ཐེ༌ས༌ལོ༌ནི༌ཀའེ༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌ ཉིས༌པ༌།
པ༌འུ༌ལུའི༌ ཆོགས༌ནེ༌ ཇུ༌།
1:1-2
1
ང༌,
པ༌འུ༌ལུ༌ ཡང༌ ངའེ༌ ཕྲོ༌པ༌ སི༌ལས༌a དང༌ ཏི༌མོ༌ཐི༌ གུན༌ནི༌ ཆོགས༌ནེ༌ འི༌ ཨི༌གེ༌བོ༌ དཀོན༌མཆོག༌ ང༌དང༌ངི༌ ཡབ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཨིན༌ཁན༌ནི༌ ཐེ༌ས༌ལོ༌ནི༌ཀའེ༌ ཆོས༌ཚོགས༌ལ༌ བྲིའད༌།
2 ང༌དང༌གུན༌ནི༌ ཡབ༌ དཀོན༌མཆོག༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཐུག༌རྗེ༌ དང༌ ཞི༌དེ༌ ཁྱོ༌ཞའ༌ ཚང༌མ༌ལ༌ ཐོབ༌ཤིག༌།
ནགས༌སི༌ ཏུས༌ལ༌ སྤོས༌པ༌ ཛདས༌།
1:3-12
3 ཅེས༌པའེ༌ སྤུན༌གུན༌,
ཁྱོ༌ཞའེ༌ ཕིའ༌ ང༌ཞ༌གུན༌ནི༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུ༌ཅེས༌པོ༌ འོས༌པ༌ཞིག༌ ཨིན༌ནོག༌,
ཅིའ༌ཟེར༌ན༌ ཞག༌པ༌སང༌ཞག༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ ལྡན༌ཨིན༌ སོང༌ཏེ༌ ཅིག༌ དང༌ ཅིག༌ག༌ ཅེས༌པ༌ ཅོ༌ཅེས༌པོ༌ ཕེལ༌ཨིན༌ ཆ༌དུག༌།
4 ཏེ༌བོའེ༌ཕིའ༌ ང༌ཞའེ༌,
ཁྱོ༌ཞ༌གུན༌ལ༌ རྡུག༌ངལ༌ དང༌ བར༌དོ༌ ཐོང༌ནའང༌,
ཁྱོ༌ཞ༌གུན༌ནི༌ སྙིང༌རུས༌ དང༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ ཡོད༌ཁན༌བོ༌ དཀོན༌མཆོག༌གི༌ ཞན༌ ཆོས༌ཚོགས༌གུན༌ནི༌ ནང༌ང༌ མ༌ སྤལ༌ངམས༌ ཉམ༌པོ༌ ཤད༌དད༌།
5 འི༌ ནས༌ལུག༌པོའེ༌ དཀོན༌མཆོག༌གི༌ སྡིག༌པའེ༌ཀ༌ ཁྲིམས༌ཅད༌ ཅོའ༌ ཛད༌ཅེས༌པོ༌,
འོས༌པ༌ ཨིན༌ཁན༌ སྟན༌དུག༌,
མ༌ཚད༌ ཁྱོ༌ཞ༌གུན༌ ཁོང༌ངི༌ གྱལ༌སྲིད༌དི༌ ཕིའ༌ འོས༌པ༌ཅན༌ རིག༌ གྱུར༌ ཅུག༌ག༌ནོག༌,
ཀ༌བོའེ༌ ཕིའ༌ ཁྱོ༌ཞ༌གུན༌ལ༌ རྡུག༌ངལ༌ ཐོང༌ཨིན༌ ཨིན༌ནོག༌།
6 དཀོན༌མཆོག༌ ནི༌ འོས༌པ༌ ཛད༌ཁན༌ ཞུགས༌ཏེ༌ ཨིན༌།
ཁོང༌ངི༌ ཁྱོ༌ཞའ༌ ནགས༌ སྟན༌ཁན༌གུན༌ལ༌ ནགས༌ སྟན༌ན༌ ཛད༌ཨིན༌།
7 གཙོ༌བོ༌ ཡེ༌ཤུ༌ ནམ༌ཁའ༌ནེ༌ རང༌ངི༌ སྟོབས༌ཤུག༌ཅན༌ནི༌ ཕོ༌ཉ༌གུན༌ དང༌ མེ༌ལྗབ༌ ཆེན༌མོ༌ ཉམ༌པོ༌ སྔོན༌ ཟ༌ནེ༌,
ཁོང༌ངི༌ ཁྱོ༌ཞའ༌ ནགས༌ ཁུར༌ཁན༌གུན༌ དང༌ ང༌ཞ༌གུན༌ནའང༌ ཐར༌ ཅུག༌ག༌ ཛད༌ཨིན༌།
8 ཡང༌ དཀོན༌མཆོག༌ མ༌ཤེས༌ཁན༌ དང༌ ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལ༌ ཁའ༌ མ༌ཉན༌ཁན༌གུན༌ལ༌ མེའེ༌ ཆད༌པ༌ ཕོག༌ཨིན༌།
9 ཁོང༌གུན༌ལ༌ ཐའ༌མེད༌པའེ༌ རྡུག༌ངལ༌ལི༌ ཆད༌པ༌ ཕོག༌ཨིན༌,
ཡང༌ ཁོང༌གུན༌ གཙོ༌བོ༌ དང༌ ཁོང༌ངི༌ ཟིར༌རྗིད༌ཅན༌ནི༌ ཝང༌གུན༌ནེ༌ སོ༌སོ༌ ཕེས༌ཏེ༌ བོར༌ཨིན༌།
10 ཁོང༌ ཏེ༌ ཞག༌ག༌ ཕེབས༌ས༌ཅིག༌,
ཁོང༌ང༌ ཁོང༌ངི༌ ཏམ༌པའེ༌ མི༌གུན༌ནི༌ ཆོགས༌ནེ༌ སྤལ༌ ཐོབ༌ཨིན༌,
ཡང༌ ཁོང༌ངི༌ཀ༌ ཏད༌པ༌ ཁྱོང༌ཁན༌ ཚང༌མའེ༌ ཁོང༌ང༌ སྟོད༌པ༌ ཕུལ༌ཨིན༌།
ཁྱོ༌ཞ༌གུན༌ནའང༌ ཏེ༌གུན༌ནི༌ ཕྲོའ༌ ཨིན༌ནོག༌,
ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ང༌ཞའེ༌ སྤང༌པོ༌ ཏང༌ཁན༌གུན༌ནི༌ཀ༌ ཏད༌པ༌ ཁྱོངས༌ཏེ༌ ཨིན༌ནོག༌།
11 ཏེན༌ན༌བོའེ༌ཕིའ༌ ང༌ཞ༌གུན༌ནི༌ ཏུས༌གྱུན༌ འི༌ མོས༌ལམ༌གུན༌ ཞུའད༌,
ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ བོད༌ད༌ ཛད༌ཁན༌ནི༌ འོས༌པའེ༌ མི༌ཚེ༌ རིག༌ ཕུད༌ཅུག༌ག༌ ཛད༌ཤིག༌།
ཡང༌ ཁོང༌ངི༌ ཤེད༌ གྱུད༌ཏེ༌ ཁྱོ༌ཞ༌གུན༌ནི༌ ཏད༌པའེ༌ ལས༌ ཟང༌པོ༌ ཅོ༌ཅེས༌སི༌ དོད༌པ༌ ཡོད༌ཁན༌གུན༌ གྲུབ༌ ཅུག༌ག༌ ཛད༌ཤིག༌།
12 ཏེ༌ནེ༌ ཁྱོ༌ཞའེ༌ ཏེ༌ཙོགས༌སི༌ མི༌ཚེ༌ ཕུད༌ཅེས༌སི༌ ཞས༌ཏེ༌,
ང༌དང༌ངི༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཚན༌ལ༌ རྩི༌ཝ༌ ཐོབས༌ཏེ༌,
ཁྱོ༌ཞ༌གུན༌ལའང༌ ཁོང༌ ཉམ༌པོ༌ རྩི༌ཝ༌ ཐོབ༌ཨིན༌།
འི༌ ཚང༌མ༌ ང༌དང༌གུན༌ནི༌ གཙོ༌བོ༌ དང༌ དཀོན༌མཆོག༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཐུག༌རྗེའེ༌ གྱུད༌ཏེ༌ གྲུབ༌ ཐུབ༌ཨིན༌།