མལ་ཏྲ་ ཚོ་ལིང་ལ་ ལེཔ་།
28
ཁམ་ཟང་ ཉམ་པོ་ ས་ཀྱེཏ་ ཧམ་པེ་ཀ་ འབིང་འདེ་ ལྟིང་ནི་ ང་ཞ་ ཏེ་ ཚོ་ལིང་འབོ་ལ་ མལ་ཏྲ་ ཟེར་ཧེན་འབོ་ རྒྱུའི་སོང་། 2 ཏེ་ ཡུལ་མི་རྒུ་ནི་ ང་ཞ་ མ་སྲན་ཀྲེ་ ཉིང་ཞེ་ ལྟན་། ཆར་སྤ་ ཏང་ཅེ་རྦེ་ ཀྲང་མོ་ ཧོཔ་ ཡོད་པེ་, ཏེ་ མི་རྒུ་ནི་ མེ་ ཏྃ་རྡེ་ ང་ཞ་ རྒ་སུའི་ རྒྱ་ལེ་ ཅོའེ་།
3 པ་འུ་ལུའི་ ཤིང་ ཆག་སྤ་ཞིག་ རུག་རྡེ་ མེ་ལ་ ཏབ་ཅེ་ ཅོ་རྡང་, མེ་ ཚེད་རྡེ་ ཅོའེ་རྡེ་ ཏེ་ ཤིང་ངེ་ ཕྲོ་ནི་ ཏུག་རུལ་ཞིག་ འབིང་འདེ་ པ་འུ་ལུའི་ ལག་པ་ སོ་རྒ་ ཏྃ་རྡེ་ འདུག་། 4 ཚོ་ལིང་ངེ་ མི་རྒུན་ལ་ རུལ་རྦེ་ པ་འུ་ལུའི་ ལག་པ་ སོ་རྒ་ ཏྃ་རྡེ་ ཐོང་ངེ་རྡང་, ཅིག་ ཏང་ ཅིག་ལ་ ཟེར་, “འི་ མིའུ་ ནེན་ཏེན་ལ་ མི་སེད་ཞིག་ ནོག་། ཁོ་ རྒྱམ་ཚོའེ་ ནང་ནི་ ཐར་རྡེ་ འིན་ནི་ ཁྲིམ་ཅེད་ ཛེད་ཀ་ནེ་ ཀོན་འཇོག་རྒེ་ ཁོ་ སོན་པོ་ ལུའི་ ཤུག་ལ་ མ་ཛེད་རྡེ་ ནོག་།” 5 པ་འུ་ལུའི་ རུལ་རྦོ་ སྲུག་ཏེ་ མེ་ན་ ཕྃ་ སལ་རྦེ་ ཁོང་ལ་ ཅང་ མ་སོང་། 6 ཏེ་ མི་རྒུ་ནི་ པ་འུ་ལུའི་ ཟུྃ་སྤོ་ སྲྃ་ངེན་ ཡང་ ཧུན་མེད་ལ་ ཐང་ཀེ་ཀ་ འགྱེལ་རྡེ་ ཤི་ནོག་ སམ་། ཏུའི་ མང་པོ་ཞིག་ སྲུྃ་རྡེ་ ལྟིང་ནི་ལ་ པ་འུ་ལུ་ལ་ ཅང་ མ་སོང་འབེ་ ཁོང་རྒུ་ནི་ སམ་ཀན་འབོ་ འགྱུར་རྡེ་ འི་ མིའུ་ ཀོན་འཇོག་ཞིག་ ནོག་ ཟེར་།
7 པུབ་ལི་འུ་ ཟེར་ཧན་འབོ་ ཏེ་ ཚོ་ལིང་ངེ་ན་ ས་ཀྱེཏ་ མ་ ཆོན་མོ་ཞིག་རྒེ་ རྡག་པོ་ རྡང་ ཏེ་ ཡུལ་ལེ་ ཀ་ལོན་ འིན་འབེན་། ཁོའེ་ ང་ཞ་ ཁོ་རང་ངེ་ ཁང་པེ་ན་ རྒ་སུའི་ ཞུའི་འདེ་ ཞག་ སུམ་ ཚག་པ་ ང་ཞ་ ལྟ་ཏོག་ ཅོའེ་རྡེ་ ཐུག་ཞེ་ ཛེད་། 8 པུབ་ལི་འུ་ ཨ་རྦ་ལ་ ཚེད་ ཏང་ ཤལ་ཅེ་ ཟུར་མོ་ ཡོྃ་རྡེ་ མལ་སེ་ན་ ཡོད་པེན་, པ་འུ་ལུ་ ཁོ་ ཐུག་རྒེ་ལ་ རྐྱོད་། མོ་ལམ་ ཞུའི་ ཡང་ ཁོ་རང་ངེ་ ཆག་ ཁོའེ་ འགོའེ་ཀ་ པོ་རེ་ ཛེད་ཏེ་ ཁོ་ ཕན་ཅུག་རྒེ་ ཛེད་། 9 ཏོ་ ཐོང་ངེ་རྡང་ ཏེ་ ཚོ་ལིང་ངེ་ ཞེན་ ནེད་པ་ ཚང་མ་ ཁོང་ངེ་ འདུན་ལ་ ཁྱོྃ་, ཡང་ པ་འུ་ལུའི་ ཁོང་རྒུན་ལ་ ཕན་ཅུག་རྒེ་ ཛེད་། 10 ཏོ་རྦེ་ ཅོའེ་རྡེ་ ཁོང་རྒུ་ནི་ ང་ཞ་རྒུན་ལ་ མ་ སི་ཝ་ ཅོའེ་, ཡང་ ང་ཞ་ ཏེ་རྒ་ནི་ འབིང་ཅེ་ ཀྲལ་ ཅོ་རྡང་, ཁོང་རྒུ་ནི་ ང་ཞ་ རྒོའེ་ཤེ་ ཡོ་ཀན་ ཚང་མ་ ཆུ་རེལ་ལེ་ན་ ཧང་།
རོམ་ལ་ ལེཔ་།
11 ལྡ་ སུམ་མེ་ ལྟིང་ནི་ ང་ཞ་རྒུན་, རྒུན་ཏུའི་ པུད་ཅེ་ལ་ ཏེ་ ཚོ་ལིང་འབེ་ཀ་ འདེད་ཏེ་ ཡོ་ཀ་ནེ་ ཆུ་རེལ་ཞིག་ལ་ ཞོན་འདེ་ སོང་འབེན་, ཀའོ་ ཨ་ལེག་ཟན་འདྲིརི་ཡ་ནི་ ནོག་། ཏེ་ ཆུ་རེལ་ལེ་ འདུན་འབེ་ཀ་ འགི་རིག་པེ་ ཚག་ཀྲུག་ ཀོན་འཇོག་རྒེ་ ཧུན་འདྲེ་ འགོ་རྒུན་ ཏག་ཏེ་ འདུག་པེན་། 12 ང་ཞ་རྒུན་ སི་ར་ཀུ་ རྒྱལ་ས་ ལེཔ་, ཡང་ ཏུ་རུ་ ཞག་ སུམ་ འདེད་། 13 ཏེ་ཀ་ནི་ ཆུ་རེལ་ལེ་ན་ སོང་འདེ་ ང་ཞ་རྒུན་ རེ་འགི་འུམ་ རྒྱལ་ལ་ ལེཔ་, ཡང་ ལྟིང་མེ་ཞག་པོ་ ལོ་ ཆོག་ནི་ ལུང་སྤོ་ ཡོང་རྦེ་ ཞག་ཅིག་རྒེ་ ལྟིང་ནི་ ང་ཞ་རྒུན་ པུ་ཏེའོ་ལི་ ཀྲོང་ཁྱེར་ལ་ ལེཔ་། 14 ཏུ་རུ་ ང་ཞ་རྒུན་ལ་ ཏེཏ་པ་ཅན་ ཁ་ཅིག་ ཐོང་, ཁོང་རྒུ་ནི་ ང་ཞ་ ཞག་པོ་ རྡུན་ ཁོང་རྒུན་ ཉམ་པོ་ འདེད་ཅེ་ལ་ ཞུའི་། ཏེ་ ལྟིང་ནི་ ང་ཞ་ འགྲུལ་རྡེ་ རོམ་མེ་ རྒྱལ་ས་ ལེཔ་།
15 རོམ་མེ་ན་ ཡོ་ཀ་ནེ་ སྤུན་རྒུན་ལ་ ང་ཞ་ ཡོང་འདུག་ ཟེར་ཏེ་ རྒྱུའི་སོང་འདེ་ ཨབ་པིའུ་ ཁྲོམ་ འདང་, པེ་ཁང་ སུམ་ ཟེར་ཧ་ནེ་ ཀྲོང་ཁྱེར་ཚུག་པ་ ང་ཞ་ སུའི་རྡེ་ ཡོྃ་། ཁོང་རྒུན་ ཐོང་ངེ་རྡང་ པ་འུ་ལུའི་ སེམ་ལ་ སེམ་རུའི་ རྐྱེ་རྡེ་ ཀོན་འཇོག་ལ་ ཐུག་ཞེ་ཆེ་ ཞུའི་། 16 རོམ་མེ་ རྒྱལ་ས་ ལེབ་ཏེ་ ལྟིང་ནི་ པ་འུ་ལུ་ ཅིག་པོ་ ཁང་པ་ཞིག་རྒེ་ན་ འདེད་ཅེ་ལ་ རྒོང་སྤ་ ཏྃ་རྡེ་ མག་མི་ ཅིག་ སྲུང་ངེ་ལ་ པོར་།
རོམ་མི་ན་ པ་འུ་ལུའི་ ཆོའེ་ཤེད་།
17 ཞག་ སུམ་ ཆ་རྡང་ པ་འུ་ལུའི་ ཡ་ཧུ་འདཱ་པེ་ འུ་རྐྱོང་རྒུན་ལ་ འབོའེ་། ཁོང་རྒུན་ འདུའི་རྡེ་རྡང་ པ་འུ་ལུའི་ མོལ་, “ཡ་ཧུ་འདཱ་པེ་ སྤུན་རྒུན་, ངེ་, ཨ་ཧོའེ་ མི་རྒུན་ ཡང་ ཕ་མེ་པེ་ ལུག་སྲོལ་རྒུ་ནི་ རྒྱཔ་འགལ་ མ་ནི་ མ་ཅོའེ་རྦེན་, ཏེ་ན་ལ་ ང་ ཡེ་རུ་ཤ་ལེམ་མེ་ན་ ཟུམ་འདེ་ རོམ་པེ་ ལག་ལ་ ལྟེད་། 18 རོམ་པ་རྒུ་ནི་ ང་ སར་ཤོད་ ཏྃ་རྡེ་ ལྟིང་ནི་ པུད་ཅེ་ལ་ ཐེད་ ཅེ་ཟེར་ནི་ སྲོག་རྒེ་ ཆེད་པ་ ཕོག་ཅེ་ ལེ་ཞིག་ ངེ་ མ་ནི་ མ་ཅོའེ་རྦེན་། 19 འིན་ན་ ཡ་ཧུ་འདཱ་པ་རྒུ་ནི་ ཏེ་ ཐག་ཅེད་པོ་ལ་ རྒྱཔ་འགལ་ ཅོའེ་རྦེ་, ང་ རོམ་མེ་ རྒྱ་སྤེ་ཀ་ ཁྲིམ་ཅེད་རྡེ་ཕི་ ཞུ་ཝ་ པུལ་རྒོའེ་, ངེ་ ང་རང་ངེ་ མི་རྒུ་ནི་ཀ་ ཉེད་ཀལ་ཤེ་ལ་ ཏེ་ ཞུ་ཝ་ མ་པུལ་རྦེན་། 20 ཨིས་ར་ཡེལ་པ་རྒུ་ནི་ རེ་ཝ་, ཀ་འབོ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ འིན་, ཁོང་ རྐྱོད་ཚར་ཧན་འབེ་ན་ ཏེཏ་པ་ ཅོའེ་རྦེ་ ང་ འི་ ལྕ་རྟག་ ཉམ་པོ་ ཅིང་འདེ་ འིན་ཀན་འབོ་ ཧ་ཀོ་ཅུག་ཅེ་ཕི་ ངེ་ ཁྱི་ཞ་ སྤེ་ར་ ཏང་ངེ་ལ་ འབོའེ་རྡེ་ འིན་།”
21 ཁོང་རྒུ་ནི་ ལེན་ཏྃ་, “ང་ཞ་ ཉེ་རང་ངེ་ ཧོར་ལ་ ཡ་ཧུ་འདཱ་ནི་ ཡི་རྒེ་ མ་ལེབ་, ཡང་ ཡ་ཧུ་འདཱ་ནི་ ཡོང་ཀ་ནེ་ སྤུན་རྒུ་ནི་ ཉེ་རང་ངེ་ ཧོར་ལ་ ཅང་ ངན་པ་ ཤེད་རྡེ་ ཡང་ ཟེར་རེ་ མེ་རག་། 22 འིན་ན་ ཀང་ལུྃ་ས་ མི་རྒུ་ནི་ འི་ ཆོའེ་ རྡེ་ རྒྱཔ་འགལ་ལ་ སྤེ་ར་ ཏང་ཀན་འབོ་ ང་ཞ་ རྒྱུའི་ཡོད་། ཡུ་རྦེ་ ཧོར་ལ་ ཤེད་རྡེ་ཛེད་ ང་ཞ་ ཉེན་ཅེ་ལ་ ཐེད་རྡེ་རག་།”
23 པ་འུ་ལུའི་ སྤེ་ར་ ཉེན་ཅེ་ལ་ ཁོང་རྒུ་ནི་ ཞག་ཅིག་ འདམ་། ཏེ་ ཞག་པོ་ ལེབ་རྦེ་རྡང་, པ་འུ་ལུ་ ཞུ་སེ་ ཁང་པ་ལ་ ངུ་ལེ་སང་ མང་ངེ་ མི་རྒུན་ ཛོམ་། པ་འུ་ལུའི་ ང་ཏོག་ནི་ ཕི་ཏོག་ཚུག་པ་ ཁོང་རྒུན་ལ་ ཀོན་འཇོག་རྒེ་ རྒྱལ་སྲིད་རྡེ་ ཧོར་ལ་ སྤང་པོ་ ས་ལེན་ ཧ་ཀོ་ཅུག་། ཡང་ མོ་ཤེ་ ཀཱ་ཁྲིམ་ འདང་ ལུང་རྟོན་པ་རྒུ་ནི་ སྤེ་ཆ་རྒུན་ རྒྱུད་ཏེ་ ཡི་ཤུ་ ཀོན་འཇོག་རྒེ་ འདམ་མེ་ ཛེད་ཀ་ནེ་ མ་ཤི་ཀ་ འིན་ཀན་འབོ་ ཧ་ཀོ་ཅུག་ཅེ་ ཙོན་འགྲུའི་ ཅོའེ་། 24 ཁ་ཅིག་རྒེ་ ཁོང་ངེ་ མོལ་ཧན་རྒུན་ ཚོར་རྡེ་ ཏེཏ་པ་ ཅོའེ་, འིན་ན་ ཁ་ཅིག་རྒེ་ མ་ཅོའེ་། 25 སམ་ཚུལ་ སོ་སོའེ་ ཅོའེ་རྡེ་ ཁོང་རྒུ་ནི་ན་ མི་འགྲིག་ཅེ་ སོང་ ཡང་ ཁོང་རྒུན་ ཏེ་རྒ་ནི་ འབིང་འདེ་ ཆེན་ ཡོད་ཟ་ནི་ པ་འུ་ལུའི་ མོལ་, “ཡེ་ཤ་ཡཱ་ ལུང་རྟོན་པ་ རྒྱུད་ཏེ་ ཏམ་པེ་ ཐུག་ཡིད་རྡེ་ ཁྱི་ཞི་ ཕ་མེ་པོ་རྒུན་ལ་ རྡེན་འབའ་ མོལ་རྡེ་ ནོག་,
26 ‘འི་ མི་རབ་པེ་ཀ་ སོང་འདེ་ ཟེར་,
“ཁོང་རྒུ་ནི་ ངེ་ ཤེད་ཀན་རྒུན་ ཚོར་ནི་ ཧ་ཀོ་ཉེ་ མི་འདུག་,
ཁོང་རྒུ་ནི་ ངེ་ ཅོ་ཀན་རྒུན་ ཐོང་ནྃ་ ང་ སུ་ འིན་ཀན་འབོ་ ངོ་ཤེ་རྡེ་ མི་འདུག་”
27 ཅེ་ཟེར་ནི་ འི་ མི་རབ་པེ་ ཉིང་འབོ་ ཀྱོང་པོ་ འགྱུར་རྡེ་ འདུག་,
ཁོང་རྒུན་ལ་ ཀག་སྤོ་ ཉམ་པོ་ མ་ ཉུང་ཙེ་ ཚོར་རྡུག་།
ཡང་ མིག་རྒུན་ ཙུམ་འདེ་ ཡོད་པེ་ ཁོང་རྒུ་ནི་ མིག་ནེ་ མི་ཐོང་,
ནམ་ཅོག་ནེ་ མི་ཚོར་, ཡང་ སེམ་ལ་ ཧ་མི་ཀོ་།
ཏེ་མ་ནི་ ཁོང་རྒུན་ ང་ ཆོག་ལ་ འགྱུར་རྡེ་
ངེ་ ཁོང་རྒུན་ རྒྱལ་ཅུག་ཏེ་ ཡོད་ཁྲོ་།’”
28 “ཏེ་རྒ་རྦེ་ཕི་ལ་ ཀོན་འཇོག་རྒེ་ ཐར་ལ་མེ་ ཁྲིན་འབོ་ ཡ་ཧུ་འདཱ་པ་ མན་ཀན་རྒུ་ནི་ཀ་ ཀལ་རྡེ་ ཁོང་རྒུ་ནི་ ཉེན་ཅེ་འབོ་ ཁྱི་ཞ་རྒུ་ནི་ ཧ་ཀོ་རྒོའེ་” 29 པ་འུ་ལུའི་ ཏོ་ མོལ་ལེ་འདང་ ཡ་ཧུ་འདཱ་པ་རྒུ་ནི་ ཛིང་མོ་ ཏང་ངེན་ ཏེ་ནང་ནི་ འབིང་འདེ་ སོང་། 30 པ་འུ་ལུ་ ལོ་ ཉི་ ཁང་ལ་ ཤལ་ཧན་ནེ་ ཁང་པེ་ན་ ཞུའུ་, ཡང་ ཁོང་ངེ་ ཐུག་རྒེ་ལ་ ཡོང་ཀན་ ཚང་མ་ རྒ་སུའི་ ཞུ་ཡོད་པེན་། 31 ཁོང་ངེ་ མ་ སེམ་རུའི་ རྡང་ ཅང་ རྒག་ཞ་ མེད་རྡེ་ ཀོན་འཇོག་རྒེ་ རྒྱལ་སྲིད་རྡེ་ ཧོར་ལ་ ཤེད་ཏེ་ ཙོབོ་ ཡི་ཤུ་ མ་ཤི་ཀེ་ ཧོར་ལ་ ལབ་ཞ་ སལ་༎