༄༅། །ཧིབ་རུ།།
ཧིབ་རུ་ལེའུ་
ངོ་སྤྲོད།
ཧིབ་རུ་འབྲི་དགོ་མི་གནད་དོན་གཙོ་བོ་རང་ ཡེ་ཤུ་འདི་ སྐྱབས་མགོན་རྐྱངམ་གཅིག་གི་མ་ཚད་པར་ དཀོན་མཆོག་གིས་ ཁོ་ལུ་ བླམ་གྱི་གོ་གནས་གནང་ ལྷག་པར་དུ་ འདི་བ་མཐོ་བའི་ མཁན་ཆེན་སྦེ་གོ་གནས་གནང་ཡི་ཟེར་སྟོནམ་ཨིན་མས། རྩོམ་པ་པོ་གིས་ ཡེ་ཤུའི་ཕྱག་ལཱ་འདི་ མཁན་ཆེན་གྱིས་འབད་མི་ལཱ་དང་གཅིག་ཁར་ག་བསྡུར་རྐྱབ་བལྟཝ་ད་ མཁན་ཆེན་གྱིས་འབད་མ་ཚུགས་མི་ལཱ་འདི་ ཡེ་ཤུ་གིས་ ཁོ་རང་སྐུ་སྲོག་བློས་གཏང་སྟེ་ ཁོང་ལས་དྲགཔ་སྦེ་ ཡེ་ཤུ་གིས་མཛད་ཅི་ཟེར་ བདེན་ཁུངས་སྐྱེལ་ནུག་ དེ་གིས་མ་ཚད་པར་ ཡེ་ཤུ་གིས་དཀོན་མཆོག་གི་བཀའ་སྒྲུབ་ནི་འདི་གིས་ ད་རུང་ མིའི་ལུས་ནང་བྱོན་ཏེ་ སྡུག་བསྔལ་བཞེསཔ་ལས་བརྟེན་ ཁོ་གིས་ང་བཅས་ཀྱི་སྐོར་ལས་མཁྱེན་ཟེར་མཐོང་ཚུགས་ དེ་ལས་ ཁོ་མཁན་ཆེན་འབད་ནི་དེ་གིས་ དཀོན་མཆོག་གི་སྐུ་མདུན་ལུ་ ང་བཅས་ཀྱི་དོན་ལུ་ གསོལཝ་བཏབ་སྟེ་བཞུགསཔ་ཨིན་ ཡེ་ཤུ་ ཁོ་ཁོ་རང་གི་སྐུ་སྲོག་མཆོདཔ་སྦེ་ཕུལ་མི་དེ་ ག་ནི་བ་རྩ་ཅན་སྦེ་མཐོངམ་ལས་བརྟེན་ རྩོམ་པ་པོ་གིས་ དད་པ་བསྐྱེད་དེ་སྡོད་པའི་ཤུལ་ལས་ གཙོ་བོ་ལས་རྒྱབ་ལོག་འགྱོ་མི་ཚུ་ ན་འཐན་སྦེ་དྲན་པ་བཏོན་དགོ་ཟེར་འབྲིཝ་ཨིན་མས། དེབ་ཀྱི་ཚིག་བརྗོད་གཅིག་ནང་ དེ་སྦེ་འབྲིཝ་ཨིན་མས་ ཨ་ནི་མི་དེ་ཚུ་ ཡེ་ཤུ་གི་སྐུ་ཁྲག་འདི་ལུ་ རྐངམ་གི་བསྣད་པའི་ འཛོལ་བ་ཡོད་ (ཧིབ་རུ་ ༡༠༔༢༩)། དེ་ལས་ ཁོང་ཡི་གུ་ལྷག་མི་ཆ་ཁྱབ་ལུ་ གདོང་ལན་དམ་དམ་ ཧིབ་རུ་ལེའུ་༡༠༔༣༩་ནང་དེ་སྦེ་བྲིས་ནུག་ ང་བཅས་རྒྱབ་བཤུད་རྐྱབ་མི་ མེདཔ་ཐལ་འགྱོ་མི་ཚུ་གི་གྲལ་ལས་མེན་ དེ་འབདཝ་ད་ དད་པ་བསྐྱེད་དེ་ ཐར་པ་ཐོབ་མི་ཚུ་གི་གྲལ་ལས་ཨིན་ནོ།།