༄༅། །ཕི་ལེ་མཱོན་ལུ་བྲིས་མི་ཡི་གུ་བཞུགས་སོ།།
ཕི་ལེ་མཱོན་ལེའུ་
ངོ་སྤྲོད།
ཕི་ལེ་མཱོན་གྱི་ཡི་གུ་འདི་ ང་བཅས་ཆ་ཁྱབ་ གཙོ་བོ་གི་མི་ལུ་འགྱུརཝ་ད་ མཐུན་ལམ་གྱི་ཐད་ཀ་ལུ་ འགྱུར་བ་འོང་ར་འོང་དགོ་ཟེར་བའི་སྐོར་ལས་ཨིན་མས། ཨ་ནི་ཡི་གུ་འདི་ ཨོ་ནི་སི་མཱས་ཟེར་མི་ འབྱོག་འགྱོ་མི་རྒྱོབོ་གཅིག་ པའུལ་དང་གཅིག་ཁར་འཕྱད་དེ་ དད་པ་བསྐྱེད་མི་གཅིག་ལུ་འགྱུར་བའི་སྐོར་ལས་ཨིན། ཨོ་ནི་སི་མཱས་འདི་ ཕི་ལེ་མཱོན་ཟེར་མི་དདཔ་ཅན་གཅིག་གི་རྒྱོབོ་ཨིན་མས། ཕི་ལེ་མཱོན་དེ་གཙོ་བོ་ལུ་དད་པ་བསྐྱེད་མི་དང་ ཞབས་ཕྱི་ཞུ་མི་ཅིག་ཨིནམ་ལས་ ཆོས་ཚོགས་གཅིག་ཁོ་གི་ཁྱིམ་ནང་འཛོམས་དོཝ་ཡོདཔ་མས། དེ་ལས་ པའུལ་གྱིས་ ཕི་ལེ་མཱོན་ལུ་ ངོ་ཤེས་ནི་འདི་གིས་ ཨོ་ནི་སི་མཱས་ལོག་སྟེ་རང་ ཁོ་ར་འབད་སར་ལེན་ནི་དང་ ད་ རྒྱོབོ་སྦེ་མེན་པར་ གཙོ་བོ་ནང་སྤུན་ཆ་ལུ་གུས་ཞབས་འབད་དེ་ ལེན་དོ་བཟུམ་སྦེ་ འབད་གནང་ཟེར་ པའུལ་གྱིས་ ཕི་ལེ་མཱོན་ལུ་ ཡི་གུ་བྲིས་ནུག།