༄༅། །ཏི་ཏུས་ལུ་བྲིས་མི་ཡི་གུ་བཞུགས་སོ།།
ཏི་ཏུས་ལེའུ་
ང་སྤྲོད།
ཏི་ཏུས་ཡང་ ཏི་མོ་ཐི་བཟུམ་སྦེ་ ལོ་ན་གཞོནམ་མི་གཅིག་ཨིན་མས། ཁོ་གཞོནམ་འབད་དེ་སྦེ་རུང་ ཆོས་ཚོགས་བདག་འཛིན་འཐབ་ནིའི་འགན་ཁུར་སྤྲོད་དེ་ཡོདཔ་ཨིན་མས། ཡི་གུ་འདི་ནང་གི་ལོ་རྒྱུས་ཚུ་ ཏི་མོ་ཐི་དང་པ་དང་འདྲཝ་སྦེ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ཡི་གུ་འདི་ནང་ཡང་ འགོ་འདྲེན་པ་ཚུ་ ག་དེ་སྦེ་རང་ བཙག་འཐུ་འབད་དགོཔ་ཨིན་ན་གི་སྐོར་ལས་ བཀོད་རྒྱ་ཚུ་ བྱིན་ཏེ་འདུག དེ་འབདཝ་ད་ ཏི་ཏུས་འདི་ གཞན་དང་མ་འདྲ་བའི་དེབ་གཅིག་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ འདི་ནང་ འགོ་ཐོག་གི་ཆོས་ཚོགས་ཀྱིས་ ཁོང་རང་གི་ ཁ་ལས་ཁ་བཟེད་དེ་དད་པ་བསྐྱེད་པའི་སྐོར་ལས་ གཏམ་ལེགས་ཤོམ་ གཉིས་དེམ་ཅིག་འདུག དེ་ལས་ དེ་གི་དོན་དག་དང་ ཚིག་བཅད་ཚུ་ ཁ་ལས་སྐྱོར་ཚུགསཔ་སྦེ་ཡོད། ལྷག་པར་དུ་ དདཔ་ཅན་གྱི་མི་ཚེ་ནང་ གཙོ་བོ་གི་ཕྱག་ལཱ་ཚུ་གི་སྐོར་ལས་ མདོར་བསྡུས་བྲིས་ཏེ་ཡོད།།