༄༅། །ཏི་མོ་ཐི་ལུ་བྲིས་མི་ཡི་གུ་དང་པ་བཞུགས་སོ།།
ཏི་མོ་ཐི་དང་པ་ལེའུ་
ང་སྤྲོད།
ཏི་མོ་ཐི་འདི་ཕོ་སྐྱེས་གཞོནམ་གཅིག་ཨིན་མས། པའུལ་གྱིས་ཁོ་ལུ་ ཁོ་རའི་བུ་ངོ་མ་བཟུམ་སྦེ་ཆ་བཞག་ནུག ཁོ་ལུ་དཀོན་མཆོག་ནང་འཁྱིད་འོང་མི་ཡང་ *པའུལ་ཁོ་རང་ཨིན་མས། པའུལ་ཕར་དང་ཚུར་ཆོས་བཤད་པར་འགྱོཝ་ད་ ཏི་མོ་ཐི་ལུ་ཡང་ཁོ་རང་དང་གཅིག་ཁར་ཚར་ལེ་ཤ་འཁྱིད་སོང་ནུག ཤུལ་ལས་ པའུལ་གྱིས་ ཨི་ཕི་སི་ནང་ཡོད་མི་ཆོས་ཚོགས་ བདག་འཛིན་འཐབ་ནི་གི་འགན་ཁུར་དེ་ཁོ་གུ་བཀལ་ནུག ད་ ཡི་གུ་འདི་ནང་ ཏི་མོ་ཐི་གིས་འབད་དགོ་པའི་འགན་ཁུར་ཚུ་ ག་ཅི་ཨིན་ན་དང་ ག་ཅི་སྟོན་དགོཔ་ཨིན་ན་ དེ་ལས་ སྡེ་ཚན་སོ་སོ་ཚུ་ ག་དེ་སྦེ་བདག་འཛིན་འཐབ་ནི་ཨིན་ན་དང་ ཆོས་ཚོགས་ནང་ལུ་ སྟབས་མ་བདེཝ་དེ་ཚུ་མཐོནམ་ད་ ག་དེ་སྦེ་རང་ འབད་དགོཔ་ཨིན་ན་ ལྷག་པར་དུ་ འགོ་འདྲེན་པ་ཚུ་ག་དེ་སྦེ་བཀལ་དགོཔ་ཨིན་ན་ དེ་ཚུ་གི་སྐོར་ལས་ གསལ་བཤད་འབད་དེ་ཡོད། དེབ་འདི་ འགོ་འདྲེན་པ གཅེས་སྐྱོངས་འབད་མི་དང་ འགན་ཁག་འབག་སྟེ་ ལཱ་འབད་ནིའི་སྐོར་ལས་ཡང་ཨིན།།