༄༅། །ཐེ་ས་ལོ་ནི་ཀ་གི་ཆོས་ཚོགས་ལུ་བྲིས་མི་ཡི་གུ་གཉིས་པ་བཞུགས་སོ།།
ཐེ་ས་ལོ་ནི་ཀ་གཉིས་པ་ལེའུ་
ངོ་སྤྲོད།
ཐེ་ས་ལོ་ནི་ཀ་གཉིས་པ་བྲིས་དགོ་མི་ རྒྱུ་མཚན་ངོ་མ་རང་ གཙོ་བོ་ ལོག་འབྱོན་ནིའི་སྐོར་ལས་ དོན་དག་ཕྱི་འགྱུར་གོ་མི་འདི་ བཅོ་ཁ་རྐྱབ་ནི་སྦེ་ཨིན་མས། མི་ལ་ལུ་ཅིག་ ཉིནམ་འདི་ འཕྲལ་མགྱོགས་རང་འབྱུང་ནི་ཨིན་མས་ཟེར་ མནོ་སྟེ་ ལཱ་ག་ནི་ཡང་མ་འབད་བར་ སྒུག་སྟེ་ དེ་སྦེ་རང་སྡོད་དོཝ་ཨིན་མས། དེའི་ཤུལ་ལས་ པའུལ་གྱིས་ གཙོ་བོ་མ་འབྱོན་པའི་ཧེ་མ་ ག་ཅི་དང་ག་ཅི་ར་ འབྱུང་དགོཔ་ཡོདཔ་ཨིན་ན་ དེ་ཚུ་གི་སྐོར་ལས་ ཁོང་ལུ་དྲན་གསོ་འབད་ནུག ཡི་གུ་འདི་ནང་ པའུལ་གྱིས་ ཁོང་ཆ་ཁྱབ་ དལཝ་མ་སྡོད་པར་ ལཱ་འབད་དགོ་པའི་ འགན་ཁག་འབག་སྟེ་ ངེས་པར་དུ་ལག་ལེན་འཐབ་བཅུག་ནུག ཐེ་ས་ལོ་ནི་ཀ་ལུ་བྲིས་མི་ཡི་གུ་ དེ་ལས་ འདི་ཚུ་དང་གཅིག་ཁར་ གཏམ་བཟང་གི་དེབ་ཚུ་དང་ པེ་ཏྲོ་གཉིས་པ་དང་ མ་འོང་ལུང་བསྟན་ཚུ་ནང་ གཙོ་བོ་ལོག་སྟེ་འབྱོན་ནིའི་སྐོར་ལས་ སློབ་སྟོན་ཚུ་ཐོབ་ཚུགས།།