ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཉིས༌པ༌།
ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཉིས༌པའེ༌ སྐོར༌།
འི༌ ཆག༌བྲིས༌ བྲིས༌ ཚུལ༌བོ༌ ཡོ༌ཧཱ༌ནན༌ནི༌ བྲིའ༌ ཛད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌ དང༌ ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཏང༌པོ༌ ཉམ༌པོ༌ ཟོབས༌ཤེས༌ ཡང༌,
སྔུན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ནི༌ སྤང༌པོ༌ ཏང༌ཅེས༌གུན༌ནེ༌,
འི༌ ཆག༌བྲིས༌ གཙོ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ ཡོ༌ཧཱ༌ནན༌ནི༌ བྲིའ༌ ཛད༌ཁན༌བོ༌ ང༌དང༌གུན༌ལ༌ ཧ༌གོའ༌ནོག༌།
ཆོས༌སི༌ ནང༌ང༌ ཁས༌པ༌གུན༌ནེ༌ ང༌དང༌གུན༌ལ༌ འི༌ ཆག༌བྲིས༌པོ༌ ཡོ༌ཧཱ༌ནན༌ནི༌ ཆག༌བྲིས༌ ཏང༌པོའེ༌ སྟིང༌རང༌ནེ༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌,
ཀ༌བོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ལོ༌ 52-62 སི༌ ཉེ༌ཁོར༌ལ༌ ཨིན༌པིན༌།
ཡོ༌ཧཱ༌ནན༌ནི༌ འི༌ ཆག༌བྲིས༌པོ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ བུ༌མོ༌ དང༌,
ཁོའེ༌ ཕྲུ༌གུ༌གུན༌ལ༌ བྲིའད༌ མོལ༌ཏེ༌ དུག༌།
ཨིན༌ནའང༌ ཆོས༌སི༌ ནང༌ང༌ ཁས༌པ༌ མང༌པོའེ༌ ཡོ༌ཧཱ༌ནན༌ནི༌ ངོས༌པོའ༌ འི༌ ཆག༌བྲིས༌པོ༌ ཆོས༌ཚོགས༌ཤིག༌ག༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌ ཟེར༌ར༌ནོག༌།
ཏེ༌ ལྡམ༌ཁན༌ནི༌ བུ༌མོ༌བོ༌ ཆོས༌ཚོགས༌ ཡང༌ ཕྲུ༌གུ༌གུན༌ ཏད༌པ༌ཅན༌ནི༌ མི༌ རེ༌རེ༌ ཨིན༌ཁན༌བོ༌ སྟན༌ན༌ནོག༌།
འི༌ ཆག༌བྲིས༌ ཐོབ༌ཁན༌གུན༌ བུ༌མོ༌ ཡ༌ ཕྲུ༌གུ༌གུན༌ ཡ༌ ཆོས༌ཚོགས༌ སུ༌ཞིག༌ ཨིན༌ནའང༌,
འི༌བོའེ༌ ལོན༌ ཡང༌ གྱུན༌ཚན༌བོ༌ ཙོགས༌ ཡོད༌ཏེ༌ ཨིན༌ནོག༌།
ཡང༌ འི༌བོ༌ ང༌དང༌ངི༌ ཏད༌པའེ༌ ཕིའ༌ ཕན༌ཐོགས༌ཅན༌ ཨིན༌ནོག༌།
ཡོ༌ཧཱ༌ནན༌ནི༌ འི༌ ཆག༌བྲིས༌ བྲི༌ཅེས༌སི༌ གྱུན༌ཚན༌ ནི༌,
སིལ༌ཁན༌གུན༌ལ༌ ཏད༌པའེ༌ ནང༌ང༌ སྟོབས༌ཅན༌ གྱུར༌ཅེས༌ ཡང༌ མ༌ཤི༌ཀའེ༌ སྐོར༌ལ༌ ཟུས༌མའེ༌ ལབ༌ཞའ༌ ཏང༌ཁན༌གུན༌ནེ༌ སྤང༌པུད༌ཅེས༌པོ༌ ཨིན༌པིན༌།