལི༌ཀ༌ བྲིས༌ཏེ༌ ཡ༌ཝའེ༌ སྐུན༌དུན༌ལ༌ བོརས༌།
ཏེ༌ནེ༌ ས༌མུའེལ༌ལི༌ མི༌གུན༌ ཁང༌པ༌ ལོགས༌ཏེ༌ ལམ༌ ཅུགས༌།
26 ས༌འུལ༌ གི༌བེའཧའེ༌ ནང༌ང༌ ཁོ༌རང༌ངི༌ ཁང༌པ༌ ལོགས༌ཏེ༌ སོང༌,
དཀོན༌མཆོག༌གི༌ སེམས༌སི༌ ནང༌ང༌ ཆག༌ལས༌ ཛདས༌ཁན༌ མི༌ ཁྱུད༌ཅན༌ མང༌པོ༌ ཁོང༌ ཉམ༌པོ༌ སོང༌།
27 ཨིན༌ནའང༌ ཏེ༌རུ༌ ཛོམས༌ཁན༌ ཕན༌མི༌ཐོགས༌ མི༌ ཁ༌ཅིག༌གི༌ ཟེརས༌,
“ཀ༌ཟུག༌གི༌ འི༌ མི༌བོའེ༌ ང༌དང༌ སྐྱོབ༌ ཉན༌ཨིན༌།”
ཁོང༌གུན༌ནི༌ ཁོ༌ ཏེ༌བོའེ༌ འོས༌པ༌ མ༌ཐེས༌ ཡང༌ ཁོའ༌ སྐྱེས༌ མ༌ ཏངས༌།
ཨིན༌ནའང༌ ས༌འུལ༌ལི༌ ཏེ༌གུན༌ལ༌ སྣང༌ང༌ མ༌ཏངས༌།