ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཏང༌པོ༌།
མི༌ཚེའེ༌ བཀའ༌།
1:1-4
1
ང༌ཞའེ༌ ཁྱོ༌ཞ༌གུན༌ལ༌,
གོ༌ཟུག༌ནེ༌ ཕར༌ལ༌ ཡོད༌ཁན༌ནི༌ མི༌ཚེའེ༌ བཀའེ༌ སྐོར༌ལ༌ ཤད༌ཅེས༌ཨིན༌,
ཁོང༌ངི༌ མོལ༌ཁན༌གུན༌ ང༌ཞ༌གུན༌ནི༌ ཚོར༌ ཡང༌ ཇལ༌།
འོ༌ན༌ རང༌ངི༌ མིག༌ནེ༌ ཞིབ༌སལ༌ ཅོས༌ཏེ༌ ཇལ༌,
མ༌ཚད༌ ཁོང༌ང༌ ང༌ཞ༌རང༌ངི༌ ལག༌པ༌ རྩེས༌པིན༌།
2 དཀོན༌མཆོག༌གི༌ ཏེ༌ མི༌ཚེ༌བོ༌ སྔོན༌ཅུག༌ག༌ ཛདས༌,
ཡང༌ ང༌ཞ༌གུན༌ནི༌ ཁོང༌ ཇལ༌།
ང༌ཞ༌གུན༌ ཏེ༌ མི༌ཚེའེ༌ སྤང༌པོ༌ ཨིན༌ནོག༌,
ཡང༌ ཁྱོ༌ཞ༌གུན༌ལ༌ ཏེན༌ན༌ ཐའ༌མེད༌པའེ༌ མི༌ཚེ༌ སྐོར༌ལ༌ ཤད༌དད༌,
ཀ༌བོ༌ དཀོན༌མཆོག༌ ཡབ༌ ཉམ༌པོ༌ ཡོད༌པིན༌,
ཡང༌ ང༌ཞ༌གུན༌ནི༌ཀ༌ སྔོན༌ཅུག༌ག༌ ཛདས༌།
3 ཁྱོ༌ཞ༌གུན༌ནའང༌ ང༌ཞ༌གུན༌ ཉམ༌པོ༌ དྲེ༌ཤེས༌སི༌ ཕིའ༌ ང༌ཞའེ༌ ཁོང༌ངི༌ སྐོར༌ལ༌ ཚོར༌ཁན༌ དང༌ ཐོང༌ཁན༌ གུན༌ ཁྱོ༌ཞའ༌ ཤད༌དད༌,
ཡང༌ ང༌ཞ༌གུན༌ དཀོན༌མཆོག༌ ཡབ༌ དང༌ ཁོང༌ངི༌ སྲས༌ ཡེ༌ཤུ༌ མ༌ཤི༌ཀ༌ ཉམ༌པོ༌ དྲེས༌ཏེ༌ ཨིན༌།
4 ང༌ཞའེ༌ ཐད༌པོ༌གུན༌ དྲན༌དྲ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ བགོ༌ཅེས༌སི༌ ཕིའ༌ འི༌ ཨི༌གེ༌བོ༌ ང༌ཞའེ༌ བྲིའད༌།
འོད༌དི༌ ནང༌ང༌ དུག༌ཅེས༌།
1:5-10
5 འི༌ ལོན༌བོ༌ ང༌ཞ༌གུན༌ལ༌ ཡེ༌ཤུའི༌ ཀ༌ནེ༌ ཚོར༌,
ཡང༌ ཏ༌ དག༌ས༌ ཁྱོ༌ཞ༌གུན༌ལ༌ ཤད༌ཅེས༌ཨིན༌།
དཀོན༌མཆོག༌ ནི༌ འོད༌ ཨིན༌ནོག༌,
ཡང༌ ཁོང༌ངི༌ ནང༌ང༌ མུན༌གྲིག༌ མ༌ནེ༌ མེད༌ཀྱག༌།
6 ཀལ༌ཏེས༌ ང༌དང༌གུན༌ནི༌ དཀོན༌མཆོག༌ ཉམ༌པོ༌ བྲེལ༌ བོར༌རད༌ ཟེར༌ཨིན༌ ཏ༌རུང༌ངའང༌ ངན༌སེམས༌ཅན༌ནི༌ མུན༌གྲིག༌གི༌ ནང༌ང༌ གྲུལ༌ལད༌ན༌,
ཏེ༌ནེ༌ ང༌དང༌གུན༌ནི༌ ཟུན༌ ཏངས༌ཏེ༌ ཀྲང༌པོའེ༌ ལམ༌མི༌ཀ༌ མི༌ཚེ༌ མ༌ཕུད༌ད༌ ཨིན༌ནོག༌།
7 ཨིན༌ནའང༌ ཀལ༌ཏེས༌ ང༌དང༌གུན༌ འོད༌དི༌ ནང༌ང༌ གྲུལ༌ལད༌ན༌,
ཀ༌ཟུག༌ དཀོན༌མཆོག༌ འོད༌དི༌ ནང༌ང༌ ཞུགས༌ཏེ༌ ཨིན༌,
ཏེ༌ནེ༌ ང༌དང༌གུན༌ ཅིག༌ དང༌ ཅིག༌ ཉམ༌པོ༌ བྲེལ༌ཏེ༌ ཨིན༌ནོག༌,
ཡང༌ ཁོང༌ངི༌ སྲས༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཁྲག༌གི༌,
ང༌དང༌གུན༌ སྡིག༌པ༌ ཚང༌མ༌ནེ༌ རྩང༌མ༌ ཛད༌ཨིན༌།
8 ཏ༌ ཀལ༌ཏེས༌ ང༌དང༌གུན༌ནི༌ སྡིག༌པ༌ མ༌ནེ༌ མ༌ཅོས༌པིན༌ ཟེར༌ན༌,
ང༌དང༌ངི༌ རང༌དང༌རང༌ང༌ གོབ༌སྐོར༌ཏེ༌ ཨིན༌ནོག༌,
ཡང༌ དེན༌བ༌ ང༌དང༌གུན༌ནི༌ ནང༌ང༌ མེད༌པ༌ ཨིན༌ནོག༌།
9 ཨིན༌ནའང༌ ཀལ༌ཏེས༌ ང༌དང༌གུན༌ནི༌ དཀོན༌མཆོག༌ག༌ ངའེ༌ སྡིག༌པ༌ ཅོས༌པིན༌ ཟེར༌ན༌,
ཨིད༌ཤེས༌ཅན༌ དང༌ ཀྲང༌པོ༌ ཐག༌ཅད༌ ཛད༌ཁན༌,
དཀོན༌མཆོག༌གི༌ ང༌དང༌གུན༌ནི༌ སྡིག༌པ༌གུན༌ལ༌ ཤགས༌པ༌ སལ༌ཏེ༌,
ང༌དང༌གུན༌ ང༌དང༌ངི༌ ལས༌ ངན༌པ༌གུན༌ནེ༌ རྩང༌མ༌ ཛད༌ཨིན༌།
10 ཀལ༌ཏེས༌ ང༌དང༌གུན༌ནི༌ ངའེ༌ སྡིག༌པ༌ མ༌ནེ༌ མ༌ཅོས༌པིན༌ ཟེར༌ན༌,
ང༌དང༌ངི༌ དཀོན༌མཆོག༌ ཟུན༌ཇན༌ ཐེ༌ཅེས༌ མ༌ཚད༌,
ང༌དང༌གུན༌ནི༌ སྙིང༌ངི༌ ནང༌ང༌ དཀོན༌མཆོག༌གི༌ བཀའེ༌ ཕིའ༌ ནས༌ས༌ མེད༌པ༌ ཨིན༌ནོག༌།