ཡ༌
3
ཡ༌ཝ༌ དཀོན༌མཆོག༌ ༼གོ༌ཟུག༌གི༌ སྤེ༌ཆ༌ 2:4, 7:1, 12:1 དང༌ ཞན༌ མང༌པོ༌༽ ཡ༌ཝ༌ ནི༌ ཏུས༌གྱུན༌ སོན༌པོ༌ ཞུགས༌ཁན༌ནི༌ དཀོན༌མཆོག༌ ཨིན༌ནོག༌།
ཁོང༌ངི༌ ཇིག༌རྟེན༌ དང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌,
ནམ༌ཁའ༌ དང༌ ཏེ༌ནང༌ང༌ ཡོད༌ཁན༌ སྐར༌མ༌ ཚང༌མ༌ ཡང༌ སྲོག༌ ཡོད༌ཁན༌ ཚང༌མ༌ ཞང༌ང༌ ཛད༌ཏེ༌ ཨིན༌ནོག༌ ཀ༌བོའེ༌ ནང༌ང༌ ཐོང༌ཁན༌ དང༌ མ༌ཐོང༌ཁན༌ ཚང༌མ༌ ཐེས༌ཏེ༌ ཨིན༌ནོག༌།
ཁོང༌ང༌ སྒོས༌དོམ༌ ཅའང༌ མེད༌ཏེ༌ ཨིན༌ནོག༌ ཨིན༌ནའང༌ མི༌ རེ༌རེ༌ ཉམ༌པོ༌ བྲེལ༌ བོར༌ར༌ ཛད༌ཅེས༌ལ༌ ཁོང༌ ཐད༌ད༌ནོག༌།
ཁོང༌ དག༌སའང༌ ང༌དང༌ ཉམ༌པོ༌ ཞུགས༌ཏེ༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ཁོང༌ངི༌ ང༌དང༌ང༌ ཅམས༌པ༌ ཛད༌ད༌ནོག༌།
ཡ༌ཝ༌ དཀོན༌མཆོག༌ མ༌ནེ༌ གྱུར༌ར༌ མ༌ཛད༌ད༌ སྔུན༌,
དི༌རིང༌ ཡང༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ང༌ ཙོགས༌ ཞུགས༌ཏེ༌ ཨིན༌ནོག༌།
ཁོང༌ངི༌ ཁོང༌རང༌ངི༌ ཐབ༌ལྡིངས༌,
ཐུགས༌སམ༌ དང༌ ཞལ༌ཆད༌ གུན༌ནི༌ ནང༌ང༌ གྱུར༌ཇ༌ ཁྱོང༌ང༌ ཛད༌ད༌ མ༌ནོག༌།
ཁོང༌ངི༌ ཁོང༌རང༌ངི༌ ཛ༌འོ༌ ང༌དང༌གུན༌ ཉམ༌པོ༌ ཆད༌དོན༌ ཛད༌ཁན༌བོ༌ སྟན༌པོ༌ བོར༌ར༌ ཛད༌ད༌ནོག༌།
ཡ༌ཝ༌ ཏམ༌པ༌ དང༌ ཐར༌པ༌ སལ༌ཁན༌ དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ནོག༌།
ཁོང༌ངི༌ ང༌དང༌ ང༌དང༌ངི༌ སྡིག༌པའེ༌ ཆད༌པའེ༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ད༌ནོག༌།
ཁོང༌ ཐར༌ཁྱེལ༌ ཧ༌གོ༌ཅེས༌ ང༌དང༌ངི༌ ཁྱུད༌དི༌ ནང༌ང༌ མེད༌ཏེ༌ ཨིན༌ནོག༌ ཨིན༌ནའང༌ ཁོང༌ངི༌ ང༌དང༌ང༌ ཡེ༌ཤུ༌ མ༌ཤི༌ཀ༌ དཀོན༌མཆོག༌གི༌ སྲས༌སི༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌ གྱུད༌ཏེ༌ ཁོང༌ ཉམ༌པོ༌ བྲེལ༌ བོར༌ཅེས༌ལ༌ མོལ༌ལ༌ ཛདས༌།
ཡ༌ཝའ༌ ཐུག༌སའེ༌ ཀུར༌ ཡང༌ན༌ ཏམ༌པའེ༌ ཀུར༌ ༼བིང༌ཏེ༌ ཆ༌ཅེས༌ 27-33,
ཡོ༌ཤུའ༌ 18:1༽ ལོ༌ མང༌པོའེ༌ སྔུན༌ལ༌,
ཨིས༌ར༌ཨེལ༌པ༌གུན༌ རི༌སྟོང༌ངི༌ ནང༌ང༌ ཁོར༌ ཟ༌ནེ༌,
དཀོན༌མཆོག༌གི༌ མོ༌ཟེས༌ གྱུད༌ཏེ༌ མི༌གུན༌ལ༌ ཏམ༌པ༌ ཀུར༌ཞིག༌ རྩེམ༌ཅེས༌ལ༌ མོལས༌,
ཀ༌བོའེ༌ ཚང༌མའེ༌སང༌ ཏམ༌པ༌ ནས༌སའེ༌ ནང༌ང༌ ཁོང༌གུན༌ནི༌ ཆད༌དོན༌ནི༌ སྒམ༌བོ༌ བོར༌རད༌པིན༌།
ཏེ༌ཏུས༌སི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཀུར༌རི༌ དུན༌ལ༌ ཡོངས༌ཏེ༌ ཅོལ༌ཨིན༌,
དཀོན༌མཆོག༌ག༌ བླ༌མ༌གུན༌ གྱུད༌ཏེ༌ ཆོད༌པ༌གུན༌ ཕུལ༌ལད༌པིན༌།
༼ཆད༌དོན༌ནི༌ སྒམ༌མི༌ སྐོར༌ལ༌ བྲིས༌ཁན༌བོའེ༌ ནང༌ང༌ ཟིགས༌༽།
ཡ༌ཝའ༌ ཐུག༌སའེ༌ ཀུར༌རི༌ ནག༌ཤ༌ ཡང༌ ཡ༌ཝའ༌ ཐུག༌སའེ༌ ཀུར༌རི༌ ནང༌ཀུག༌ག༌ ནག༌ཤ༌ ཟིགས༌ས༌ ཛད༌།
ཡ༌ཧུ༌དཱ༌ ༼མད༌ཐཱ༌ 1:2-3,
ཨིབ༌རི༌པ༌ 7:14, 8:8,
ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌ 5:5, 7:5༽,
ཡ༌ཧུ༌དཱ༌ ནི༌ ཡ༌ཀོབ༌བི༌ བུ༌ཚ༌ རྕུག༌ཉིས༌པོའེ༌ ནང༌ནེ༌ ཅིག༌ ཨིན༌པིན༌།
ཁོ༌ ཡ༌ཧུ༌དཱ༌ མི༌སྡེའེ༌ ཕ༌མེས༌པོ༌ ཡང༌ ཁོའེ༌ པུར༌གྱུད༌གུན༌ ཡ༌ཧུ༌དཱ༌ ཡུལ༌ཇོངས༌སི༌ ནང༌ང༌ ཚུགས༌ཏེ༌ དུགས༌།
ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ ཏེ༌ ཡུལ༌ཇོངས༌སི༌ ནང༌ང༌ ཡོད༌པིན༌།
མ༌ཤི༌ཀ༌ ཡེ༌ཤུ༌ ཏེན༌ན༌ གྱུད༌ཟིན༌ནེ༌ ཨིན༌པིན༌,
ཁོང༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌སི༌ བེད༌ལེ༌ཧེམ༌ གྲོང༌ཁྱེར༌རི༌ ནང༌ང༌ སྐུ༌ ལྟམས༌།
ཡེཕ༌ཐཧ༌ ༼ཨིབ༌རི༌པ༌ 11:32༽,
ཨིས༌ར༌ཨེལ༌པའེ༌ གྱལ༌པོ༌གུན༌ནི༌ ཀེ༌ནན༌ ཡུལ༌ལི༌ ནང༌ང༌ ཝང༌སྲུལ༌ཅེས༌ གོ༌ཟུག༌གི༌ སང༌ སྔུན༌ལ༌,
ཡེཕ༌ཐཧ༌ ནི༌ མག༌མི༌ ཀྲག༌པོ༌ཞིག༌ ཨིན༌པིན༌,
ཡང༌ མག༌གི༌ ནང༌ང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གོ༌ཁྲིད༌ ཅོས༌ཏེ༌ ཁོའེ༌ ཁོང༌གུན༌ གྲ༌འོའེ༌ ཀ༌ནེ༌ སྐྱོབས༌ཏེ༌ ཨིན༌པིན༌།
ཡེ༌རུ༌ཤ༌ལེམ༌ གྱལ༌པོ༌ དཱ༌བིད༌དི༌ ཏུས༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཏུས༌ ཚོག༌པ༌ ཡེ༌རུ༌ཤ༌ལེམ༌ ཨིས༌ར༌ཨེལ༌ལི༌ གྱལ༌ས༌ ཡང༌ ཏེ༌བོ༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌སི༌ ནང༌ང༌ ཨིན༌པིན༌།
དཀོན༌མཆོག༌གི༌ ཆོད༌ཁང༌ ཏེ༌རུ༌ ཡོད༌པིན༌།
ཡེ༌རུ༌ཤ༌ལེམ༌མི༌ ནག༌ཤ༌ ཟིགས༌ས༌ ཛད༌།
ཡེ༌རེམ༌ཡཱ༌ ༼མད༌ཐཱ༌ 2:17, 16:14, 27:9༽,
ཡེ༌རེམ༌ཡཱ༌ ནི༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ཞིག༌ ཨིན༌པིན༌།
དཀོན༌མཆོག༌གི༌ བཀའ༌ ཤད༌ཅེས༌པོའེ༌ ཁོའ༌ མ༌སྲན༌ཏྲེ༌ ནགས༌བར༌དོ༌ ཐོང༌ཏེ༌ ཨིན༌པིན༌།
ཁོའེ༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀ༌ སྐྱོད༌ཅེས༌སི༌ སྐོར༌ལ༌ ལུང༌སྟན༌ མང༌པོ༌ སལས༌།
ཡེ༌ཤ༌ཡཱ༌ ༼མད༌ཐཱ༌ 3:3;
ཆག༌ལས༌གུན༌ 8:30,
རོམ༌པ༌ 9:27-29༽,
ཡེ༌ཤ༌ཡཱ༌ ནི༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ ཀྲག༌པོ༌ཞིག༌ ཨིན༌པིན༌།
ཡེ༌ཤུ༌ མ༌ཤི༌ཀ༌ ཇིག༌རྟེན༌ནི༌ཀ༌ སྐྱོད༌དི༌ སང༌ ཏུས༌ མང༌པོའེ༌ སྔུན༌ལ༌ ཡེ༌ཤ༌ཡཱའེ༌ ཁོང༌ངི༌ སྐོར༌ལ༌ ལུང༌སྟན༌ མང༌པོ༌ སལས༌།
ཡེ༌ཤུ༌ ཡེ༌ཤུ༌ མིང༌ངི༌ ཏོན༌ ནི༌ “ཡ༌ཝ༌ དཀོན༌མཆོག༌ ནི༌ སྐྱབ༌གོན༌” ཟེར༌ར༌ནོག༌།
མིར༌ཡམ༌མི༌ བུ༌ཚའ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ འི༌ མིང༌བོ༌ སལས༌,
ཅིའ༌ཟེར༌ན༌ ཁོང༌ངི༌ མི༌གུན༌ སྡིག༌པའེ༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ད༌ནོག༌།
༼མད༌ཐཱ༌ 1:21༽།
ཡེ༌ཤེ༌ ༼མད༌ཐཱ༌ 1:5,6;
ལུ༌ཀ༌ 3:32;
ཆག༌ལས༌གུན༌ 13:22;
རོམ༌པ༌ 15:12༽,
ཡེ༌ཤེ༌ ནི༌ གྱལ༌པོ༌ དཱ༌བིད༌དི༌ ཨ༌བ༌ ཨིན༌པིན༌,
ཁོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཕ༌མེས༌པོ༌ ཨིན༌ནོག༌།
ཞལ༌ཆད༌ སྙིང༌པའེ༌ ནང༌ང༌ ལུང༌སྟོན༌པ༌ ཡེ༌ཤ༌ཡཱའེ༌,
“མ༌ཤི༌ཀ༌ ནི༌ ཡེ༌ཤེ༌ དང༌ དཱ༌བིད༌ གུན༌ནི༌ པུར༌གྱུད༌ནེ༌ ཇུང༌ཨིན༌” བྲིའ༌ཛད༌ཏེ༌ དུག༌།
དཱ༌བིད༌དི༌ སྐོར༌ལ༌ བྲི༌ཁན༌བོའ༌ ཟིགས༌།
ཡོ༌ནཱ༌ ༼མད༌ཐཱ༌ 12:39-41, 16:4;
ལུ༌ཀ༌ 11:29-32༽,
ཡོ༌ནཱ༌ དཀོན༌མཆོག༌གི༌ ལུང༌སྟོན༌པ༌ཞིག༌ ཨིན༌པིན༌།
དཀོན༌མཆོག༌གི༌ ནི༌ནེ༌ཝ༌པ༌གུན༌ལ༌ གྱོད༌པ༌ ཅོ༌ཅེས༌ལ༌ ཁོ༌ ཉམ༌པོ༌ ལོན༌ ཀལ༌ ཟ༌ནེ༌,
ཁོའེ༌ ཁོང༌ངི༌ བཀའ༌ མ༌ཉན༌ན༌ ཤར༌ ཆོགས༌ལ༌ ཡོད༌ཁན༌ནི༌ ནི༌ནེ༌ཝའ༌ མ༌ཆ༌,
ནུབ༌ ཆོགས༌ལ༌ གྲུ༌ཟིང༌ཞིག༌གི༌ ནང༌ང༌ ཞོན༌ཏེ༌ སོང༌།
དཀོན༌མཆོག༌གི༌ ལུང༌རག༌ ཆེན༌མོ༌ ཀལ༌ལ༌ ཛད༌ པ༌སང༌,
གྲ༌ཟིང༌ངི༌ ནང༌ང༌ ཡོད༌ཁན༌ནི༌ མི༌གུན༌ལ༌ དཀོན༌མཆོག༌ ཡོ༌ནཱའེ༌ཀ༌ ཐུགས༌སྲོ༌ སྐྱོད༌ཁན༌བོ༌ ཧ༌གོ༌།
ཁོང༌གུན༌ནི༌ ཁོ༌ ཆུའི༌ ནང༌ང༌ ཕངས༌།
ཉ༌ མ༌ ཆེན༌མོ༌ཞིག༌གི༌ ཡོ༌ནཱའ༌ སྨིད༌ ཏངས༌།
ཉ༌བོའེ༌ སྐྱུགས༌ཏེ༌ ཁོ༌ སའེ༌ཀ༌ ཕང༌ཕང༌ ཚག༌པ༌ ཞག༌མ༌ སུམ༌ ཁོ༌ ཉའེ༌ གྲོད༌པའེ༌ ནང༌ང༌ ལུས༌།
ཏེ༌ སྟིང༌ནེ༌ ཁོའེ༌ དཀོན༌མཆོག༌གི༌ ཁའ༌ཉནས༌ ཡང༌ ནི༌ནེ༌ཝ༌ སོང༌ཏེ༌ དཀོན༌མཆོག༌གི༌ ལོན༌བོ༌ ཤདས༌།
ཡོ༌ཤུའ༌ ༼ཆག༌ལས༌གུན༌ 7:45;
ཨིབ༌རི༌པ༌ 4:8༽,
མོ༌ཟེས༌ ཀྲོངས༌ཏེ༌ སྟིང༌ནེ༌,
ཡོ༌ཤུའ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ འུ༌སྐྱོང༌ གྱུར༌།
ཡང༌ ཁོའེ༌ ཁོང༌གུན༌ དཀོན༌མཆོག༌གི༌ ཞལ༌ཆད༌ ཛད༌ཁན༌ནི༌ ནས༌ས༌ ཀེ༌ནན༌ནི༌ ནང༌ང༌ ཁྲིདས༌།
ཁོང༌གུན༌ནི༌ ཏེ༌ ནས༌སའེ༌ ནང༌ང༌ དུག༌ཁན༌གུན༌ ཉམ༌པོ༌ ནོལས༌ ཡང༌ ཕམ༌ཀལ༌ཏེ༌ སྟིང༌ནེ༌ ཡོ༌ཤུའེ༌ ཏེ༌ ནས༌ས༌བོ༌,
བླ༌མ༌ དང༌ བླ༌མ༌ ཞབས༌ཏོག༌ ཞུ༌ཁན༌ ལི༌ཝི༌པ༌གུན༌ མ༌སྟོག༌ ཨིས༌ར༌ཨེལ༌པའེ༌ མི༌སྡེ༌ ཚང༌མའེ༌ ནང༌ང༌ གོས༌།
ཡོ༌ཤུའ༌ འུ༌སྐྱོང༌ ཀྲག༌པོ༌ཞིག༌ ཨིན༌པིན༌,
ཡང༌ ཁོའེ༌ སྙིང༌ནེ༌ དཀོན༌མཆོག༌ག༌ བྲང༌ཤེས༌ལ༌ སྤོས༌པ༌ ཏངས༌ཏེ༌ མོལས༌,
“ང༌ དང༌ ངའེ༌ ནང༌ཚངས༌གུན༌ནི༌ ཡ༌ཝ༌ དཀོན༌མཆོག༌ག༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌།”
ཡོ༌སེབ༌ ཞལ༌ཆད༌ སོ༌མའེ༌ ནང༌ང༌ མི༌ ཁ༌ཅིག༌གི༌ མིང༌ ཡོ༌སེབ༌ ཡོད༌ཏེ༌ ཨིན༌ནོག༌།
1. ཡ༌ཀོབ༌བི༌ བུ༌ཚ༌ རྕུག༌ཉིས༌སི༌ ནང༌ནེ༌ ཅིག༌ག༌ ཡོ༌སེབ༌ ཟེར༌རད༌པིན༌།
བེན༌ཡཱ༌མིན༌ དང༌ ཡོ༌སེབ༌བི༌ ཨ༌མ༌ ཅིག༌ཅིག༌ ཨིན༌པིན༌ ༼ཆག༌ལས༌གུན༌ 7:9-14,
ཡོ༌ཧཱ༌ནན༌ 4:5,
ཨིབ༌རི༌པ༌ 11:21,22 ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌ 7:8༽,
2. ཡེ༌ཤུ༌ མ༌ཤི༌ཀའེ༌ ཨ༌མ༌ མིར༌ཡམ༌མི༌ མག༌པ༌ ཡོ༌སེབ༌ ༼མད༌ཐཱ༌ 1:16, 18-20, 24, 2:13-19,
ལུ༌ཀ༌ 1:27, 2:4,16,33,43, 3:23, 4:22,
ཡོ༌ཧཱ༌ནན༌ 1:45, 6:42༽,
3. ཡེ༌ཤུ༌ མ༌ཤི༌ཀའེ༌ ནོ༌ ཡོ༌སེབ༌ ༼མད༌ཐཱ༌ 13:55,
མར༌ཀུས༌ 6:3༽,
4. ཡ༌ཀོབ༌བི༌ ཨ༌ཅོ༌ ཡོ༌སེབ༌ ༼མད༌ཐཱ༌ 27:56,
མར༌ཀུས༌ 15:40,47༽,
5. ཨ༌རི༌མ༌ཐཱ༌པ༌ ཡོ༌སེབ༌,
ཁོ༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཐུས༌མི༌ ཆུག༌པོ༌,
མི༌ ཟང༌པོ༌ དང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ལོབ༌ཕྲུགས༌ཞིག༌ ཨིན༌པིན༌ ༼མད༌ཐཱ༌ 27:57-60,
མར༌ཀུས༌ 15:42-46,
ལུ༌ཀ༌ 23:50-53,
ཡོ༌ཧཱ༌ནན༌ 19:38-42༽,
6. ཡོ༌སེབ༌ བར༌ས༌བའམ༌,
སྔུན༌ནེ༌ པར༌ལ༌ ཁོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ལོབ༌ཕྲུགས༌ཞིག༌ ཨིན༌པིན༌།
ཡེ༌ཤུའ༌ ངོ༌ལོག༌ ཅོ༌ཁན༌ ཡུ༌དཱ༌ ཀར༌ཡོད༌པའེ༌ ཚབས༌ ལྡམ༌ཅེས༌ལ༌ ཁོ༌ དང༌ མད༌ཐི༌ཡས༌སི༌ པར༌ལ༌ གྱན༌ གྱབས༌པ༌ མད༌ཐི༌ཡས༌སི༌ མིང༌བོ༌ བིང༌ ༼ཆག༌ལས༌གུན༌ 1:23༽,
7. ཡོ༌སེབ༌ པ༌འུ༌ལུའི༌ ཕྲོ༌པ༌,
ཁོའ༌ མང༌ཆེའ༌ བཱར༌ན༌བས༌ ཟེར༌རད༌པིན༌ ༼ཆག༌ལས༌གུན༌ 4:36༽
ཡོ༌ཧཱ༌ནན༌ ཞལ༌ཆད༌ སོ༌མའེ༌ ནང༌ང༌ མི༌ ཁ༌ཅིག༌གི༌ མིང༌ ཡོ༌ཧཱ༌ནན༌ ཡོད༌ཏེ༌ ཨིན༌ནོག༌།
ཚང༌མའེ༌སང༌ ཁག༌ཅན༌ ཉིས༌ ནི༌
1. ཁྲུས༌སལ༌ཁན༌ ཡོ༌ཧཱ༌ནན༌ ནི༌ ཡེ༌ཤུའི༌ ཕིའ༌ ལམ༌ གྲལ༌གྲིག༌ ཅོ༌ཁན༌ནི༌ ལུང༌སྟོན༌པ༌ ཨིན༌པིན༌།
ཁོང༌ངི༌ ཨེ༌ལི༌ཡཱ༌ ཙོགས༌ལ༌ མི༌གུན༌ལ༌ རང༌ངི༌ སྡིག༌པའེ༌ཀ༌ གྱོད༌པ༌ ཅོས༌ཏེ༌ དཀོན༌མཆོག༌ ཆོགས༌ལ༌ སེམས༌ གྱུར༌ཅེས༌ལ༌ སྤང༌ པུད༌དད༌པིན༌།
2. སྐུ༌ཚབས༌ ཡོ༌ཧཱ༌ནན༌ ནི༌ ཡ༌ཀོབ༌བི༌ ནོ༌,
ཡང༌ ཡེ༌ཤུའི༌ སྐུ༌ཚབས༌ རྕུག༌ཉིས༌སི༌ ནང༌ནེ༌ ཅིག༌ ཨིན༌པིན༌།
ཁོང༌ངི༌ ཡོ༌ཧཱ༌ནན༌ནི༌ གའ༌མོའེ༌ ནས༌ཚུལ༌,
ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཏང༌པོ༌,
ཉིས༌པ༌,
སུམ༌པ༌ དང༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌ནི༌ སྤེ༌ཆ༌གུན༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌།
ར༌
ར༌བེ༌ཀ༌ ༼རོམ༌པ༌ 9:10-13༽,
ར༌བེ༌ཀ༌ ནི༌ ཨབ༌ར༌ཧམ༌མི༌ བུ༌ཚ༌ ཨི༌སཱག༌གི༌ ན༌མ༌ ཨིན༌པིན༌།
ཁོ༌ ཚག༌ཕྲུག༌ ཡ༌ཀོབ༌ དང༌ ཨི༌སུའི༌ ཨ༌མ༌ ཨིན༌པིན༌།
༼ཨབ༌ར༌ཧམ༌,
ཨི༌སཱག༌,
དང༌ ཨི༌སུ༌ གུན༌ནི༌ སྐོར༌ལ༌ བྲིས༌ཁན༌བོ༌ སིལ༌ལ༌ ཛད༌༽
ར༌ཧབ༌ ༼ཨིབ༌རི༌པ༌ 11:31;
ཡ༌ཀོབ༌ 2:25༽,
ཨིས༌ར༌ཨེལ༌པ༌གུན༌ ཀེ༌ནན༌ ཡུལ༌ལི༌ ནང༌ང༌ ཞུག༌གི༌ སང༌ སྔུན༌ལ༌,
ཁོང༌གུན༌ལ༌ ཀ༌ཟུག༌གི༌ ཕམ༌ ཀལ༌ཉན༌ཅེས༌དུག༌ ལྟའ༌ལ༌ ཏེ༌ ནས༌སའེ༌ ནང༌ང༌ མི༌ ཉིས༌ སང༌ཝའེ༌ ཐོག༌ནེ༌ ལམ༌ཅུགས༌།
ཏེ༌ ཡུལ༌ལི༌ ཡེ༌རི༌ཀོ༌ གྱལ༌སའེ༌ ནང༌ང༌ དུག༌ཁན༌ ཟུགས༌ཙོང༌མ༌ ར༌ཧབ༌བི༌ ཏེ༌ མི༌གུན༌ ཁོང༌ངི༌ གྲ༌འོའེ༌ ཀ༌ནེ༌ སྦས༌ཏེ༌ ཁོང༌གུན༌ལ༌ རོགས༌ ཅོས༌།
ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཅིག༌པོ༌ དེན༌བའེ༌ དཀོན༌མཆོག༌ ཡང༌ ཏེ༌ ནས༌ས༌བོའེ༌ཀ༌ ཁོང༌གུན༌ལ༌ ཝང༌སྲུལ༌ ཅུག༌ཅེས༌,
དཀོན༌མཆོག༌གི༌ ཐུག༌གོངས༌ ཨིན༌ཁན༌བོ༌ ཁོའ༌ ཧ༌གོ༌པ༌ ཏེ༌བོ༌ ཅོས༌།
སྟིང༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཁོང༌གུན༌ལ༌ ཕམ༌ཀལ༌ཏེ༌,
ར༌ཧབ༌ དང༌ ཁོའེ༌ ནང༌ཚངས༌ མ༌ནེ༌ ཞན༌ ཚང༌མ༌ སདས༌།
ར༌ཧབ༌བི༌ དཀོན༌མཆོག༌གི༌ མི༌གུན༌ལ༌ རོགས༌ ཅོས༌པ༌,
ཁོ༌ དང༌ ཁོའེ༌ ནང༌ཚངས༌ གུན༌ ཐར༌།
མད༌ཐཱའེ༌ སྤེ༌ཆའེ༌ 1:5 ནང༌ང༌ བྲིས༌ཁན༌ནི༌ བུ༌མོ༌བོ༌ ཁོ༌,
ཡེ༌ཤུ༌ མ༌ཤི༌ཀའེ༌ ཕ༌མེས༌པོ༌ ཅིག༌ ཨིན༌ནོག༌།
རོམ༌ རོམ༌ ནི༌,
ཨི༌ཏྲི༌ལི༌ ཡུལ༌ལི༌ གྱལ༌ས༌བོ༌ ཨིན༌ནོག༌།
ཡེ༌ཤུའི༌ ཏུས༌ལ༌ རོམ༌མི༌ ཇིག༌རྟེན༌ནི༌ ཡུལ༌ མང༌པོའེ༌ཀ༌ ཝང༌སྲུལ༌ལད༌པིན༌,
ཀ༌བོའེ༌ ནང༌ང༌ ཨིས༌ར༌ཨེལ༌ལའང༌ ཨིན༌པིན༌།
རོམ༌མི༌ གྱལ༌པོའ༌ ཀྱེ༌སར༌ ཟེར༌ར༌ནོག༌།
ཁོ༌ ཏེ༌ཏུས༌ལ༌ ཇིག༌རྟེན༌ནི༌ ཚང༌མའེ༌སང༌ ཁག༌ཅན༌ གྱལ༌པོ༌ ཨིན༌པིན༌།
ལ༌
ལི༌ཝི༌ ༼ཨིབ༌རི༌པ༌ 7:5,9,10;
ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ལུང༌སྟན༌ 7:7༽,
ལི༌ཝི༌ ནི༌ ཡ༌ཀོབ༌བི༌ བུ༌ཚ༌ རྕུག༌ཉིས༌པོའེ༌ ནང༌ནེ༌ ཅིག༌ ཨིན༌པིན༌།
ལི༌ཝི༌ པུར༌གྱུད༌པོ༌ དཀོན༌མཆོག༌གི༌ ཆོད༌ཁང༌ངི༌ ནང༌ང༌ ལས༌ ཅོ༌ཅེས༌སི༌ ཕིའ༌ སྐོའ༌ ཛད༌ཁན༌གུན༌ ཨིན༌ནོག༌།
འིན༌ན༌ པུར༌གྱུད༌,
མིག༌སལ༌ལི༌ ཨ༌རོན༌ནི༌ པུར༌གྱུད༌ནེ༌ བླ༌མ༌གུན༌ ལྡམ༌མད༌པིན༌།
ཨ༌རོན༌ནི༌ སྐོར༌ལ༌ བྲིས༌ཁན༌བོའ༌ ཟིགས༌།
ཡེ༌ཤུའི༌ ལོབ༌ཕྲུགས༌ རྕུག༌ཉིས༌སི༌ ནང༌ནེ༌ ཅིག༌གའང༌ ལི༌ཝི༌ ཟེར༌རད༌པིན༌།
ཁོའ༌ པར༌རི༌ག༌ མད༌ཐཱའང༌ ཟེར༌རད༌པིན༌ ༼མད༌ཐཱ༌ 9:9;
མར༌ཀུས༌ 2:14;
ལུ༌ཀ༌ 5:27-29༽།
མད༌ཐཱའེ༌ གའ༌མོའེ༌ ནས༌ཚུལ༌བོ༌ ཁོའེ༌ བྲིའ༌ཛད༌ཏེ༌ ཨིན༌ནོག༌།
ལུང༌སྟོན༌པ༌ ལུང༌སྟོན༌པ༌ཞིག༌གི༌ དཀོན༌མཆོག༌གི༌ ཁོའ༌ སྔོན༌ ཅུག༌ག༌ ཛད༌ཁན༌ནི༌ ལོན༌གུན༌ མི༌གུན༌ལ༌ ཤད༌ད༌ནོག༌།
ཁོའེ༌ དཀོན༌མཆོག༌གི༌ ཚབས༌ ཅོས༌ཏེ༌,
ཁོང༌ངི༌ མོལ༌ཁན༌གུན༌ ཤད༌ད༌ནོག༌།
ལོག༌ཡེམ༌ རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌ བོར༌ཅེས༌པོའ༌ ལོག༌ཡེམ༌ ཟེར༌ར༌ནོག༌།
ཤ༌
ཤབ༌བད༌ ཤབ༌བད༌ ནི༌ ངལ༌ཚོ༌ཅེས༌སི༌ ཞག༌ ཡང༌ན༌ ཟ༌སྤེན༌བའ༌ ཟེར༌ར༌ནོག༌།
གོ༌ཟུག༌གི༌ སྤེ༌ཆའེ༌ ནང༌ང༌ མོལ༌ཏེ༌ དུག༌ དཀོན༌མཆོག༌གི༌ ཞག༌ དྲུག༌གི༌ ནང༌ང༌ ཇིག༌རྟེན༌,
ནམ༌ཁའ༌ ཡང༌ ཏེ༌གུན༌ནི༌ ནང༌ང༌ ཡོད༌ཁན༌ ཚང༌མ༌ ཞང༌ང༌ ཛདས༌།
ཡང༌ ཞག༌ རྡུན༌པའེ༌ ཞག༌ག༌ ངལ༌ཚོའ༌ ཛདས༌ ཅིའ༌ཟེར༌ན༌ ཁོང༌ངི༌ ཆག༌ལས༌གུན༌ གྲུབ༌།
དཀོན༌མཆོག༌གི༌ མི༌གུན༌ལ༌ ཞག༌མ༌ དྲུག༌ ལས༌ ཅོ༌ཅེས༌ ཡང༌ རྡུན༌པའེ༌ ཞག༌ག༌ ངལ༌ཚོ༌ཏེ༌ དཀོན༌མཆོག༌ག༌ ཅོལ༌ཅེས༌ལ༌ མོལས༌།
ཡ༌ཧུ༌དཱ༌པ༌གུན༌ དཀོན༌མཆོག༌གི༌ བཀའ༌ནེ༌ ཐལ༌ཏེ༌ སོང༌ཏེ༌ ཏེ༌ ཞག༌ག༌ མི༌གུན༌ལ༌ སྙིང༌རྗེ༌ སྟན༌ཅེས༌སི༌ ལས༌གུན༌ནའང༌ ཅོ༌ མི༌ཆོག༌ ཟེར༌རད༌པིན༌།
ཏེ༌བོའེ༌ཕིའ༌ ཁོང༌གུན༌ལ༌ ཤབ༌བད༌དི༌ ཞག༌ག༌,
ཡེ༌ཤུའི༌ ནད༌པ༌བོ༌ ཕན༌ཅུག༌ཅེས༌ ཡང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཞིང༌ངི༌ སྙེ༌མ༌ ཅད༌ཏེ༌ ཟའ༌ ཟ༌ནེ༌ མ༌སྲན༌ཏྲེ༌ སྲོ༌ ཡོངས༌།
ས༌མུའེལ༌ ༼ཆག༌ལས༌གུན༌ 3:24, 13:20;
ཨིབ༌རི༌པ༌ 11:32༽,
ཨིས༌ར༌ཨེལ༌ ཡུལ༌ལི༌ ནང༌ང༌ གྱལ༌པོའེ༌ ཝང༌ གོ༌ཟུག༌གི༌ སང༌ ཅབ༌ སྔུན༌ལ༌ ས༌མུའེལ༌ ནི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ འུ༌སྐྱོང༌ དང༌ མ༌ཀྲག༌པོ༌ ལུང༌སྟོན༌པ༌ཞིག༌ ཨིན༌པིན༌།
ཁོའེ༌ དཱ༌བིད༌ལ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གྱལ༌པོ༌ སྐོའ༌ ཛདས༌,
ཀ༌བོ༌ མ༌ མིང༌ཅན༌ ཀྲག༌པོ༌ གྱལ༌པོ༌ཞིག༌ ཨིན༌པིན༌།
ཤེ༌ཏན༌ བེལ༌ཟེ༌བུལ༌ལི༌ སྐོར༌ལ༌ བྲིས༌ཁན༌བོའེ༌ཀ༌ ཟིགས༌།